ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཝུའུ་དབྱི་ཧྥན་གྱིས་ཁྲལ་སྐུང་པར་ཆད་པ་སྒོར་དུང་ཕྱུར་6བཅད་འདུག

2022-11-26 16:06:00     责编:桑吉卓玛

སྤྱི་ཚེས་25ཉིན་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་པེ་ཅིང་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་གཞུང་ཕྱོགས་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། ཐོག་མའི་དུས་སུ་པེ་ཅིང་གྲོང་ཁྱེར་ཁྲལ་དོན་ཅུས་ཞིབ་བཤེར་ཅུས་གཉིས་པས་འབྲེལ་ཡོད་ཕྱོགས་ཀྱི་ཁུངས་སྣེ་དང་ཁྲལ་བསྡུའི་གཞི་གྲངས་ཆེན་པོ་གཞིར་བཟུང་ནས་དབྱེ་ཞིབ་བྱས་ཏེ། ཁྲིམས་ལྟར་ཁ་ན་ཏའི་སྒྱུ་རྩལ་པ་ཝུའུ་དབྱི་ཧྥན(WU YI FAN)གྱི་2019ལོ་ནས་2020ལོའི་བར་ཁྲལ་གཡོལ་གྱི་དོགས་ཡོད་གནད་དོན་ལ་ཁྲལ་དོན་ཞིབ་བཤེར་བྱས་པ་རེད། ཝུའུ་དབྱི་ཧྥན(WU YI FAN)གྱི་གཉེར་སྐྱོང་ཆ་འཕྲིན་དང་མ་དངུལ་འགྲོ་འོང་འབོར་ཆེན་དེ་རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་ཁེ་ལས་མང་པོ་དང་འབྲེལ་བ་ཡོད་ཁར་གྱོད་གཞིའི་གནས་ཚུལ་ཅུང་རྙོག་འཛིང་ཆེན་པོ་ཡོད། པེ་ཅིང་གྲོང་ཁྱེར་ཁྲལ་དོན་སྡེ་ཚན་གྱིས་འབྲེལ་ཡོད་ཁྲལ་དོན་ལས་ཁུངས་དང་མཉམ་དུ་ཞིབ་ཚགས་དང་ནན་ཏན་གྱིས་བརྟག་དཔྱད་བྱས་མཐར། མིག་སྔར་གྱོད་གཞིའི་གནས་ཚུལ་རྩད་ཆོད་མཐའ་གསལ་བྱུང་ཡོད།

ཞིབ་བཤེར་བྱས་པ་བརྒྱུད། ཝུའུ་དབྱི་ཧྥན(WU YI FAN)གྱིས་2019ལོ་ནས་2020ལོའི་བར། ལས་སྒོ་རྫུན་བཟོ་བྱས་ནས་ཡོང་འབབ་ཀྱི་ངོ་བོ་སྒྱུར་བའི་ཡིག་ཐོག་སྙན་ཞུ་རྫུན་མ་ཕུལ་བ་དང་། མངའ་ཁོངས་ཕྱི་ནང་གི་འབྲེལ་ཡོད་ཁེ་ལས་མང་པོ་བརྒྱུད་མི་སྒེར་གྱི་ཡོང་འབབ་སྦ་གསང་བྱེད་པ་སོགས་ཀྱི་ཐབས་ལམ་སྤྱད་དེ་ཁྲལ་དངུལ་སྒོར་དུང་ཕྱུར་0.95ཁྲལ་སྐུང་ཁྲལ་གཡོལ་བྱས་པ་དང་། ཁྲལ་དངུལ་གཞན་དག་སྒོར་དུང་ཕྱུར་0.84ཉུང་འཇལ་བྱས་ཡོད། པེ་ཅིང་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱི་ཞིབ་བཤེར་ཅུས་གཉིས་པས《སྒེར་གྱི་ཐོབ་ཁྲལ་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དང《ཁྲལ་འབབ་བསྡུ་ལེན་དང་དོ་དམ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》 《སྲིད་འཛིན་ཆད་གཅོད་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར། ཝུའུ་དབྱི་ཧྥན(WU YI FAN)ལ་ཁྲལ་དངུལ་བདའ་འདེད་དང་དུས་འགྱངས་ཆད་དངུལ་སྣོན་བསྡུ་བྱས་པ་མ་ཟད། དངུལ་ཆད་ཀྱང་བཅད་པས་ཁྱོན་བསྡོམས་སྒོར་དུང་ཕྱུར་6ཟིན་ཡོད། དེའི་ཁྲོད་ཁོ་རང་གིས་ལས་སྒོ་རྫུན་བཟོ་བྱས་ནས་ཡོང་འབབ་ཀྱི་ངོ་བོ་བསྒྱུར་བའི་སྙན་ཞུ་རྫུན་མ་ཕུལ་ནས་ཁྲལ་སྐུང་ཁྲལ་གཡོལ་བྱས་པའི་ཆ་ཤས་ལ་ལྡབ་4ཡི་དངུལ་ཆད་བཅད་པར་སྒོར་དུང་ཕྱུར་3.45ཟིན་པ་དང་། མི་སྒེར་གྱི་ཡོང་འབབ་སྦ་གསང་བྱས་ནས་ཁྲལ་སྐུང་ཁྲལ་གཡོལ་བྱས་པའི་ཆ་ཤས་ལ་ལྡབ་5ཡི་དངུལ་ཆད་བཅད་པར་སྒོར་དུང་ཕྱུར་0.42ཟིན་ཡོད་པ་རེད། ཉིན་ཤས་གོང་པེ་ཅིང་གྲོང་ཁྱེར་ཁྲལ་དོན་ཅུས་ཞིབ་བཤེར་ཅུས་གཉིས་པས་ཁྲིམས་ལྟར་ཝུའུ་དབྱི་ཧྥན(WU YI FAN)ལ་ཁྲལ་དོན་སྲིད་འཛིན་ཐག་གཅོད་ཆད་གཅོད་ཆོད་ཡིག་སྐྱེལ་སྤྲོད་བྱས་ཡོད།

པེ་ཅིང་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཁྲལ་དོན་སྡེ་ཚན་གྱིས་རྒྱུན་མཐུད་ངང་རིག་གནས་རོལ་རྩེད་ཁྱབ་ཁོངས་ཀྱི་ཁྲལ་བསྡུའི་ལྟ་སྐུལ་དོ་དམ་ལས་དོན་ཡག་པོ་བསྒྲུབས་ཐོག ཁྲལ་འབྲེལ་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་། རང་རྒྱལ་གྱི་ཁྲལ་བསྡུའི་བདག་དབང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ། རིག་གནས་རོལ་རྩེད་ཁྱབ་ཁོངས་ཀྱི་ལས་ཞུགས་མི་སྣའི་ཁྲལ་ཁྲིམས་བརྩི་སྲུང་བྱེད་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། སྔར་ལས་ལྷག་པའི་ཁྲིམས་སྐྱོང་དྲང་གཞག་གི་ཁྲལ་བསྡུའི་ཁོར་ཡུག་ཅིག་གཏོད་རྒྱུ་ཡིན་ཞེས་བསྟན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག ཟླ་བ་ཚེ་རིང་།
སྒྲིག་སྒྱུར། ཚེ་རྡོར།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཝུའུ་དབྱི་ཧྥན་གྱིས་ཁྲལ་སྐུང་པར་ཆད་པ་སྒོར་དུང་ཕྱུར་6བཅད་འདུག

སྤྱི་ཚེས་25ཉིན་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་པེ་ཅིང་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་གཞུང་ཕྱོགས་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། ཐོག་མའི་དུས་སུ་པེ་ཅིང་གྲོང་ཁྱེར་ཁྲལ་དོན་ཅུས་ཞིབ་བཤེར་ཅུས་གཉིས་པས་འབྲེལ་ཡོད་ཕྱོགས་ཀྱི་ཁུངས་སྣེ་དང་