ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་དབྱང་དྲིལ་བསྒྲགས་པུས་ཁག་དྲུག་པའི་རྒྱལ་ཡོངས་ཀྱི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོའི་དཔེ་སྟོན་ས་ཚིགས་དང་ལས་གནས་ཐོག་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དཔེ་དམག་ཁག་སོ་སོ་ལྔ་བཅུར་མིང་བཏགས་པ།

2021-02-24 16:18:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་དུས་ཀྲུང་དབྱང་དྲིལ་བསྒྲགས་པུས་ཁག་དྲུག་པའི་རྒྱལ་ཡོངས་ཀྱི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོའི་དཔེ་སྟོན་ས་ཚིགས་དང་ལས་གནས་ཐོག་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དཔེ་དམག་ཁག་སོ་སོ་ལྔ་བཅུར་མིང་བཏགས་ཡོད་པ་རེད།

ཁོང་ཚོ་ནི་གྲོང་གསེབ་དང་། ལས་ཁུངས། སྡེ་ཁུལ། སྨན་ཁང་སོགས་གཞི་རིམ་ལས་ཁུངས་ཀྱི་ཡིན་པ་དང་། ལས་རིགས་སྣ་ཚོགས་དང་། ཁྱབ་ཁོངས་ཁག འཐབ་ཕྱོགས་ཁག་བཅས་ལ་ཁྱབ་ཅིང་། ལེ་ཧྥུང་གི་སྙིང་སྟོབས་དར་སྤེལ་དང་། རླབས་ཆེའི་དུས་རབས་ལ་བྱས་རྗེས་འཇོག་མཁན་ཕུལ་བྱུང་འཐུས་མི་ཡིན་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་མིག་དཔེའི་ལག་བསྟར་པའང་ཡིན། ཀྲུང་དབྱང་དྲིལ་བསྒྲགས་པུས་ས་གནས་ཁག་དང་སྡེ་ཁག་ཁག་གིས་དེ་གོ་སྐབས་ལ་བརྩིས་ཏེ་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་གཏིང་ཟབ་སྤེལ་དགོས་པ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པར་འབད་འཐབ་བྱེད་པ་དང་། རྒྱང་སྐྱོད་གསར་པའི་ཐོག་འབད་འཐབ་ཆེར་སྐྱེད་ངང་སྐྱོད་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།

中央广播电视总台 央广网 版权所有