ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཨེ་ཅིབ་ཏུ་མེ་འཁོར་ལྕགས་ལམ་ཁ་བྲལ་བའི་ལས་འཛོལ་ཐོན་ནས་ཉུང་མཐར་ཡང་མི་11གྲོངས་པ།

2021-04-19 10:11:00     责编:nake

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འགྲུལ་སྐྱེལ་མེ་འཁོར་ཞིག་སྤྱི་ཚེས་18ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་བྱང་རྒྱུད་གྲོང་ཁྱེར་མན་སུའུ་ལར་བསྐྱོད་པའི་ལམ་བར་གྱི་ཐུའུ་ཧེ་གྲོང་ཁྱེར་ཏུ་འབྱོར་སྐབས་གློ་བུར་དུ་འཁོར་སྒྲོམ་4པ་འཁོར་ལམ་ལས་བྲལ་ཡོད། སྤྱི་ཚེས་18ཉིན་གྱི་དགོང་མོ་ཨེ་ཅིབ་འཕྲོད་བསྟེན་པུས། མེ་འཁོར་འཁོར་ལམ་ལས་བྲལ་བའི་ལས་འཛོལ་ནང་་ཉུང་མཐར་ཡང་མི་11གྲོངས་པ་དང་མི་98ལ་རྨས་སྐྱོན་ཕོག་ཡོད་ཅེས་བཤད་པ་རེད། ཨེ་ཅིབ་འཕྲོད་བསྟེན་པུས་མྱུར་སྐྱོབ་རླངས་འཁོར་60རོགས་སྐྱོབ་བྱེད་པར་མངགས་ཡོད། ལྕགས་ལམ་གྱི་རྨང་གཞིའི་སྒྲིག་བཀོད་རྙིང་པ་ཆགས་པ་དང་དོ་དམ་ཡག་པོ་མ་བྱུང་བ་སོགས་ཀྱིས་རྐྱེན་པས་ཨེ་ཅིབ་ཏུ་ལྕགས་ལམ་གྱི་ལས་འཛོལ་ཡང་སེ་ཐོན་གྱི་ཡོད། སྤྱི་ཟླ་3ཚེས་26ཉིན་ཨེ་ཅིབ་ལྷོ་རྒྱུད་ཀྱི་སོ་ཧ་ཅེ་མངའ་སྡེར་འགྲུལ་སྐྱེལ་མེ་འཁོར་གཉིས་རྡུང་ཁ་ཐེབས་པའི་དོན་རྐྱེན་ཐོན་ནས་ཉུང་མཐར་ཡང་མི་19གྲོངས་པ་དང་། མི་200ལ་རྨས་སྐྱོན་ཕོག་ཡོད་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཞུ་དག སྐྱིད་པོ།

  ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

▶དབྱིན་ཇིའི་རྒྱལ་མོའི་སྐུ་ཟླ་ཧྥེ་ལི་ཕུའུ་ཡི་འདས་མཆོད།

ས་གནས་དེ་གའི་དུས་ཚོད་ཀྱི་ཚེས་17ཉིན། གྲོངས་ཟིན་པའི་དབྱིན་ཇིའི་རྒྱལ་མོའི་སྐུ་ཟླ་ཧྥེ་ལི་ཕུའུ་ཡི་འདས་མཆོད་དེ་ཝུན་ཧྲ་མཁར་དུ་ཡོད་པའི་ཧྲིན་ཆའོ་

中央广播电视总台 央广网 版权所有

ཨེ་ཅིབ་ཏུ་མེ་འཁོར་ལྕགས་ལམ་ཁ་བྲལ་བའི་ལས་འཛོལ་ཐོན་ནས་ཉུང་མཐར་ཡང་མི་11གྲོངས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འགྲུལ་སྐྱེལ་མེ་ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།