ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཨ་རིའི་ཝུའེ་སི་ཁང་ཤིན་མངའ་སྡེའི་ཨར་ཁང་ཞིག་ནང་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་ནས་མི་གསུམ་གྲོངས་པ་དང་མི་གཉིས་ལ་རྨས་སྐྱོན་ཕོག་པ།

2021-04-19 10:10:00     责编:nake

  ཨ་རིའི་ས་གནས་དེ་གའི་སྨྱན་སྦྱོར་གྱིས་སྤྱི་ཚེས་18ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཝུའེ་སི་ཁང་ཤིན་མངའ་སྡེའི་ཅི་ནུའོ་ཧྲ་གྲོང་ཁྱེར་གྱི་ཨར་ཁང་ཞིག་ནང་ཉིན་དེའི་ཐོ་རེངས་སུ་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་ནས་མི་3གྲོངས་པ་དང་མི་2ལ་རྨས་སྐྱོན་ཕོག་ཡོད། མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་རྗེས་མེ་མདའ་བརྒྱབ་མཁན་དེ་ས་ཡུལ་དངོས་ནས་བྲོས་བྱོལ་དུ་སོང་བ་དང་། རྨས་མ་2ས་གནས་དེ་གའི་སྨན་ཁང་དུ་བསྐྱལ་ཡོད། ཉེན་རྟོག་ཕྱོགས་ཀྱིས། ད་ཐེངས་ཀྱི་མེ་མདའ་བརྒྱབ་པའི་དོན་རྐྱེན་དེ་ནི་དམིགས་ཡུལ་ཁ་གསལ་བའི་ཁེར་རྐྱང་གི་དོན་རྐྱེན་ཞིག་ཡིན་ཞེས་བཤད་ཡོད། ཁེ་གཉེར་མིན་པའི་ཨ་རིའི་མེ་མདའི་གཏུམ་སྤྱོད་ཡིག་ཚགས་ཁང་གིས་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་གསར་ཤོས་ལ་གཞིགས་ན། སྤྱི་ལོ་2021ལོར་ཨ་རིར་མེ་མདའ་བརྒྱབ་པའི་ཚབས་ཆེའི་དོན་རྐྱེན་147ཐོན་པའི་གནས་ཚུལ་འགོད་སྤེལ་བྱས་ཡོད་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཞུ་དག སྐྱིད་པོ།

  ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

▶དབྱིན་ཇིའི་རྒྱལ་མོའི་སྐུ་ཟླ་ཧྥེ་ལི་ཕུའུ་ཡི་འདས་མཆོད།

ས་གནས་དེ་གའི་དུས་ཚོད་ཀྱི་ཚེས་17ཉིན། གྲོངས་ཟིན་པའི་དབྱིན་ཇིའི་རྒྱལ་མོའི་སྐུ་ཟླ་ཧྥེ་ལི་ཕུའུ་ཡི་འདས་མཆོད་དེ་ཝུན་ཧྲ་མཁར་དུ་ཡོད་པའི་ཧྲིན་ཆའོ་

中央广播电视总台 央广网 版权所有

ཨ་རིའི་ཝུའེ་སི་ཁང་ཤིན་མངའ་སྡེའི་ཨར་ཁང་ཞིག་ནང་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་ནས་མི་གསུམ་གྲོངས་པ་དང་མི་གཉིས་ལ་རྨས་སྐྱོན་ཕོག་པ།

ཨ་རིའི་ས་གནས་དེ་གའི་སྨྱན་སྦྱོར་གྱིས་སྤྱི་ཚེས་18ཉིནཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།