ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་སྒྲིག་གཞིས། སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་ཞིབ་ཚགས་བྱས་ནས་རིམས་ནད་ཐག་གཅོད་ལ་དམ་འཛིན་ནུས་ལྡན་བྱས་ཡོད་ཅེས་བསྟན་པ།

2022-11-30 19:23:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་29ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་སྒྲིག་གཞིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ནས། སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་ཞིབ་ཚགས་བྱས་པ་དང་། རིམས་ནད་ཐག་གཅོད་ལ་དམ་འཛིན་ནུས་ལྡན་བྱས་པའི་སྐོར་གྱི་གནས་ཚུལ་ངོ་སྤྲོད་གནང་ཡོད།

མིག་སྔར། རྒྱལ་ཡོངས་ཀྱི་རིམས་ནད་གནས་ཚུལ་སྤྱི་ཡོངས་ནས་མགྱོགས་མྱུར་ཚབས་ཆེར་འགྲོ་བའི་འཕེལ་ཕྱོགས་མངོན་པ་དང་། རིམས་ནད་ཁྱབ་ཚད་རྒྱ་ཆེན་པོ་ཡོད་ཅིང་། ས་ཁུལ་གཅིག་ལ་རིམས་ནད་གཞི་ཁྱོན་རང་བཞིན་གྱི་བསྐྱར་ལོག་བྱེད་པའི་ཉེན་ཁ་འཕྲད་ཡོད། རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གི་གསར་འགྱུར་མགྲིན་ཚབ་པ་མེ་ཧྥང་གིས། ཞིབ་དཔྱད་ཚད་ལེན་དང་། འགྲོ་སྐྱོད་བརྟག་དཔྱད་མཇུག་འབྲས་ལ་གཞིགས་ནས་ཉེན་ཁར་བརྡར་ཤ་ཡག་པོ་གཅོད་པ་དང་། གནས་ལ་འཕིགས་པའི་ངང་ཉེན་ཁའི་ས་ཁོངས་གཏན་འཁེལ་བྱེད་དགོས། བཀག་འགོག་དོ་དམ་བྱེད་སྐབས་མགྱོགས་པོ་བཀག་པ་དང་མགྱོགས་པོ་གློད་པ་དང་། གློད་དགོས་པ་ཚང་མ་གློད་ནས། རིམས་ནད་ཀྱིས་མང་ཚོགས་ལ་སྟབས་བདེ་མེད་པ་བཟོ་ཚད་ཆུང་དུ་གཏོང་དགོས། ཚན་རིག་དང་མཐུན་པའི་ངང་རིགས་དབྱེ་ནས་ནད་དུག་འགོས་པའི་ནད་པར་སྨན་བཅོས་བྱེད་པ་དང་། བྱིས་པ་དང་རྒན་རྒོན། རྨང་གཞིའི་རང་བཞིན་གྱི་ནད་གཞི་ཡོད་པའི་ནད་པ་བཅས་ལ་སྨན་བཅོས་དང་ལྟ་སྐྱོང་ཡག་པོ་བྱས་ནས། ནད་པ་གང་མགྱོགས་དྲག་སྐྱེས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
རྒྱལ་ཁབ་ནད་ཡམས་ཚོད་འཛིན་ཅུས་ལྟ་སྐུལ་སེ་དང་པོའི་སེ་ཀྲང་ཁྲེང་ཡུའོ་ཆོན་གྱིས། ས་གནས་ཁག་གིས་རིམ་པ་བཞིན་ནན་དུ་གཏོང་བར་བཅོས་སྒྲིག་བྱེད་པའི་ཆེད་ལས་ཚོགས་ཆུང་བཙུགས་ཡོད་པ་དང་། མཉམ་འགོག་མཉམ་འཛིན་སྒྲིག་གཞིའི་ཕྱོགས་བསྡུས་ཚོགས་ཆུང་གིས་ཉིན་ལྟར་བཀོད་གཏོང་བྱེད་ཀྱི་ཡོད། ས་གནས་ཁག་གི་མང་ཚོགས་ནས་སྙན་གསེང་ཞུས་པའི་གནད་དོན་ཐད། འབྲེལ་ཡོད་ས་གནས་ལ་བརྒྱུད་སྤྲོད་བྱས་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་སྒྲིག་གཞིས། སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་ཞིབ་ཚགས་བྱས་ནས་རིམས་ནད་ཐག་གཅོད་ལ་དམ་འཛིན་ནུས་ལྡན་བྱས་ཡོད་ཅེས་བསྟན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་29ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་སྒྲིག་གཞིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ནས། སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་ཞིབ་ཚགས་བྱས་པ་དང་།