ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཁེ་ཆང་གིས་རེས་སྐོར་བརྒྱད་པའི་ཀྲུང་ལྗར་གྱི་ཁེ་ལས་མཁས་པ་དང་དེ་སྔའི་མཐོ་རིམ་དཔོན་རིགས་ཀྱི་གླེང་མོལ་ཚོགས་འདུའི་ཐོག་ཤིས་ཚིག་གསུངས་པ།

2022-11-29 15:54:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཚེས་28ཉིན་རེས་སྐོར་བརྒྱད་པའི་ཀྲུང་གོ་དང་ལྗར་པན་གྱི་ཁེ་ལས་མཁས་པ་དང་དེ་སྔའི་མཐོ་རིམ་དཔོན་རིགས་ཀྱི་གླེང་མོལ་ཚོགས་འདུའི་ཐོག་བརྙན་མཐོང་ཤིས་ཚིག་གསུངས་པ་རེད།
 ལི་ཁེང་ཆང་གིས། ཀྲུང་གོ་དང་ལྗར་པན་ནི་གནས་སྤོ་མི་ཐུབ་པའི་ཁྱིམ་མཚེས་ཡིན་ཞིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་འགྲོ་རྒྱུ་དེ་ཕྱོགས་གཉིས་པོའི་ཁེ་ཕན་དང་མཐུན་ཡོད་ལ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་སྐྱིད་ལའང་ཕན་ཐོགས་ཡོད་པ་མ་ཟད། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། གོང་འཕེལ་བཅས་ལའང་ཕན་ཐོགས་ཡོད། ཕྱོགས་གཉིས་པོས་ཞི་བའི་མཛའ་གྲོགས་མཉམ་གནས་ཐད་འབད་བརྩོན་བྱེད་པ་དང་། ཀྲུང་གོ་དང་ལྗར་པན་གྱི་ཆབ་སྲིད་ཡིག་ཆ་བཞིའི་ནང་གཏན་འཁེལ་བྱས་པའི་རྩ་དོན་ཁག་ལ་བརྩི་སྲུང་ཞུས་ཏེ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་ནས། ཞི་བའི་ཕྱི་རོལ་གྱི་ཁོར་ཡུག་དང་བརྟན་ལྷིང་གི་མཐའ་འཁོར་གྱི་ཁོར་ཡུག་ལ་སྲུང་སྐྱོང་བྱེད་དགོས། ཀྲུང་གོའི་ཕྱོགས་ནས་ལྗར་པན་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དེ་བས་ལེགས་པའི་གཉིས་ཕན་མཉམ་རྒྱལ་ཡོང་བ་བྱེད་འདོད་ཡོད་ཅེས་གསུངས་འདུག
 ལི་ཁེ་ཆང་གིས། ཕྱི་ཕྱོགས་སྒོ་དབྱེ་ནི་ཀྲུང་གོའི་གཞི་རྩའི་རྒྱལ་ཇུས་ཤིག་ཡིན། ང་ཚོས་སྒོ་དབྱེའི་ཁྲོད་རང་ཉིད་འཕེལ་རྒྱས་བཏང་བ་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད་ལ། འཛམ་གླིང་ལའང་ཕན་ཐོགས་ཡོད། ཀྲུང་གོའི་སྒོ་དབྱེའི་སྒོ་མོ་རྒྱག་མི་སྲིད་ལ་རྒྱག་དགོས་པའི་རྒྱུ་མཚན་ཡང་མེད། ང་ཚོས་རང་མོས་དང་གཞུང་དྲང་ཉོ་ཚོང་རྒྱུན་འཁྱོངས་བྱས་ནས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཟམ་མི་ཆད་པར་བསྐྲུན་རྒྱུ་ཡིན། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཁྲོམ་ར་ཆེན་པོ་དང་རྒྱལ་ཁབ་ཁག་གིས་མ་དངུལ་གཏོང་ཡུལ་ཡིན་པས། རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་ཀྲུང་གོ་དང་མཉམ་ལས་བྱེད་རྒྱ་མུ་མཐུད་ཆེ་རུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག མིག་དམར་རྒྱལ་པོ།
ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ལི་ཁེ་ཆང་གིས་རེས་སྐོར་བརྒྱད་པའི་ཀྲུང་ལྗར་གྱི་ཁེ་ལས་མཁས་པ་དང་དེ་སྔའི་མཐོ་རིམ་དཔོན་རིགས་ཀྱི་གླེང་མོལ་ཚོགས་འདུའི་ཐོག་ཤིས་ཚིག་གསུངས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཚེས་28ཉིན་རེས་སྐོར་བརྒྱད་པའི་ཀྲུང་གོ་དང་ལྗར་པན་གྱི་ཁེ་ལས་མཁས་པ་དང་དེ་སྔའི་མཐོ་རིམ་དཔོན་རིགས་ཀྱི་གླེང་མོལ་ཚོགས་འདུའི་ཐོག་བརྙན་མཐོང་ཤིས་ཚིག་