ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཧོ་ལན་ཧྲན་རི་བོའི་འདབས་རོལ་གྱི་ཤར་ནུབ་རྒྱུད་ཀྱི་དབུལ་སྒྲོལ་རོགས་ལས་མ་དཔེ།

2021-02-24 16:03:00     责编:sangjzm

ཉིང་ཤ་ཧུད་རིགས་རང་སྐྱོང་ལྗོངས་དབྱིན་ཁྲོན་གྲོང་ཁྱེར་ཡུང་ཉིང་རྫོང་མིན་ཉིང་གྲོང་རྡལ་དེ་ཡུལ་མི་གནས་སྤོས་བྱ་ཆེད་བསྐྲུན་པ་དང་། དབུལ་སྐྱོར་དབང་གིས་དར་ཞིང་རྒྱས་ཡོད། ལོ་ངོ་24རིང་། མེད་པ་ནས་ཡོད་པའི་བར་དང་། གང་སར་བྱེ་སས་ཁེངས་ཤིང་མི་མེད་ལུང་སྟོང་ཞིག་ནས་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་ལྗང་མདོག་གི་མྱུ་གུ་རྒྱས་པའི་དེང་རབས་ཅན་གྱི་འབྱུང་ཁམས་གནས་སྤོས་དཔེ་སྟོན་གྲོང་རྡལ་དུ་གྱུར་བའི་བར་རང་རྒྱལ་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་ཀྱི་མ་དཔེར་གྱུར་ཡོད། ༼འབད་འཐབ་ཀྱི་ལོ་བརྒྱའི་ལམ་བུ། རྒྱང་སྐྱོད་གསར་པ་འགོ་ཚུགས། དབུལ་སྒྲོལ་འགག་གཏོར་གྱི་དྲི་ལན༽ཞེས་པ་དེ་ལས་དེ་རིང་རྣམ་པ་ཚོར་ཧོ་ལན་ཧྲན་རི་བོའི་འདབས་རོལ་གྱི་མིན་ཉིང་གྲོང་རྡལ་སྐོར་ཞུ་རྒྱུ་ཡིན།

སྤྱི་ལོ་1996ལོར། ཏང་ཀྲུང་དབྱང་གིས་ཤར་ནུབ་རྒྱུད་ཁ་གཏད་རོགས་ལས་བྱེད་པའི་འཐབ་ཇུས་བཀོད་སྒྲིག་བཏོན་ནས་ཧྥུ་ཅན་གྱིས་ཉིང་ཤ་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུའི་གཏན་ཁེལ་བྱས་ཡོད། སྤྱི་ལོ་1997ལོའི་ཟླ་བ་7པར། དབྱིན་ཁྲོན་གྲོང་ཁྱེར་ལྷོ་ངོས་ཀྱི་སྤྱི་ལེ་50སར་ཏེ། ཧོ་ལན་ཧྲན་རི་བོའི་ཤར་རྒྱུད་དུ་མིན་ཉིང་གྲོང་ཚོ་གསར་དུ་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད། དུས་དེ་ནས་བཟུང་། ལེ་དབར་སྤྱི་ལེ་2000གིས་ཆོད་པའི་ཧྥུ་ཅན་དང་ཉིང་ཤ་བར་ལོ་ངོ་20ལྷག་གི་ཁ་གཏད་རོགས་སྐྱོར་འགོ་ཚུགས་ཡོད།

ལོ་དེའི་ཟླ་བ་8པར། ལེའུ་ཕན་ཧྲན་རི་ཁུལ་དུ་གནས་པའི་ཤི་ཅི་རྫོང་ཝང་མིན་ཤང་ཧུང་ཐའེ་གྲོང་ཚོའི་ཤེའི་ཤིང་ཁྲང་གིས་གྲོང་ཚོ་དེ་གའི་ཐེམ་དུད་12ཀྱི་གྲོང་མིའི་སྣེ་ཁྲིད་དེ་སྲིད་གཞུང་གི་སྐུལ་སློང་དང་སྒྲིག་འཛུགས་འོག མཛེས་སྡུག་ལྡན་པའི་འཚོ་བར་ཁ་ཕྱོགས་ནས་ལེ་དབར་སྤྱི་ལེ་400ཡི་ཕར་འགྲོ་ཚུར་འོང་བྱས་པ་བརྒྱུད་མིན་ཉིང་གྲོང་ཚོར་སླེབས་པ་དང་། ཁོང་ཚོ་ཡང་བྱེ་ས་དེའི་ཐོག་གི་ས་རྒོད་སློག་མཁན་དུ་གྱུར་ཡོད།
སོ་ཕག་རེ་རེ་དང་རྩ་དང་རྩི་ཤིང་རེ་རེ་བྱས། མིན་ཉིང་ས་གནས་གཉིས་ཀྱི་སྲིད་གཞུང་གི་རོགས་རམ་འོག གནས་སྤོས་ཡུལ་མི་ཚོས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཁྱིམ་གཞིས་གསར་པ་འཛུགས་བསྐྲུན་བྱས་ཡོད། སྲིད་གཞུང་གིས་ཆུ་དང་གློག ལམ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པས་གོང་འཕེལ་གྱི་མྱུར་ཚད་གྲོང་མི་ཤེའི་ཤིང་ཁྲང་གི་སྔོན་དཔག་ལས་འདས་ཡོད། སྤྱི་ལོ་2001ལོར། དེ་གར་གྲོང་ཚོ་རིམ་སྤོར་བྱས་ནས་མིན་ཉིང་གྲོང་རྡལ་ཞེས་པར་མིང་བསྒྱུར་བྱས་ཡོད།

མ་དངུལ་དང་། རྣམ་གྲངས། ཤེས་ལྡན་མི་སྣ་སོགས་ཀྱི་ཐད་ཧྥུ་ཅན་ཞིང་ཆེན་གྱིས་ཁ་གཏད་རོགས་སྐྱོར་ཚད་མེད་བྱས་ཡོད། ཧྥུ་ཉིང་གྲོང་ཚོའི་གྲོང་མི་སུའུ་ཡུས་ལན་གྱིས། དེ་གར་སྤོས་རྗེས། སྲིད་གཞུང་གིས་ཞིང་པ་ཚོར་སྔོ་ཚལ་དྲོད་ཁང་བརྒྱབ་སོང་། དེའི་ནང་ཤ་མོ་བཏབ་པ་བརྒྱུད་ཡོང་འབབ་ཀྱང་མང་དུ་ཕྱིན་སོང་ཞེས་གསུངས་ཡོད།

ད་ལྟའི་མིན་ཉིང་གྲོང་རྡལ་དུ་དང་ཐོག་མའི་མི་8000ནས་མི་6ཁྲི་6སྟོང་བར་འཕར་བ་དང་། ཁྱད་ལྡན་འདེབས་བཙུགས་དང་གསོ་ཚགས་ལས་རིགས། རིག་གནས་ཡུལ་སྐོར། འོད་ཧྥུའི་གློག་འདོན། ཚོང་དོན་ཟོག་འདྲེན་སོགས་རྐང་འཛིན་ཐོན་ལས་ལྔ་གསོ་སྤེལ་ཐུབ་ཡོད་ལ། གྲོང་རྡལ་ཡོངས་ཀྱི་ཐོན་ལས་སྤྱིའི་རིན་ཐང་སྒོར་དུང་ཕྱུར་7དང་བྱེ་བ་8ལས་བརྒལ་ཡོད། ཞིང་པའི་ལོ་རེའི་ཆ་སྙོམ་བགོ་འགྲེམ་ཆོག་པའི་ཡོང་འབབ་གནས་སྤོས་སྐབས་ཀྱི་སྒོར་500ནས་སྤྱི་ལོ་2020ལོའི་སྒོར་ཆིག་ཁྲི་ལྔ་སྟོང་བར་འཕར་བ་དང་། མངའ་ཁོངས་ནང་ཁུལ་གྱི་སྲིད་འཛིན་གྲོང་ཚོ་6ཚང་མ་དབུལ་གྲོལ་ཐུབ་ཡོད་པ་རེད།

མིན་ཉིང་གྲོང་རྡལ་གྱི་དཔེ་སྟོན་སྣེ་ཁྲིད་འོག མིག་སྔར། ཉིང་ཤ་རུ་མིན་ཉིང་རོགས་ལས་དཔེ་སྟོན་གྲོང་ཚོ་110དང་། མིན་ཉིང་རོགས་ལས་གནས་སྤོས་གྲོང་གསར་78 ཡུལ་གཞན་གནས་སྤོས་བཀོད་སྒྲིག་ཁུལ་320བཅས་ཡོད་པ་དང་། རིམ་རྩིས་བྱས་ན་ཤི་ཧའེ་གུ་ས་ཁུལ་གྱི་ཡུལ་གཞན་གྱི་གནས་སྤོས་གྲོང་མི་ས་ཡ་གཅིག་ལྷག་རྩིས་ལེན་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།

中央广播电视总台 央广网 版权所有

ཧོ་ལན་ཧྲན་རི་བོའི་འདབས་རོལ་གྱི་ཤར་ནུབ་རྒྱུད་ཀྱི་དབུལ་སྒྲོལ་རོགས་ལས་མ་དཔེ།

ཉིང་ཤ་ཧུད་རིགས་རང་སྐྱོང་ལྗོངས་དབྱིན་ཁྲོན་གྲོང་ཁྱེར་ཡུང་ཉིང་རྫོང་མིན་ཉིང་གྲོང་རྡལ་དེ་ཡུལ་མི་གནས་སྤོས་བྱ་ཆེད་བསྐྲུན་པ་དང་། དབུལ་སྐྱོར་དབང་གིས་དར་ཞིང་རྒྱས་ཡོད། ལོ་ངོ་24རིང་། མེད་པ་ནས་ཡོད་པའི་བར་དང་། གང་སར་བྱེ་སས་ཁེངས་ཤིང་མི་མེད་ལུང་སྟོང་ཞིག་ནས་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་ལྗང་མདོག་གི་མྱུ་གུ་རྒྱས་པའི་དེང་རབས་ཅན་གྱི་འབྱུ