ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

དབུལ་སྒྲོལ་འགག་གཏོར་གྱི་སྲིད་གླེང་ཆེད་དོན་ལེ་ཚན༼དབུལ་ཕོངས་གནས་ལས་གྲོལ་བ༽གཏོང་མུས་ཡིན་ཞིང་། སྤྱི་ཚོགས་ལས་རིགས་ཁག་གི་ཁྲོད་དུ་ལན་ཆ་བཟང་པོ་བྱུང་བ།

2021-02-25 15:49:00     责编:sangjzm

ལེའུ་བརྒྱད་ཡོད་པའི་སྲིད་གླེང་ཆེད་དོན་ལེ་ཚན་ཆེ་གྲས་དབུལ་ཕོངས་གནས་ལས་གྲོལ་བ་ཞེས་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྐྱོར་ལས་དོན་ཐད་གནང་བའི་རྣམ་བཤད་གལ་ཆེན་ལ་དམ་པོར་གཞིགས་ནས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་གྲོལ་ཐུབ་ཚུལ་དང་། སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འཕེལ་རིམ་གང་ལེགས་མངོན་པར་བྱས་ཡོད། དབུལ་ཕོངས་གནས་ལས་གྲོལ་བ་ཞེས་པ་དེ་སྤྱི་ཟླ2པའི་ཚེས18ཉིན་ནས་བཟུང་བསྟན་འགོ་ཚུགས་པ་དང་། རྒྱལ་ཡོངས་ས་གནས་ཁག་གི་ལས་རིགས་ཁྲོད་ལན་ཆ་བཟང་པོ་བྱུང་ཡོད།

སྤྱི་ལོ2020ལོར། འཛམ་གླིང་མི་འབོར་གྱི་ལྔ་ཆ་གཅིག་ལ་ཉེ་བ་ཟིན་པའི་ཀྲུང་གོ་ཉིད་བལྟོས་མེད་དབུལ་ཕོངས་ཀྱི་གནས་ལས་རྦད་དེ་གྲོལ་ནས། མིའི་རིགས་ཀྱི་དབུལ་སྐྱོར་ལོ་རྒྱུས་ཐོག་གི་ཀྲུང་གོའི་ངོ་མཚར་བཏོད་ཡོད། མིག་སྔར། རྒྱལ་ཡོངས་སུ་གྲོང་ཚོའི་ཧྲུའུ་ཅི2འབུམ་ལ་ཉེ་བས་དབུལ་སྒྲོལ་གྱི་འཐབ་ས་དང་པོར་འབད་འཐབ་གནང་བཞིན་ཡོད་པ་དང་། ཀུའུ་ཧྲེ་རྫོང་ཀྲའོ་ཀང་ཤང་ཅའོ་པེ་གྲོང་ཚོར་བཅའ་སྡོད་ཧེ་ནན་ཞིང་ཆེན་ཤིན་དབྱང་གྲོང་ཨུད་བསྒྱུར་བཅོས་གཞུང་ལས་ཁང་གི་ཧྲུའུ་ཅི་དང་པོ་ཅང་ལུའུ་ནི་དེའི་ཁྲོད་ཀྱི་གཅིག་རེད། ཆེད་དོན་ལེ་ཚན་དབུལ་ཕོངས་གནས་ལས་གྲོལ་བ་ཞེས་པར་གཟིགས་རྗེས་ཁོང་ལ་ཐུགས་ཚོར་སྣ་ཚོགས་བྱུང་ཡོད། ཁོང་གིས། དབུལ་ཕོངས་སེལ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐུགས་ནུས་འབོར་ཆེན་བཏོན་གནང་ནས་ལེགས་གྲུབ་ཐུབ་པའི་ལས་འགན་གལ་ཆེན་ཞིག་རེད། ང་ཚོས་དབུལ་སྒྲོལ་གྱི་སྤུས་ཚད་མཐོར་གཏོང་དང་དབུལ་ཕོངས་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་རྒྱུར་མཐོང་ཆེན་བྱེད་བཞིན་ཡོད། སླད་ཕྱིན། ང་ཚོས་དབུལ་གྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ཐོག ཡུལ་མི་རྣམས་ནས་འཚོ་བ་སྔར་བས་ལེགས་པ་སྐྱེལ་རྒྱུར་སྣེ་ཁྲིད་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཆེད་དོན་ལེ་ཚན་དེར་མཐོ་སློབ་ཁག་གི་དགེ་རྒན་ལས་བཟོ་དང་། གཞོན་ནུ་སློབ་མའི་ཁྲོད་དུའང་ལན་ཆ་བཟང་པོ་བྱུང་ཡོད། ནན་ཁའེ་སློབ་ཆེན་ཁྲིམས་ལུགས་སློབ་གླིང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། འགོ་འཛིན་གཞོན་པ་ཨའེ་ཝེ་ཅུན་གྱིས། དབུལ་སྒྲོལ་འགག་གཏོར་བྱེད་པའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གནད་འཕིགས་དབུལ་སྐྱོར་དགོངས་པ་དོན་འཁྱོལ་བྱས་པར་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོང་གིས། ནན་ཁའེ་སློབ་ཆེན་དེ་ཉིད་མཐོ་སློབ་ཅིག་ཡིན་པའི་རིག་ནུས་དང་ཚན་རྩལ་ཤེས་ལྡན་མི་སྣའི་བཟང་ཆ་འདོན་སྤེལ་བྱས་ཏེ། བལྟོས་བཅས་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཕོངས་ཁྱིམ་ཚང་གི་བུ་ཕྲུག་རྣམས་ལ་མི་ཚེའི་མཚར་སྡུག་ངོམས་སའི་གོ་སྐབས་བསྐྲུན་དགོས་ཞེས་གསུངས་པ་རེད།

ཨན་ཧུའེ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞིང་ལས་དང་གྲོང་གསེབ་ཁྲུའི་ལས་དོན་ཨུ་ཡོན་ལྷན་ཁང་གི་རིམ་པ་བཞི་པའི་ཀྲུའུ་རིན་ཁེ་ཡོན་ཞ་ཝེ་ཝེ་ཡིས། ཆེད་དོན་ལེ་ཚན་ཁྲོད་ནས་ཀྲུང་གོ་གུན་ཁྲན་ཏང་གིས་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་དབུལ་ཕོངས་སེལ་བ་དང་དམངས་འཚོ་ལེགས་བཅོས་བྱེད་པ། ཐུན་མོང་ཕྱུག་འགྱུར་ཡོང་བ་བྱེད་པའི་སེམས་ཤུགས་དང་ཆོད་སེམས་ལྡན་པ་མཐོང་ཡོད། ཁོང་གིས། ང་ཚོས་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ནས། ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་འགག་གཏོར་གྱི་འགན་འཁྲིར་དམ་འཛིན་བྱེད་པ་དང་། འགན་སེམས་བཅངས་པ། དོན་འཁྱོལ་བྱེད་པ་བཅས་དང་། ཁྲིམས་ལྟར་འགན་ནུས་ལག་བསྟར་བྱེད་པ། མི་དམངས་འཐུས་མི་ཞིག་གི་འགན་ནུས་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལམ་བུའི་ཐོག་རང་ནུས་ལ་དཔག་པའི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།

中央广播电视总台 央广网 版权所有

དབུལ་སྒྲོལ་འགག་གཏོར་གྱི་སྲིད་གླེང་ཆེད་དོན་ལེ་ཚན༼དབུལ་ཕོངས་གནས་ལས་གྲོལ་བ༽གཏོང་མུས་ཡིན་ཞིང་། སྤྱི་ཚོགས་ལས་རིགས་ཁག་གི་ཁྲོད་དུ་ལན་ཆ་བཟང་པོ་བྱུང་བ།

སྤྱི་ལོ2020ལོར། འཛམ་གླིང་མི་འབོར་གྱི་ལྔ་ཆ་གཅིག་ལ་ཉེ་བ་ཟིན་པའི་ཀྲུང་གོ་ཉིད་བལྟོས་མེད་དབུལ་ཕོངས་ཀྱི་གནས་ལས་རྦད་དེ་གྲོལ་ནས། མིའི་རིགས་ཀྱི་དབུལ་སྐྱོར་ལོ་རྒྱུས་ཐོག་གི་ཀྲུང་གོའི་ངོ་མཚར་བཏོད་ཡོད། མིག་སྔར། རྒྱལ་ཡོངས་སུ་གྲོང་ཚོའི་ཧྲུའུ་ཅི