ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཞི་ཅིན་ཕིང་གིས་ཆིང་ཧྭ་སློབ་ཆེན་དུ་རྟོག་ཞིབ་གནང་བར་རྒྱ་ཆེའི་དགེ་སློབ་ཁྲོད་ལན་ཆ་བཟང་པོ་བྱུང་བ།

2021-04-20 15:04:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚེས་19ཉིན་ཆིང་ཧྭ་སློབ་ཆེན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་ཆིང་ཧྭ་སློབ་ཆེན་གྱི་རྒྱ་ཆེའི་དགེ་སློབ་ཁྲོད་ལན་ཆ་བཟང་པོ་བྱུང་བ་དང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་རྒྱལ་ཁབ་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། རྒྱལ་ཁབ་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། རྒྱལ་ཁབ་ཀྱི་དགོས་མཁོ་དང་བསྟུན་པ་བཅས་བྱས་ཏེ་མུ་མཐུད་འབད་འཐབ་དང་། ཡང་རྩེར་སྙེག་ཕོད་པ། རྩེ་གྲ་གཏོད་པ་བཅས་བྱས་ཐོག རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་། མི་རིགས་བསྐྱར་དར། མི་དམངས་བདེ་སྐྱིད་བཅས་ཀྱི་ཆེད་ཞབས་ཞུ་སྒྲུབ་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་བརྗོད་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རང་རྒྱལ་གྱི་མཐོ་རིམ་སློབ་གསོ་འདི་ཉིད་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་གནས་བབ་ཧྲིལ་པོ་དང་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་གཞིགས་པ་དང་། རྒྱལ་ཁབ་ཀྱི་བྱ་བ་གལ་ཆེ་ཤོས་སུ་བཞག་ནས་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་འགན་འཁུར་ཕོད་པ། བྱ་བ་སྒྲུབ་མཁས་པ་བཅས་བྱས་ཏེ་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་། མི་རིགས་བསྐྱར་དར། མི་དམངས་བདེ་སྐྱིད་ལྡན་པ་བཅས་ལ་ཞབས་ཞུ་སྒྲུབ་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་གནང་ཡོད།

ཆིང་ཧྭ་སློབ་ཆེན་མཛེས་རྩལ་སློབ་གླིང་གི་འགོ་འཛིན་ལུའུ་ཞའོ་པོ་ཡིས། ང་ཚོས་ཐོག་མཐའ་བར་གསུམ་དུ་ཆིང་ཧྭ་སློབ་ཆེན་གྱི་གནས་གསུམ་གཞི་གཅིག་གི་སློབ་གསོའི་འདུ་ཤེས་སྟེ། རིན་ཐང་གཏོད་རྒྱུ་དང་། ནུས་པ་གསོ་སྐྱོང་བྱ་རྒྱུ། ཤེས་བྱ་སློབ་ཁྲིད་བྱ་རྒྱུ་བཅས་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ལ་འཛམ་གླིང་གི་རྩེར་སོན་ལ་དམིགས་པ། རྒྱལ་ཁབ་དང་མི་རིགས་ཀྱི་དགོས་མཁོར་གཞིགས་ནས་འགན་འཁྲི་འཁུར་ཐུབ་པ་དང་། འགན་སེམས་ཡོད་པ། གསར་གཏོད་ཀྱི་ནུས་པ་ལྡན་པ་བཅས་ཀྱི་རྩེར་སོན་ཤེས་ལྡན་པ་གསོ་སྐྱོང་བྱེད་ངེས་ཡིན་ཞེས་གསུངས་གནང་ཡོད།

ཆིང་ཧྭ་སློབ་ཆེན་གློག་རྡུལ་བཟོ་སྐྲུན་ཚན་ཁག་གི་དགེ་རྒན་ཆེ་མོ་བ། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ལུའུ་ཅན་ཧྭ་ཡིས། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར། ཚན་རྩལ་གྱི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་འཕེལ་རྒྱས་གཏོང་བ་དང་། ཤེས་ལྡན་མི་སྣའི་ཐོན་ཁུངས་ཨང་དང་པོ་གསོ་སྐྱོང་བྱེད་པ། གསར་གཏོད་ཀྱི་སྒུལ་ཤུགས་ཨང་དང་པོ་ཆེ་རུ་གཏོང་བ་བཅས་དེ་བས་ལེགས་པའི་སྒོ་ནས་ཟུང་འབྲེལ་བྱས་ཏེ་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་ཡོད།

ལུས་རྩལ་ལ་མཐོང་ཆེན་བྱེད་པ་ནི་ཆིན་ཧྭ་སློབ་ཆེན་གྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཡིན། ཆིང་ཧྭ་སློབ་ཆེན་ལུས་རྩལ་པུའི་ཀྲུའུ་རེན་ལིའུ་པོ་ཡིས། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ཆུད་ཟོས་སུ་མི་གཏོང་བར་ཆིང་ཧྭ་སློབ་ཆེན་གྱི་སློབ་སྲོལ་བཟང་པོ་དང་ལུས་རྩལ་གྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་རྒྱུ་ཡིན་ཞེས་གསུངས་གནང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དེང་རབས་ཀྱི་ཀྲུང་གོའི་གཞོན་ནུ་ནི་དུས་རབས་གསར་པ་དང་མཉམ་དུ་མདུན་སྐྱོད་བྱེད་པའི་མི་རབས་ཤིག་དང་། བསྐལ་པ་བཟང་པོར་སྐྱེས་ཤིང་ཕྲག་སྟེང་གི་འགན་འཁྲི་ལྕི་པོ་ཡོད་ཅེས་བསྟན་གནང་བ་དང་། ཁོང་གིས་རྒྱ་ཆེའི་གཞོན་ནུ་ཚོར་ཤེས་བྱའི་ཡང་རྩེར་འཛེགས་པའི་ཁྲོད་ཕུལ་བྱུང་བརྩོན་ལེན་བྱེད་པ་དང་། དུས་རབས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་འཁུར་སྐབས་ཁ་བཤད་ལས་ལག་བསྟར་གལ་ཆེ་བ་བྱེད་པ་དང་། ལག་ལེན་དངོས་ཀྱི་ཁྲོད་བྱ་གཞག་གཏོད་དགོས་པའི་སྐུལ་ལྕག་གནང་ཡོད་པས། ཚང་མར་སྐུལ་མ་ཆེན་པོ་ཐེབས་ཡོད།

ཆིང་ཧྭ་སློབ་ཆེན་རང་འགུལ་ཅན་ཚན་ཁག་གི་ལས་རོགས་ཞིབ་འཇུག་པ་ཝུའུ་ཅ་མིན་གྱིས། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོས་བསྒྲུབས་པའི་ཞིབ་འཇུག་དེ་རྒྱལ་སྤྱིའི་མདུན་གྲལ་དུ་སླེབས་ཡོད་མེད་དང་ཐོན་ལས་ཅན་དུ་དོན་འཁྱོལ་ཐུབ་ཡོད་མེད་ལ་དོ་ཁུར་གནང་གི་འདུག་པས། ང་རང་ལ་ས་གནོན་གནམ་ཐེག་གི་ཞིབ་འཇུག་ཅིག་བྱེད་དགོས་པའི་མྱོང་ཚོར་ཟབ་མོ་བྱུང་། དེར་བརྟེན་མ་འོངས་པར་ད་དུང་མུ་མཐུད་འབད་བརྩོན་དང་མུ་མཐུད་ཡར་བརྩོན་གསར་གཏོད་བྱས་ཏེ། ཕྱོགས་གཅིག་ནས་རིག་གཞུང་གི་མདུན་གྲལ་ལ་སྣེ་ཁྲིད་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ང་ཚོའི་ཚན་རྩལ་གསར་ཤོས་དེ་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཐད་བཀོལ་སྤྱོད་ངོ་མ་བྱེད་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་གནང་ཡོད།

ཆིང་ཧྭ་སློབ་ཆེན་མཛེས་རྩལ་སློབ་གླིང་བཟོ་ལས་ཇུས་འགོད་ཚན་ཁག་གི་འབུམ་རམས་སློབ་མ་ཝང་མེང་ཡའོ་ཡིས། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོ་ན་གཞོན་རྣམས་ཀྱི་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུའི་ཐད་ལའང་ཐུགས་རེ་བ་ཆེན་པོ་གནང་གི་འདུག ཆིང་ཧྭ་སློབ་ཆེན་མཛེས་རྩལ་སློབ་གླིང་གི་སློབ་མ་ཞིག་ཡིན་པའི་ངོས་ནས། མ་འོངས་པར་ང་ཚོས་ཀྱང་ཆིང་ཧྭ་སློབ་ཆེན་གྱི་སློབ་གྲྭའི་གདམས་ཚིག་བཞིན་འབད་བརྩོན་ལྷོད་མེད་དང་ཀུན་སྤྱོད་བཟང་པོར་བརྟེན་པ། ཀྲུང་གོས་ཇུས་འགོད་བྱས་པའི་སྟོབས་ཤུགས་སྤྱད་དེ་འཛམ་གླིང་གི་གར་སྟེགས་ཐོག་ལོ་བརྒྱ་རྗེས་མའི་མཛེས་སྡུག་ལྡན་པའི་ཀྲུང་གོའི་གཏམ་རྒྱུད་བརྗོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག སྐལ་བཟང་བདེ་སྐྱིད།
ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

▶དབྱིན་ཇིའི་རྒྱལ་མོའི་སྐུ་ཟླ་ཧྥེ་ལི་ཕུའུ་ཡི་འདས་མཆོད།

ས་གནས་དེ་གའི་དུས་ཚོད་ཀྱི་ཚེས་17ཉིན། གྲོངས་ཟིན་པའི་དབྱིན་ཇིའི་རྒྱལ་མོའི་སྐུ་ཟླ་ཧྥེ་ལི་ཕུའུ་ཡི་འདས་མཆོད་དེ་ཝུན་ཧྲ་མཁར་དུ་ཡོད་པའི་ཧྲིན་ཆའོ་

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་ཆིང་ཧྭ་སློབ་ཆེན་དུ་རྟོག་ཞིབ་གནང་བར་རྒྱ་ཆེའི་དགེ་སློབ་ཁྲོད་ལན་ཆ་བཟང་པོ་བྱུང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚེས་19ཉིན་ཆིང་ཧྭ་སློབ་ཆེན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་ཆིང་ཧྭ་སློབ་ཆེན་གྱི་རྒྱ་ཆེའི་དགེ་སློབ་ཁྲོད་ལན་ཆ་བཟང་པོ་བྱུང་བ་དང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་རྒྱལ་ཁབ་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་།