ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

འགྲིམ་འགྲུལ་སྐྱེལ་འདྲེན་པུས“གཏན་འགོག་ལྔ”ཡི་བླང་བྱ་བཏོན་འདུག

2022-11-26 16:08:00     责编:桑吉卓玛

སྤྱི་ཟླ་11པའི་ཚེས་25ཉིན་གྱི་སྔ་དྲོ། གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ཟླ་11པའི་འཆར་ཅན་གྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་དུས་ས་ཁུལ་ཁ་ཤས་ཀྱིས “བརྒྱ་ཁ་གཅིག་གཅོད”ཀྱི་བྱེད་སྟངས་སྤྱད་དེ་ཟོག་འདྲེན་རླངས་འཁོར་གྱི་འགྲོ་སྐྱོད་ལ་ཚོད་འཛིན་བྱེད་པ་དང་། ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བར་ཡུལ་དངོས་སུ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་འབྲས་སྒུག་དགོས་པའི་བླང་བྱ་བཏོན་པ། དེ་བཞིན་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བའི་འཚོ་བའི་ཞབས་ཞུ་འགན་ལེན་ཡག་པོ་མ་བྱུང་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། འགྲིམ་འགྲུལ་སྐྱེལ་འདྲེན་པུས་ཚད་མཐོའི་མཐོང་ཆེན་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཟོག་འགྲེམས་ཤར་གཏོང་འགན་ལེན་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ། སྤྱི་འདོམས་བཀོད་གཏོང་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། གནད་དོན་བསྒྲུབ་རྒྱུར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཟོག་འདྲེན་རླངས་འཁོར་ཤར་བགྲོད་ཐུབ་རྒྱུར་འགོག་རྐྱེན་བཟོ་བའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་འགྲིམ་འགྲུལ་ཟོག་འགྲེམས་ཤར་གཏོང་ཐུབ་རྒྱུར་འགན་ལེན་བྱས་ཡོད།

འགྲིམ་འགྲུལ་སྐྱེལ་འདྲེན་པུས“གཏན་འགོག་ལྔ”ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ས་གནས་ཁག་གིས་ཚན་རིག་དང་གནད་སྨིན་གྱི་སྒོ་ནས་འགྲོ་སྐྱོད་དོ་དམ་ཚོད་འཛིན་བྱ་ཐབས་ལག་བསྟར་བྱ་རྒྱུར་སྐུལ་འདེད་དང་མཛུབ་ཁྲིད་བྱས་ནས“གཏན་འགོག་ལྔ”ཏན་ཏིག་ཐུབ་པ་བྱེད་དགོས་པ་སྟེ། འགྲིམ་འགྲུལ་དང་ཟོག་འགྲེམས་ཀྱི་རྨང་གཞིའི་སྒྲིག་བཀོད་རང་མཚམས་ཀྱིས་སྒོ་རྒྱག་པ་དང་སྐྱེལ་འདྲེན་ཞབས་ཞུ་ཚོད་འཛིན་བྱེད་པར་གཏན་འགོག་བྱེད་པ། “བརྒྱ་ཁ་གཅིག་གཅོད”ཀྱི་བཀག་སྡོམ་ས་ཁོངས་ཀྱི་མཇུག་སྣེའི་ཟོག་འགྲེམས་སྡེབ་སྐྱེལ་ཚོད་འཛིན་བྱ་རྒྱུར་གཏན་འགོག་བྱེད་པ། “འཇགས་སྡོད”དོ་དམ་མམ་ཡང་ན་བཀག་སྡོམ་དོ་དམ་བྱེད་པའི་གྲོང་ཁྱེར་གྱི་ཟོག་འདྲེན་རླངས་འཁོར་འགྲོ་སྐྱོད་ཚོད་འཛིན་མཐའ་གཅིག་ཏུ་ཚོད་འཛིན་བྱེད་པར་གཏན་འགོག་བྱེད་པ། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་འབྲས་སྒུག་པར་ཁ་གཡར་ནས་ཟོག་འདྲེན་རླངས་འཁོར་འགྲོ་སྐྱོད་ལ་ཚོད་འཛིན་བྱེད་པར་གཏན་འགོག་བྱེད་པ། དེ་བཞིན་རླངས་འཁོར་གཏོང་ས་དང་ཐེམ་ཐོ་གནས་ཡུལ་ལ་བརྟེན་ནས་ཟོག་འདྲེན་རླངས་འཁོར་འགྲོ་སྐྱོད་ལ་ཚོད་འཛིན་བྱེད་པར་གཏན་འགོག་བཅས་བྱས་ནས། རིམས་ནད་ཐོན་སའི་ས་ཁུལ་དུ་འགྲོ་སྐྱོད་བྱེད་པའི་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བར“འཕྲལ་མར་ཉིང་སྐྱུར་ཞིབ་དཔྱད་བྱེད་པ་དང་འཕྲལ་མར་འགྲོ་རུ་འཇུག་པ། དེ་བཞིན་འཕྲལ་མར་རྗེས་སྙེག་བྱེད་པ”བཅས་ཀྱི་ཐོག གདུབ་ཟུམ་དོ་དམ་སྣོན་པའི་བླང་བྱ་དོན་འཁྱོལ་བྱས་ཏེ། ཤར་བགྲོད་བདེ་བླག་ཐུབ་རྒྱུར་འགན་ལེན་བྱེད་དགོས།

དུས་མཚུངས་སུ། ཞུ་གཏུག་དང་ཐེར་འདོན་བྱེད་པའི་ལམ་བུ་ཤར་བགྲོད་ཐུབ་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་པུས། ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བར་འགྲོ་སྐྱོད་དོ་དམ་ཚོད་འཛིན་ཚད་ལས་བརྒལ་བའི་གནད་དོན་འཕྲད་ཚེ་འབྲེལ་ཡོད་ཁ་པར་བརྒྱབ་ནས་ཞུ་གཏུག་དང་ཐེར་འདོན་བྱེད་ཆོག་ལ་དེ་མིན་12328འགྲིམ་འགྲུལ་སྐྱེལ་འདྲེན་ཞབས་ཞུའི་ལྟ་སྐུལ་ཐད་སྦྲེལ་ཁ་པར་བརྒྱབ་པའམ་ཡང་ན་12328སྐད་འཕྲིན་གྱི་འགྲོ་རིམ་ཆུང་ངུ་བརྒྱུད་ཞུ་གཏུག་དང་ཐེར་འདོན་བྱེད་ཆོག འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་འཕྲལ་མར་སྦྲེལ་མཐུད་དང་འཕྲལ་མར་བརྒྱུད་འདྲེན། དེ་བཞིན་འཕྲལ་མར་བསྒྲུབ་པ་བཅས་བྱས་ཏེ། བྱ་བ་རེར་མཐུན་སྦྱོར་རེའི་སྒོ་ནས་འགྲོ་སྐྱོད་དོ་དམ་ཚོད་འཛིན་ཚད་ལས་བརྒལ་བའི་གནད་དོན་ཐག་གཅོད་བྱས་ཏེ། ཟོག་འདྲེན་རླངས་འཁོར་ཤར་བགྲོད་ཐུབ་རྒྱུར་འགན་ལེན་བྱ་རྒྱུ་ཡིན་ཞེས་བསྟན་འདུག

ས་གནས་ཁ་ཤས་སུ་ཐོན་པའི་རང་དགར་ནན་དུ་གཏོང་བ་དང“བརྒྱ་ཁ་གཅིག་གཅོད”སོགས་ཀྱི་འགྲོ་སྐྱོད་དོ་དམ་ཚོད་འཛིན་ཚད་ལས་བརྒལ་བའི་གནད་དོན་ལ་དམིགས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་པུས། གནད་དོན་སྤོ་སྒྲུབ་དང་རིམ་གསུམ་ལྟ་སྐུལ་སྤྱི་འདོམས་ལ་ཤུགས་སྣོན་བརྒྱབ་ནས། བཀོད་གཏོང་སྒྲུབ་གཉེར་བྱས་ཚུལ་ལ་རྒྱུན་མཐུད་རྗེས་སྙེག་བྱས་ཏེ། གནད་དོན་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་ཐུབ་རྒྱུར་འགན་ལེན་བྱེད་དགོས། མང་ཚོགས་ཀྱིས་བསམ་འཆར་འདོན་མང་ཤོས་དང་ཡང་ཡང་ཐོན་པའི་གནད་དོན་ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་ནས་ཁ་གསལ་ཡོང་བར་བྱས་ཏེ། ཉེན་ཟོན་ཟིལ་གནོན་ལ་ཤུགས་སྣོན་བརྒྱབ་སྟེ་རང་དགར་ནན་དུ་གཏོང་བ་དང“བརྒྱ་ཁ་གཅིག་གཅོད”སོགས་ཀྱི་གནད་དོན་བསྐྱར་ལོག་ཐེབས་རྒྱུར་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
སྒྲིག་སྒྱུར། འབྲུག་འཚོ་སྐྱིད།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

འགྲིམ་འགྲུལ་སྐྱེལ་འདྲེན་པུས“གཏན་འགོག་ལྔ”ཡི་བླང་བྱ་བཏོན་འདུག

སྤྱི་ཟླ་11པའི་ཚེས་25ཉིན་གྱི་སྔ་དྲོ། གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ཟླ་11པའི་འཆར་ཅན་གྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་དུས་ས་ཁུལ་ཁ་ཤས་ཀྱིས “བརྒྱ་ཁ་གཅིག་གཅོད”ཀྱི་བྱེད་སྟངས་སྤྱད་དེ་ཟོག་འདྲེན་རླངས་འཁོ