ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རིག་གནས་ལེ་ཚན་ཆེ་གྲས་བསྟན་བཅོས་ནང་གི་ཀྲུང་གོ་ཞེས་པའི་གསར་རྩོམ་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

2021-02-25 15:51:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྤྱི་ཚེས་24ཉིན་བསྟན་བཅོས་ནང་གི་ཀྲུང་གོ་ཞེས་པའི་གསར་རྩོམ་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། ཚོགས་ཞུགས་རིགས་གཅིག་མཁས་པ་དང་རིག་གནས་པས། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་རྩ་བ་དང་བླ་སྲོག་ཡིན། བསྟན་བཅོས་ནང་གི་ཀྲུང་གོ་ཞེས་པ་ནི་སྤྱི་ཁྱབ་ལས་ཁུངས་ཀྱིས་སྲོལ་རྒྱུན་གྱི་གསུང་རབ་དེང་རབས་ཅན་དུ་འགྱུར་བ་འཚོལ་ཞིབ་བྱེད་པའི་ཕན་ཡོད་ཀྱི་ཚོད་ལྟ་གཞན་ཞིག་ཡིན་ཞིང་། ལེ་ཚན་ནང་བྱ་ཐབས་གསར་གཏོད་བྱས་ཏེ་ན་ཚོད་མི་འདྲ་བ་དང་ཤེས་རྒྱ་མི་འདྲ་བའི་ཀྲུང་གོ་བས་ང་ཚོའི་འོད་སྟོང་འབར་བའི་འདས་སོང་མཐོང་ཐུབ་པ་བྱས་པ་མ་ཟད། ཡིད་དབང་འཕྲོག་ནས་ལྟད་མོ་བ་དང་ལྷག་པར་དུ་ན་གཞོན་ལྟད་མོ་བ་ཚོས་དང་ལེན་བྱེད་འདོད་ཡོད་པ་དང་མི་དེ་བས་མང་བས་རང་འགུལ་ངང་ཀྲུང་ཧྭ་ཡི་འོད་སྟོང་འབར་བའི་རིག་གནས་རྒྱུན་འཛིན་ཐུབ་པ་བྱས་ཡོད་ཅེས་བསྟན་ཡོད། ད་དུང་རིག་གནས་པས། བསྟན་བཅོས་ནང་གི་ཀྲུང་གོ་ཞེས་པས་གསུང་རབ་འགྲེལ་བཤད་དང་ཤེས་བྱ་རིག་གནས་བརྒྱུད་བསྒྲགས་བྱེད་པའི་བྱ་ཐབས་གསར་རྐྱང་ཞིག་བཏོད་ཡོད་པས། བསྟན་བཅོས་དང་། ཚན་རིག རིག་གནས་གསར་གཏོད་བཅས་ཕན་ཚུན་མཉམ་འདྲེས་ཀྱི་རྣམ་པ་ཞིག་ཡིན་པའི་ངོས་འཛིན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

རིག་གནས་ལེ་ཚན་ཆེ་གྲས་བསྟན་བཅོས་ནང་གི་ཀྲུང་གོ་ཞེས་པའི་གསར་རྩོམ་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྤྱི་ཚེས་24ཉིན་བསྟན་བཅོས་ནང་གི་ཀྲུང་གོ་ཞེས་པའི་གསར་རྩོམ་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། ཚོགས་ཞུགས་རིགས་གཅིག་མཁས་པ་དང་རིག་གནས་པས། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་རྩ་བ་དང་བླ་སྲོག་ཡིན།