ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ང་ཚོའི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་སྟེ། ལིའོ་ཉིང་གིས་སྲོལ་རྒྱུན་བཟོ་ལས་དང་གྲངས་གཞི་ཅན་འབྲེལ་མཐུད་བྱས་ཏེ། ཐོན་ལས་སྤོ་བསྒྱུར་རིམ་སྤོར་ལ་སྐུལ་འདེད་མགྱོགས་སུ་བཏང་བ།

2021-04-19 10:14:00     责编:nake

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་འགོ་ཚུགས་པའི་ལོ་འདིར་ལིའོ་ཉིང་གིས་ཐོན་ལས་གྲངས་གཞི་ཅན་གྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ནས། སྲོལ་རྒྱུན་བཟོ་ལས་ཀྱི་མ་རྩ་བརྟན་པོ་སྐུལ་སློང་གིས་རྩེར་སོན་དང་སྤུས་མཐོ། མཐོ་གསར་བཅས་ཀྱི་དེང་རབས་ཐོན་ལས་མ་ལག་ཅིག་གང་མགྱོགས་ཆགས་པ་བྱས་པ་དང་། ལིའོ་ཉིང་གིས་སྤུས་མཐོའི་གོང་འཕེལ་མངོན་འགྱུར་ཐུབ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

  ཉིན་འདི་གཉིས་རིང་ཇི་ཞའོ་ཧྥེ་དང་ཁོང་གི་ལས་རོགས་ཚོས་ཧྲན་ཡང་གི་གློག་གནོན་བསྒྱུར་ཆས་སྲོལ་རྒྱུན་ཁེ་ལས་ཤིག་གི་རིམ་སྤོར་གསར་སྐྲུན་བྱས་པའི་གྲངས་གཞི་ཅན་གྱི་བཟོ་ཁང་གི་ཆེས་མཐའ་མའི་མ་ལག་སྙོམ་སྒྲིག་ཚོད་ལྟ་བྱེད་པའི་ལས་ལ་བྲེལ་བཞིན་ཡོད། གྲངས་གཞི་ཅན་གྱི་བཅོས་བསྒྱུར་གོམས་གང་མདུན་སྤོས་ཀྱི་སྔོན་འགྲོ་ཐུབ་ནས་རྒྱལ་ཁབ་གློག་དྲའི་གྲངས་གཞི་ཅན་གྱི་ཉོ་སྒྲུབ་སྟེགས་བུ་དང་སྔོན་ལ་སྦྲེལ་མཐུད་ཐུབ་སྟེ་མངགས་ཐོ་འབོར་ཆེན་རག་ཡོད་པ་རེད། གློག་གནོན་བསྒྱུར་ཆས་ཐོན་སྐྱེད་བྱེད་པའི་ཁེ་ལས་འདིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་སུང་ཧྥེ་རོན་གྱིས། སྨི་ངོས་གྲུ་མ་བཞི་སྟོང་ཡོད་པའི་ང་ཚོའི་འཁོར་ཁང་འདི་ནི་ཆེས་ཐད་ཀར་མཐོང་ཐུབ་པའི་བཟང་ཆ་ཞིག་ཡིན་ཞིང་། ང་ཚོས་ལོ་གཅིག་ལ་གློག་གནོན་བསྒྱུར་ཆས་ཆིག་ཁྲི་ཐོན་སྐྱེད་ཐུབ་པའི་འཆར་གཞི་ཡོད་ཅིང་། གློག་གནོན་བསྒྱུར་ཆས་ཆིག་ཁྲི་ཐོན་སྐྱེད་བྱེད་པར་སྲོལ་རྒྱུན་གྱི་བཟོ་སྐྲུན་ལས་རིགས་ཡིན་ཕྱིན་སྨི་ངོས་གྲུབ་མ་ཆིག་ཁྲི་ཡི་འཁོར་ཁང་དགོས་ཀྱི་ཡོད་ཅེས་གསུངས་པ་རེད།

  དུས་ཐུང་ལོ་གཉིས་ནང་ཇི་ཞའོ་ཧྥེ་ལས་ཀ་བྱེད་སའི་ཚན་རྩལ་ཁེ་ལས་དེས་ལིའོ་ཉིང་ཡི་རིགས་མི་འདྲ་བའི་བཟོ་ལས་ཁེ་ལས་200ལྷག་ལ་གྲངས་གཞི་ཅན་གྱི་ཞབས་ཞུ་བསྒྲུབ་བཞིན་ཡོད་པ་དང་། ནུས་པ་ཆེ་བའི་ཟུར་སྐྱོར་སྲིད་ཇུས་དང་རིགས་ཁག་སྣེ་འཛོམས་ཀྱི་གྲངས་གཞི་ཅན་གྱི་བཀོལ་སྤྱོད་རྣམ་པས་ཁོང་རང་ཉིད་ཚུད་པའི་ཚན་རྩལ་ཁེ་ལས་ལ་ཁྲོམ་རའི་བར་སྟོང་སྟོབས་ཆེ་མཁོ་འདོན་བྱས་ཡོད། ཇི་ཞའོ་ཧྥེ་ཡིས། ས་ཆ་གཞན་དུ་རིགས་སྣེ་འཛོམས་པོ་སྟེ་ལྕི་བའི་བཟོ་ལས་དང་། ཡངས་བའི་བཟོ་ལས། སྨན་རྫས། རྫས་འགྱུར་སོགས་རྣམ་གྲངས་ཕུན་སུམ་ཚོགས་པའི་རྟེན་གཞི་དེ་འདྲ་མཐོང་ཧ་ཅང་དཀོན་པོ་ཡིན། དེར་བརྟེན་ང་ཚོས་ལིའོ་ཉིང་གི་ཁྲོམ་རར་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད་ཅེས་བརྗོད་བཞིན་ཡོད་ཅེས་གསུངས་པ་རེད།

  ད་ལོ་ལིའོ་ཉིང་ཞིང་ཆེན་གྱིས་ནོར་སྲིད་ཐད་ནས་སྒོར་དུང་ཕྱུར་30ཡི་གྲངས་གཞིའི་ལིའོ་ཉིང་དང་རིག་སྐྲུན་སྟོབས་ཆེན་ཞིང་ཆེན་གྱི་ཆེད་དམིགས་མ་དངུལ་བཀོད་སྒྲིག་བྱས་ཏེ། གྲངས་གཞི་ཅན་གྱི་སྤོ་བསྒྱུར་དང་རིག་ནུས་ཅན་གྱི་བསྒྱུར་བཀོད་ཐོག་གཅིག་བསྡུས་བྱས་པ་དང་། བཟོ་ལས་ཁེ་ལས་ཆིག་ཁྲི་ཡུན་བརྩེགས་ཐོག་ཐོན་རྒྱུར་སྐུལ་འདེད་བཏང་བ། 5Gསྦྲེལ་ཚུགས་ཉིས་ཁྲི་ལྔ་སྟོང་གསར་བསྐྲུན་བྱས་པ་རེད། མིག་སྔར་ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་ཁེ་ལས་གྲངས་གཞི་ཅན་གྱི་ཞིབ་སྤེལ་ཇུས་འགོད་ཡོ་བྱད་ཁྱབ་གདལ་གཏོང་ཚད་དང་འགག་རྩའི་ལས་རིམ་གྲངས་གཞི་ཅན་གྱི་ཚོད་འཛིན་ཐུབ་ཚད་ཁག་སོ་སོར་བརྒྱ་ཆ་75དང་བརྒྱ་ཆ་51.81ཟིན་ཡོད། ལིའོ་ཉིང་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཞུའེ་ལའེ་ཡིས། ང་ཚོས་ལིའོ་ཉིང་གི་ཚན་རྩལ་ཐོན་ཁུངས་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཞིབ་སྤེལ་དང་ཐོན་ལས་ཀྱི་དགོས་མཁོར་གང་ལེགས་གཞིགས་ཏེ། གསར་གཏོད་སྟེགས་བུ་གལ་ཆེན་བཀོད་སྒྲིག་ལེགས་འགྱུར་བྱེད་པ་དང་ཚན་རྩལ་སྟོབས་ཤུགས་གོང་བུར་འགྲིལ་དུ་འཇུག་དགོས་ཞེས་གསུངས་པ་རེད།

  ད་ཆ་ལིའོ་ཉིང་གི་ཚན་རྩལ་གསར་གཏོད་ཀྱི་རྣམ་པ་གསར་པའི་སྒོ་མོ་ཡོངས་སུ་ཕྱེ་ཟིན། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་། ལིའོ་ཉིང་གི་གྲངས་གཞིའི་དཔལ་འབྱོར་གཞི་ཁྱོན་འཆར་འགོད་དེ་ལོའི་ཆ་སྙོམས་འཕར་ཚད་བརྒྱ་ཆ་10ཟིན་པ་བྱ་རྒྱུ་དང་། སྤྱི་ལོ་2025ལོར་སླེབས་དུས་གྲངས་གཞིའི་དཔལ་འབྱོར་གཞི་ཁྱོན་གྱིས་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་ནང་བཟུང་བའི་བསྡུར་གྲངས་དེ་བརྒྱ་ཆ་45ཟིན་པ་བྱ་རྒྱུ་ཡིན་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། ཟླ་བ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶དབྱིན་ཇིའི་རྒྱལ་མོའི་སྐུ་ཟླ་ཧྥེ་ལི་ཕུའུ་ཡི་འདས་མཆོད།

ས་གནས་དེ་གའི་དུས་ཚོད་ཀྱི་ཚེས་17ཉིན། གྲོངས་ཟིན་པའི་དབྱིན་ཇིའི་རྒྱལ་མོའི་སྐུ་ཟླ་ཧྥེ་ལི་ཕུའུ་ཡི་འདས་མཆོད་དེ་ཝུན་ཧྲ་མཁར་དུ་ཡོད་པའི་ཧྲིན་ཆའོ་

中央广播电视总台 央广网 版权所有

ང་ཚོའི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་སྟེ། ལིའོ་ཉིང་གིས་སྲོལ་རྒྱུན་བཟོ་ལས་དང་གྲངས་གཞི་ཅན་འབྲེལ་མཐུད་བྱས་ཏེ། ཐོན་ལས་སྤོ་བསྒྱུར་རིམ་སྤོར་ལ་སྐུལ་འདེད་མགྱོགས་སུ་བཏང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ལོ་ལྔ་ཚན་གྱི་འཆཉིན་འདི་གཉིས་རིང་ཇི་ཞའོ་ཧྥེ་དང་ཁོང་གི་ལས་རོགས་ཚོས་