ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ས་གནས་ཁག་གིས་ཚན་རིག་དང་མཐུན་ཞིང་གནད་ལ་འཕིགས་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་མཐའ་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགན་ལེན་བྱས་པ།

2022-11-30 19:19:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་ཁག་གིས་ཚན་རིག་དང་མཐུན་ཞིང་གནད་ལ་འཕིགས་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་ཉིང་སྐྱུར་ཞིབ་དཔྱད་ཞབས་ཞུ་སྔར་བས་ལེགས་སུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་འགན་ལེན་བྱས་ཡོད་པ་རེད།

མིག་སྔར་པེ་ཅིང་གྲོང་ཁྱེར་གྱི་རིམས་ནད་འགོས་ཁྱབ་འགྲོ་ཚུལ་སྔར་བཞིན་ཅུང་མགྱོགས་པའི་དུས་སྐབས་སུ་གནས་ཡོད། པེ་ཅིང་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལིའུ་ཞའོ་ཧྥེང་གིས། གཙོ་གནད་ས་ཁོངས་ཀྱི་རིམས་འགོག་དོ་དམ་དང་ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས། ས་ཁུལ་ཁག་གིས་པར་གཞི་དགུ་པའི་སྔོན་འགོག་ཚོད་འཛིན་ཇུས་གཞི་དང་ལེགས་གཏོང་བྱ་ཐབས་ཀྱི་དོན་ཚན་ཉི་ཤུ་པར་གཞིགས་ནས་ཉེན་ཁ་ཆེ་བའི་ཁུལ་ནང་ཁུལ་གྱི་མི་སྣ་ཡོངས་ཀྱི་གཞི་གྲངས་ཁོང་དུ་ཆུད་པ་བྱས་རྗེས། བླང་བྱ་ལྟར་བདེ་ཐང་ལྟ་ཞིབ་ཚད་ལེན་དང་། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན། གདོད་འགོག་རང་དཔྱད་བཅས་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

ཁྲའོ་དབྱང་ཁུལ་གྱི་འགོ་འཛིན་གཞོན་པ་མེང་རུའེ་ཡིས་ཁྲའོ་དབྱང་ཁུལ་གྱིས་ས་ཁོངས་རིམས་ནད་འགོས་ཁྱབ་འགྲོ་ཚུལ་དང་ཟུང་འབྲེལ་བྱས་ནས་ཚན་རིག་དང་མཐུན་པའི་དཔྱད་དཔོག་བྱས་འབྲས་ཀྱི་རྨང་གཞིའི་ཐོག་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་ཞབས་ཞུ་སྔར་བས་ལེགས་སུ་གཏོང་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་བ་རེད།

མེང་རུའེ་ཡིས། དམིགས་ས་ཡོད་པའི་སྒོ་ནས་མི་ཚོགས་ཁག་གཅིག་ལ་ཞིབ་བཤེར་བྱེད་རྒྱུ་མིན་པ་དང་། ཞིབ་བཤེར་བྱེད་འདོད་ཡོད་རིགས་ལ་ཞིབ་བཤེར་བྱེད་རྒྱུ་དང་། ཡུན་རིང་ཁྱིམ་སྡོད་རྒན་རྒོན་དང་། ཉིན་རེར་དྲ་ཐོག་སློབ་ཚན་ཉན་པའི་སློབ་མ། ཕྲུ་གུ་དམར་འབྱར་དང་བྱིས་པ་སོགས་སྤྱི་ཚོགས་ངོས་སུ་མི་ཐོན་པའི་མི་སྣར། གལ་སྲིད་ཕྱིར་སྐྱོད་པའི་དགོས་མཁོ་མེད་ཚེ་ཉིན་རེར་ཉིང་སྐྱུར་ཞིབ་དཔྱད་ནང་མ་ཞུགས་ན་ཆོག་པ་ཡིན་ཞེས་གསུངས་པ་རེད།

ཉེ་ཆར་ཀོང་ཀྲོའུ་ཡི་ཁུལ་མང་པོ་ཞིག་གིས་སྤྱི་ཚོགས་ཐོག་གི་སྔོན་འགོག་ཚོད་འཛིན་བྱེད་ཐབས་དང་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་ཐབས་ཇུས་སོགས་ལེགས་སྒྲིག་བྱས་ཏེ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་སྣ་འགྲོ་འོང་ཉུང་དུ་བཏང་བ་དང་རིམས་ནད་མཆེད་པའི་ཉེན་ཁ་ཆུང་དུ་བཏང་ཡོད། ལི་ཝན་ཆུས་ཀྱི་གྲོང་མི་ལི་པོའོ་ཡིས། འདི་ལོ་ལོ་66ལ་སླེབས་སོང་། ཚ་མོ་ཁྱིམ་དུ་དྲ་ཐོག་སློབ་ཚན་ཉན་གྱི་ཡོད། སྒོ་ནས་ཐོན་མི་དགོས་པས་ཉིང་སྐྱུར་ཞིབ་དཔྱད་མ་བྱས་ན་འགྲིག་གི་འདུག བྱེད་སྟངས་འདི་རིགས་ཡག་པོ་འདུག ང་ཚོའི་འཚོ་བར་མཚོན་ན་ཡང་ཅུང་སྟབས་བདེ་པོ་འདུག་ཅེས་གསུངས་པ་རེད།

ཧའེ་ཀྲུའུ་ཁུལ་གྱིས་ཁུལ་དང་རིགས་དབྱེ་ནས་སྲིད་ཇུས་ལག་བསྟར་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་བཞིན་ཡོད། ཁེ་ལས་ཁག་དང་ལས་སྒྲུབ་ཐོག་ཁང་སོགས་ཀྱིས་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རིམ་བཞིན་སླར་གསོ་བྱེད་བཞིན་ཡོད་པ་རེད།

སྤྱི་ཚེས་29ཉིན་བར། ཁྲུང་ཆིང་དུ་སྤྱི་ཚོགས་ཐོག་ནད་པ་ཐོན་ཚད་ཉིན་བཞི་བསྟུད་མར་ཆག་ཡོད། འོན་ཀྱང་གྲོང་ཁྱེར་དེ་ཡོངས་ཀྱི་རིམས་ནད་སྔར་བཞིན་ཐོན་མང་ཙམ་ཡོད། རིམ་ཁག་ཚན་པ་ཁག་གིས་རིམས་ནད་བྱུང་ཚུལ་ཐག་གཅོད་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་བ་དང་། མྱུར་ཚད་མགྱོགས་སུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད། ཁྲུང་ཆིང་གྲོང་ཁྱེར་ཅིའུ་ལུང་ཕོ་ཆུས་ཤའེ་ཅ་ཝན་ཁྲོམ་གཞུང་ཧོང་ཅ་གྲུ་ཁ་སྡེ་ཁུལ་གྱི་གྲོང་མི་ལི་ཀྲེན་ཡུས་ཀྱིས། ད་ཆ་ང་ཚོའི་སྡེ་ཁུལ་དེའི་འཚོ་བར་གོ་རིམ་ལྡན་པ་དང་མྱུར་སྐྱེལ་རྒྱུན་གཏན་ལྟར་ལེན་སྐྱེལ་བྱེད་ཐུབ་ཀྱི་འདུག་ལ། དང་བླངས་པས་དུག་སེལ་ཡང་བྱེད་པ་མ་ཟད། སྔོ་ཚལ་དྲ་ཐོག་ནས་ཉོ་སྒྲུབ་ཀྱང་བྱེད་ཐུབ་ཀྱི་འདུག གྲོང་མི་ཞིག་ཡིན་པའི་ངོས་ནས་ང་ཚོས་ཀྱང་རྒྱལ་ཁབ་ཀྱི་རིམས་འགོག་སྲིད་ཇུས་ལ་གཞོགས་འདེགས་བྱེད་དགོས་ཞེས་གསུངས་པ་རེད།

མིག་སྔར་ཝུའུ་ལུམ་མུའུ་ཆི་གྲོང་ཁྱེར་དུ་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རིམ་བཞིན་སླར་གསོ་བྱེད་བཞིན་ཡོད། ཝུའུ་ལུམ་མུའུ་ཆི་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་ལི་ཆང་གིས། ཁག་དང་པོའི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་12སླར་གསོ་བྱས་ཟིན་པ་དང་། བོགས་གཏོང་རླངས་འཁོར་གྱི་སྐྱེལ་འདྲེན་ཞབས་ཞུ་རིམ་གྱིས་མཁོ་འདོན་བྱ་རྒྱུ་ཡིན། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དང་མཐུན་པ་དང་འཁོར་སྐྱོད་ཀྱི་ཆ་རྐྱེན་དང་འཚམ་པ་མ་ཟད། གཏོགས་ཁོངས་སྡེ་ཁུལ་གྱིས་ཞིབ་འཇུག་དང་བརྡར་ཤ་བཅད་ནས་མོས་མཐུན་བྱས་པའི་བོགས་གཏོང་རླངས་འཁོར་རྒྱུན་གཏན་ལྟར་ལས་གཉེར་བྱེད་ཆོག་གི་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་མུ་མཐུད་ལེགས་སུ་ཕྱིན་པ་དང་ཆབས་ཅིག་ཕྱོགས་བསྡུས་ཞིབ་འཇུག་བརྡར་གཅོད་བྱས་རྗེས། ཝུའུ་ལུམ་མུའུ་ཆི་གྲོང་ཁྱེར་གྱིས་སྒེར་གྱི་རླངས་འཁོར་དུས་ཐོག་དང་གོ་རིམ་ལྡན་པའི་ངང་ཕྱིར་བསྐྱོད་དུ་འཇུག་རྒྱུ་ཡིན་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ས་གནས་ཁག་གིས་ཚན་རིག་དང་མཐུན་ཞིང་གནད་ལ་འཕིགས་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་མཐའ་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགན་ལེན་བྱས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་ཁག་གིས་ཚན་རིག་དང་མཐུན་ཞིང་གནད་ལ་འཕིགས་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་ཉིང་སྐྱུར་ཞིབ་དཔྱད་ཞབས་ཞུ་སྔར་བས་ལེགས་སུ་བཏང་སྟེ།