ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཞུ་སྦྱོར་ཕྱི་མ་ཝུའུ་དབྱི་ཧྥན་བཙོན་འཇུག་ལོ13བྱ་རྒྱུ།

2022-11-26 16:04:00     责编:桑吉卓玛

2022ལོའི་ཟླ11པའི་ཚེས25ཉིན་གྱི་སྔ་དྲོ། པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས་ནས་ཞུ་སྦྱོར་ཕྱི་མ་ཝུའུ་དབྱི་ཧྥན་གྱིས་བཙན་གཡེམ་དང་མི་མང་པོ་མཉམ་རུབ་ཀྱིས་ལོག་གཡེམ་བྱས་པའི་གྱོད་གཞིའི་བཅད་ཁྲ་ཁྱབ་བསྒྲགས་བྱས་ཡོད། ཞུ་སྦྱོར་ཕྱི་མ་ཝུའུ་དབྱི་ཧྥན་གྱིས་བཙན་གཡེམ་བྱས་པའི་ཉེས་པ་བསགས་པར་དུས་བཀག་བཙོན་འཇུག་ལོ11དང་ཟླ6བྱ་རྒྱུ་དང་ཟུར་འགེལ་ཁྲིམས་ཆད་ལ་རྒྱལ་ཁོངས་ནས་ཕྱིར་འབུད་གཏོང་རྒྱུའི་ཁྲིམས་ཆད་བཅད་པ་དང་། མི་མང་པོ་མཉམ་རུབ་ཀྱིས་ལོག་གཡེམ་བྱས་པའི་ཉེས་པ་བསགས་པར་དུས་བཀག་བཙོན་འཇུག་ལོ1དང་ཟླ10བྱ་རྒྱུའི་ཁྲིམས་ཆད་བཅད་ཅིང་། བྱས་ཉེས་དུ་མ་བསགས་པར་ཆད་པ་སྡེབ་གཅོད་བྱས་ཏེ་དུས་བཀག་བཙོན་འཇུག་ལོ13བྱ་རྒྱུ་མ་ཟད་ཟུར་འགེལ་ཁྲིམས་ཆད་ལ་རྒྱལ་ཁོངས་ནས་ཕྱིར་འབུད་གཏོང་རྒྱུའི་ཐག་བཅད་ཡོད་པ་རེད།

ཞིབ་གཅོད་བྱས་པ་བརྒྱུད། ཞུ་སྦྱོར་ཕྱི་མ་ཝུའུ་དབྱི་ཧྥན་གྱིས2020ལོའི་ཟླ11པ་ནས་ཟླ12པའི་བར། སྔ་ཕྱིར་བུད་མེད་གསུམ་ར་བཟི་ནས་རང་སྲུང་བྱེད་མ་ཤེས་པའམ་བྱེད་མ་ཐུབ་པའི་གོ་སྐབས་དང་བསྟུན་ནས་རང་གི་སྡོད་གནས་སུ་བཙན་ཤེད་ཀྱིས་ཁོང་ཚོ་དང་ལུས་འབྲེལ་བྱས་པ་དང་། ཡང་2018ལོའི་ཟླ7པའི་ཚེས1ཉིན། ཝུའུ་དབྱི་ཧྥན་གྱིས་རང་གི་སྡོད་གནས་སུ་རོགས་པ་དང་མཉམ་དུ་བུད་མེད་གཉིས་ར་བཟི་བའི་གོ་སྐབས་སྤྱད་དེ་ལོག་གཡེམ་གྱི་བྱ་སྤྱོད་སྤེལ་བ་རྩད་ཆོད་མཐའ་གསལ་ཐུབ་ཡོད། ཁྲའོ་དབྱང་ཁུལ་མི་དམངས་ཁྲིམས་ཁང་ནས་ཝུའུ་དབྱི་ཧྥན་གྱི་བྱ་སྤྱོད་དེ་བཙན་གཡེམ་གྱི་ཉེས་པ་དང་མི་མང་པོ་མཉམ་རུབ་ཀྱིས་ལོག་གཡེམ་བྱས་པའི་ཉེས་པ་བསགས་པར་གྲུབ་པས། ཁྲིམས་ལྟར་ཉེས་ཆད་སྡེབ་གཅོད་བྱ་དགོས་པའི་ངོས་འཛིན་བྱས་ཡོད། ཝུའུ་དབྱི་ཧྥན་གྱི་ཉེས་བསགས་དོན་དངོས་དང་། ཉེས་བསགས་ངོ་བོ། ཉེས་ཚབས་ལྕི་བ་དང་གང་དེས་བཟོས་པའི་གནོད་འཚེའི་ངན་འབྲས་བཅས་ལ་གཞིགས་ཏེ། ཁྲིམས་ཁང་གིས་གོང་གསལ་གྱི་ཁྲིམས་ཐག་བཅད་པ་རེད།

ཀྲུང་གོར་བཅའ་སྡོད་ཁ་ན་ཏའི་གཞུང་ཚབ་ཆེན་མོ་ཁང་གི་དཔོན་རིགས་ཀྱིས་བཅད་ཁྲ་ཁྱབ་བསྒྲགས་བྱས་པར་ཟུར་ཉན་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག སྐལ་བཟང་བདེ་སྐྱིད།
སྒྲིག་སྒྱུར། རིན་ཆེན་དབང་འདུས།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཞུ་སྦྱོར་ཕྱི་མ་ཝུའུ་དབྱི་ཧྥན་བཙོན་འཇུག་ལོ13བྱ་རྒྱུ།

2022ལོའི་ཟླ11པའི་ཚེས25ཉིན་གྱི་སྔ་དྲོ། པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས་ནས་ཞུ་སྦྱོར་ཕྱི་མ་ཝུའུ་དབྱི་ཧྥན་གྱིས་བཙན་གཡེམ་དང་མི་མང་པོ་མཉམ་རུབ་ཀྱིས་ལོག་གཡེམ་བྱས་པའི་གྱོད་གཞིའི་བཅད་ཁྲ་ཁྱབ་བསྒྲགས