ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

སྤྱི་ལོ་2021ལོར་རང་རྒྱལ་གྱིས་ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་ཕྱོགས་མ་དངུལ་གྱི་གཞི་རྩའི་ཆ་མཐའ་གཅིག་ཏུ་བརྟན་པོ་ཡོང་བ་བྱ་རྒྱུ་ཡིན་པ།

2021-02-25 15:16:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་24ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། ཚོང་དོན་པུའི་འགན་འཁྲུ་མི་སྣས་སྤྱི་ལོ་2020ལོར་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གཞི་ཁྱོན་དེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་ཡོད་པ་དང་། གོ་ལ་ཧྲིལ་པོར་ཉོ་ཚོང་འཕར་སྣོན་དངོས་བྱུང་བའི་དཔལ་འབྱོར་མ་ལག་གཙོ་བོ་ཉག་གཅིག་དེ་ཡིན་པ་རེད།

ལོ་ཧྲིལ་པོར་དོན་ངོ་མའི་ཐོག་ཕྱི་ཕྱོགས་མ་དངུལ་སྤྱད་པ་སྒོར་དུང་ཕྱུར་ཁྲི་གཅིག་ལ་ཉེ་བ་ཟིན་ཞིང་། གོ་ལ་ཧྲིལ་པོའི་ཕྱི་ཕྱོགས་མ་དངུལ་འདྲེན་སྒུག་བྱེད་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད། སྤྱི་ལོ་2021ལོར་རང་རྒྱལ་གྱིས་ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་ཕྱོགས་མ་དངུལ་གྱི་གཞི་རྩའི་ཆ་མཐའ་གཅིག་ཏུ་བརྟན་པོ་ཡོང་བ་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་བ་རེད།

ཚོང་པོ་པུའི་པུའུ་ཀྲང་ཝང་ཝུན་ཐའོ་ཡིས། སྤྱི་ལོ་2020ལོར་རང་རྒྱལ་གྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱས་པ་སྒོར་དུང་ཕྱུར་ཁྲི་32དང་བྱེ་བ་གཉིས་ཟིན་ནས་འཕར་ཚད་བརྒྱ་ཆ་1.9ཡིན་ཞིང་། ཕྱི་ཕྱོགས་ཉོ་ཚོང་གི་གཞི་ཁྱོན་དང་རྒྱལ་སྤྱིའི་ཐོབ་སྐལ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་ཡོད། སྤྱི་ལོ་2021ལོར་ཕྱི་ཕྱོགས་ཉོ་ཚོང་གི་གནས་བབ་ཛ་དྲག་ལ་རྙོག་འཛིང་ཆེན་པོ་ཡིན་པས། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་ཕྱོགས་མ་དངུལ་གྱི་གཞི་རྩའི་ཆ་མཐའ་གཅིག་ཏུ་བརྟན་པོ་ཡོང་བ་བྱས་ཏེ། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་དེ་ཆེ་རུ་གཏོང་རྒྱུ་དང་། ཕྱི་ཕྱོགས་ཉོ་ཚོང་གི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་ལྷིང་ཤར་བགྲོད་ཐུབ་རྒྱུར་འགན་སྲུང་བྱས་ཐོག ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱི་མངགས་ཐོ་བརྟན་པོ་དང་ཁྲོམ་ར་རྒྱ་སྐྱེད་ཡོང་བར་རོགས་རམ་བྱས་ནས། ཕྱི་ཕྱོགས་ཉོ་ཚོང་གི་ལས་རྣམ་གསར་པ་དང་མ་དཔེ་གསར་པ་ཧུར་བརྩོན་ཆེན་པོས་གསོ་སྐྱོང་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།

中央广播电视总台 央广网 版权所有

སྤྱི་ལོ་2021ལོར་རང་རྒྱལ་གྱིས་ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་ཕྱོགས་མ་དངུལ་གྱི་གཞི་རྩའི་ཆ་མཐའ་གཅིག་ཏུ་བརྟན་པོ་ཡོང་བ་བྱ་རྒྱུ་ཡིན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་24ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། ཚོང་དོན་པུའི་འགན་འཁྲུ་མི་སྣས་སྤྱི་ལོ་2020ལོར་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གཞི་ཁྱོན་དེ་ལོ་རྒྱུས་ཀྱི་ཟིན་ཐོ་གས