ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་གཙོ་སྐྱོང་གནང་བ།

2021-02-25 15:34:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༤ཉིན། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་བཞི་བཅུ་ཞེ་དགུ་པ་པེ་ཅིང་དུ་སྐོང་འཚོགས་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་ཡོད།

ཚོགས་འདུའི་ཐོག་ཉེ་དུས་མི་དམངས་སྲིད་གྲོས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་དམངས་གཙོའི་ལྟ་སྐུལ་ལས་དོན་སྤེལ་བའི་འཆར་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། ཝང་དབྱང་གིས། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ནི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་སྐུལ་ཁོངས་གཏོགས་གྱི་གྲུབ་ཆ་གལ་ཆེན་ཞིག་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་མངོན་འགྱུར་བྱེད་སྟངས་གལ་ཆེན་ཞིག་རེད། རྒྱལ་ཡོངས་སྲིད་གྲོས་ཀྱིས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པར་དམ་པོར་དམིགས་ནས་གྲོས་མོལ་རྣམ་པའི་ལྟ་སྐུལ་མུ་མཐུད་བྱ་རྒྱུ་དེས། རྒྱལ་ཁབ་བཅོས་སྐྱོང་ཁོངས་གཏོགས་ཀྱི་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་གྱི་ཕན་ནུས་ཆེ་རུ་གཏོང་བ་དང་མི་དམངས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ལས་སྟེགས་ཀྱི་བཟང་ཆ་གང་ལེགས་སྤྱད་དེ། གྲོས་མོལ་དམངས་གཙོའི་འདུ་ཤེས་ལྟ་སྐུལ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས། སྲིད་གྲོས་ཀྱི་ཁྱད་ཆོས་ལྡན་པའི་གྲོས་མོལ་རྣམ་པའི་ལྟ་སྐུལ་ལག་ལེན་གསར་པ་ཞིག་ཆགས་པ་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།

ཚོགས་འདུའི་ཐོག་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་གྲ་སྒྲིག་ལས་དོན་གྱི་སྙན་ཞུ་གསན་ཡོད། ཝང་དབྱང་གིས་སྤྱི་ལོ་2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བའི་ལོ་ཞིག་ཡིན་ལ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་ཇུས་འགོད་ལག་བསྟར་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་འགོ་བཙུགས་པའི་ལོ་དང་པོའང་ཡིན་པས། འདི་ལོའི་ཚོགས་འདུ་གཉིས་ཡག་པོ་འཚོགས་རྒྱུ་དེ། བསམ་བློ་གཅིག་གྱུར་དང་། ངར་ཤུགས་ལ་སྐུལ་འདེད། སྟོབས་ཤུགས་གཅིག་སྡུད། དུས་ངལ་ཁྱད་བསད་བཅས་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།

རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཡག་པོ་འཚོགས་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། སྒྲིག་འཛུགས་ཞིབ་ཚགས་དང་། གྲ་སྒྲིག་ཚགས་ཚུད་པོ་བྱས་ནས། གྲོས་མོལ་སྲིད་གླེང་གི་སྤུས་ཚད་མཐོ་རུ་གཏོང་བ་དང་། མཐུན་སྒྲིལ་ཡར་ཕྱོགས་ཀྱི་དྲང་ནུས་དར་སྤེལ་གཏོང་བ། ཚོགས་སྲོལ་རྒྱུན་སྲིང་ལྷོད་མེད་ངང་ལེགས་སུ་གཏོང་བ་བཅས་བྱས་ནས། ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་ལི་པིན་སོགས་ཀྱིས་འབྲེལ་ཡོད་གྲོས་གཞིར་བརྒྱུད་བསྒྲགས་དང་། གསལ་བཤད། སྙན་ཞུ་བཅས་གནང་ཡོད་པ་རེད།

ཀྲུའུ་ཞིའི་གྲོས་ཚོགས་ཐོག་སྤྱི་ལོ་2021ལོའི་མཉམ་སྡེབ་སློབ་སྦྱོང་ཐེངས་དང་པོ་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། 360ཚོགས་པའི་ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན་ཀྲོའུ་ཧུང་དབྱི་ཡིས་གདན་ཞུས་ལྟར་འགོ་བརྗོད་དུ་༼གྲངས་གཞིའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོང་ཡག་པོ་བྱེད་པ་༽ཞེས་འཁོད་པའི་སྙན་ཞུ་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

中央广播电视总台 央广网 版权所有

ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་གཙོ་སྐྱོང་གནང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༤ཉིན། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་བཞི་བཅུ་ཞེ་དགུ་པ་པེ་ཅིང་དུ་སྐོང་འཚོགས་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་གཙོ་སྐྱོང་ག