ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་ལུང་ཚིག་ལ་ལན་ཆ་བཟང་པོ་བྱུང་བ།

2021-02-24 16:06:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་མཉམ་འབྲེལ་ཐོག་སྒྲིག་བཟོ་བྱས་པའི་ལེའུ་བཅུ་གཉིས་ཡོད་པའི་དམིགས་བསལ་ལེ་ཚན་ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་ལུང་ཚིག་ཅེས་པ་ཐེངས་གཉིས་པ་དེ་སྤྱི་ཟླ་གཉིས་པའི་ཚེས་18ཉིན་ནས་བཟུང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་ཐོག་སྟོན་འགོ་ཚུགས་ཚུན་སྤྱི་ཚོགས་ལས་རིགས་ཁག་གི་ཁྲོད་ལན་ཆ་བཟང་པོ་བྱུང་ཡོད།

ལེ་ཚན་དེས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གཞི་འཛིན་སར་བརྩིས་པ་དང་། ནང་དོན་ཐད་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ཏང་གཤིས་བློ་སྦྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ། གོང་འཕེལ་གྱི་འདུ་ཤེས་གསར་པ། ཀྲུང་གོའི་ཕུགས་འདུན་སོགས་ཕྱོགས་བཞི་འདུས་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། ཕྱག་རྩོམ། གླེང་མོལ་བཅས་ཀྱི་ནང་ལུང་དུ་དྲངས་གནང་བའི་གནའ་རབས་ཀྱི་བསྟན་བཅོས་དང་སྙན་ཚིག་གྲགས་ཅན་ལ་འགྲེལ་བཤད་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གོ་བ་གཏིང་ཟབ་ལེན་གནང་བ་དང་། དེའི་ཁྲོད་ནས་རྒྱལ་སྐྱོང་སྲིད་འཛིན་གྱི་བློ་རིག་བསྡུ་ལེན་གནང་བའི་འདུ་ཤེས་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། ལེ་ཚན་སྟོན་ཚུན་སྤྱི་ཚོགས་ལས་རིགས་ཁག་གི་ཁྲོད་ལན་ཆ་བཟང་པོ་བྱུང་ཡོད།

ཀོང་ཏུང་ཞིང་ཆེན་ཀྲུང་ཧྲན་གྲོང་ཁྱེར་ཏུང་ཆུས་སྲང་ལམ་ཧྭ་ཡོན་སྡེ་ཁུལ་གྱི་ཏང་ཨུད་ཧྲུའུ་ཅི་ཧོང་མིན་རུའེ་ཡིས་ལེ་ཚན་བལྟས་པའི་རྗེས་སྐུལ་མ་ཆེན་པོ་ཐེབས་ཡོད། ཁོང་གིས། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་ཡིག་འབྲུ་བརྒྱད་པོ་དེ་ང་ཚོ་གུང་ཁྲན་ཏང་མི་ཡོངས་ཀྱི་སེམས་དབུས་སུ་གཏིང་ཟབ་ཟུག་ཡོད། ང་ཚོའི་བརྟེན་ས་ནི་སེམས་དབུས་ཀྱི་འགྱུར་བ་མེད་པའི་དད་སེམས་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་པ་དེ་ཡིན། སེམས་དབུས་སུ་དད་སེམས་ཡོད་ན་ང་ཚོར་གཞི་ནས་ལས་དོན་སྒྲུབ་པའི་སྟོབས་ཤུགས་ཡོང་ངེས་རེད་ཅེས་བསྟན་ཡོད་པ་རེད།

གུང་གཞོན་སྡེ་ཚོགས་ཨན་ཧུའེ་ཞིང་ཆེན་ཧོའེ་པེ་གྲོང་ཁྱེར་ལེ་ཧྲན་ཁུལ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་ལིའུ་པིང་ཅེ་ཡིས། རང་སེམས་འདུལ་ཐུབ་ན། ཀུན་ལས་རྣམ་པར་རྒྱལ་ཞེས་པའི་ལུང་ཚིག་དེས་ང་ཚོར་བག་ཆགས་གཏིང་ཟབ་བཞག་བྱུང་། སེམས་པ་གཏད་ས་ཡོད་ན་གཞི་ནས་སྒུལ་ཤུགས་ཡོང་སྲིད། སེམས་ལ་གཅུན་སྡོམ་ཡོད་ན་གཞི་ནས་གཏན་ཤུགས་ལྡན་ཐུབ། ང་ཚོ་ན་གཞོན་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ངེས་པར་དུ་རང་སེམས་འདུལ་བའི་ཐད་ཤུགས་སྣོན་རྒྱག་དགོས་པ་དང་། རང་ཉིད་ཀྱི་ལས་གནས་ཐོག་རང་སོའི་ལང་ཚོ་ལེགས་སྐྱེས་སུ་འབུལ་དགོས་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་ལུང་ཚིག་ལ་ལན་ཆ་བཟང་པོ་བྱུང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་མཉམ་འབྲེལ་ཐོག་སྒྲིག་བཟོ་བྱས་པའི་ལེའུ་བཅུ་གཉིས་ཡོད་པའི་དམིགས་བསལ་ལེ་ཚན་ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་ལུང་ཚིག་ཅེས་པ་ཐེངས་གཉིས་པ་དེ་སྤྱི་ཟླ་གཉིས་པའི་ཚེས་18