ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཅང་ཞི་ཡུས་ཏུའུ་ཐན་ཐོའུ་གྲོང་ཚོས་ཚལ་འདེབས་པ་བརྒྱུད་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་པ་དང་། གསར་བརྗེའི་ཁུལ་རྙིང་པ་བདེ་སྐྱིད་ལྡན་པའི་འཚོ་བའི་ཕྱོགས་སུ་བསྐྱོད་ཐུབ་པ།

2021-02-24 15:34:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གནང་ནས། དབུལ་སྒྲོལ་འགག་གཏོར་བྱ་རྒྱུ་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་པ་དང་། ལོ་8རྒྱུན་མཐུད་ངང་འབད་འཐབ་བྱས་པ་བརྒྱུད། དུས་རབས་གསར་པའི་དབུལ་སྒྲོལ་འགག་གཏོར་གྱི་དམིགས་ཚད་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་བྱས་པ་དང་། མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་ལོ་རྒྱུས་ཐོག་གི་ངོ་མཚར་བཏོད་ཡོད། དམིགས་བསལ་གྱི་ཇུས་འགོད་ལེ་ཚན་༼འཚོ་བ་གསར་པ། འགོ་འཛུགས་ས་གསར་པ་༽ཞེས་པའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་སྔ་རྟོག་ཞིབ་གནང་མྱོང་བའི་ས་ཆར་བཅར་འདྲི་ཞུས་ནས། དབུལ་སྒྲོལ་འགག་གཏོར་བརྒྱུད་རིམ་ཁྲོད་ཀྱི་ས་གནས་ཁག་གི་འབད་འཐབ་གཏམ་རྒྱུད་དང་དགའ་འོས་པའི་འགྱུར་ལྡོག་བྱུང་ཚུལ་བརྗོད་བཞིན་ཡོད། དེ་རིང་གསར་བརྗེའི་ཁུལ་རྙིང་པའི་ཀྲུང་དབྱང་དམར་དམག་རྒྱང་སྐྱོད་ཀྱི་འགོ་ཚུགས་ས་ཅང་ཞི་ཡུས་ཏུའུ་ངོ་སྤྲོད་ཞུ་རྒྱུ་ཡིན།

སྤྱི་ལོ་2019ལོའི་ཟླ་5ཚེས་20ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་ཞི་ཞིང་ཆེན་ཡུས་ཏུའུ་རྫོང་ཙེ་ཧྲན་གྲོང་རྡལ་ཐན་ཐོའུ་གྲོང་ཚོར་རྟོག་ཞིབ་གནང་སྐབས། གྲོང་གསེབ་དར་རྒྱས་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

ད་ཆ་ས་གནས་དེ་གའི་མང་ཚོགས་ཀྱིས་སྔོ་ཚལ་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་དབུལ་སྒྲོལ་ཕྱུག་འགྱུར་དང་བདེ་སྐྱིད་ལྡན་པའི་འཚོ་བའི་ཕྱོགས་སུ་མགྱོགས་མྱུར་སྐྱོད་བཞིན་ཡོད།

ཅང་ཞི་ཞིང་ཆེན་ཡུས་ཏུའུ་རྫོང་དུ་གནས་པའི་ཙེ་ཧྲན་གྱི་སེ་འདུས་སྔོ་ཚལ་ཐོན་ལས་གླིང་དུ། གྲོང་མི་ཀྲང་ཀྲུང་ཧྭ་ཡིས་དྲོད་ཁང་ནས་འབྲི་ཏ་ས་འཛིན་སོས་པ་འཐུ་བཞིན་ཡོད། སྤྱི་ལོ་2020ལོར་ཀྲང་ཀྲུང་ཧྭ་ཁྱིམ་གྱིས་དྲོད་ཁང་ཆེ་མོ་མུའུ་10བཏབ་པ་དང་ཡོང་འབབ་ཧ་ཅང་ཡག་པོ་བྱུང་ཡོད། འདི་ལོ་ཡང་བསྐྱར་ས་ཞིང་མུའུ་བཅུ་ལྷག་ཙམ་མང་དུ་བཏང་ནས། ལོ་སྟོད་དུ་ཁུའུ་ཀྭ་དང་། སུར་པན། སེ་ཀྭ་སོགས་སྔོ་ཚལ་བཏབ་པ་དང་། ལོ་སྨད་དུ་འབྲི་ཏ་ས་འཛིན་སོགས་བཏབ་ཡོད་པ་རེད།

ཀྲང་ཀྲུང་ཧྭ་ནི་དེ་སྔ་ཡིག་ཚགས་བཙུགས་ནས་གཱ་ཤོག་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན་པ་དང་། དུས་ཡུན་རིང་པོའི་ནང་ཀོང་ཀྲོའུ་རུ་གླ་པ་རྒྱུག་མྱོང་ཡོད། དེའི་རིང་དཀའ་བ་དུ་མ་ཁྱད་དུ་བསད་ཀྱང་། ཟླ་རེའི་གླ་ཕོགས་འཚོ་བ་སྐྱེལ་ཐུབ་ཙམ་ལས་ཡོང་གི་མེད། གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་རོགས་རམ་འོག་ཁོང་གིས་སྒོར་ཁྲི་5ཡི་སྐྱེད་གསབ་དངུལ་བུན་རེ་ཞུ་བྱས་ནས། ཕ་ཡུལ་དུ་ལོག་སྟེ་རིག་ནུས་དྲོད་ཁང་ཆེ་མོ་3འགན་གཙང་བླངས་ཡོད།

ཡུས་ཏུའུ་རྫོང་གི་ཐུན་མོང་མ་ཡིན་པའི་ས་བབ་དང་གནམ་གཤིས་ཁྱད་ཆོས་དེ་ནི་སྔོ་ཚལ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་འཚམ་པོ་ཡོད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གས་ཙེ་ཧྲན་སེ་འདུས་སྔོ་ཚལ་ཐོན་ལས་གླིང་བཙུགས་ནས། སྣེ་འདྲེན་ཁེ་ལས་དང་། མཉམ་ལས་ཁང་། ཞིང་དུད་དང་དུད་ཚང་དབུལ་པོ་བཅས་འདུས་པའི་འཕེལ་རྒྱས་དཔེ་ཚུལ་ལ་བརྟེན་ནས། གྲོང་མི་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་རེད།

མིག་སྔར་ཙེ་ཧྲན་གྲོང་རྡལ་གྱི་སེ་འདུས་སྔོ་ཚལ་གཞི་ཁྱོན་མུའུ་10000ལས་བརྒལ་བ་དང་། ས་གནས་དེ་གའི་སེ་འདུས་སྔོ་ཚལ་སྐད་གྲགས་ཕྱིན་པ་དང་བསྟུན་ནས། ཀོང་ཏུང་དང་། ཧུའུ་ནན། ཧུའུ་པེ་སོགས་སུ་བྲིན་ཚོང་བྱེད་པ་མ་ཟད། ཐ་ན་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་ནང་བླུགས་ནས་ཡོ་རོབ་ཏུ་ཕྱིར་ཚོང་བྱེད་བཞིན་ཡོད། དེ་ནི་ཡུལ་མི་ཚོའི་ངོས་ནས་བརྗོད་ན། ཕྱིར་གླ་པར་སྐྱོད་ཐུབ་ལ་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་ལ་ས་ཞིང་འཁོར་རྒྱུག་གི་ཡོང་འབབ་ཀྱང་ཡོང་ཐུབ་ཀྱི་ཡོད།

ན་ནིང་ལོ་མཇུག་བར་ཡུས་ཏུའུ་རྫོང་གི་གྲོང་ཚོ་དབུལ་པོ་144དང་དུད་ཚང་དབུལ་པོ་ཆིག་འབུམ་དྲུག་ཁྲི་བཞི་སྟོང་ཚང་མ་དབུལ་སྒྲོལ་ཐུབ་ཡོད། ཡུས་ཏུའུ་རྫོང་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་ཀྲང་ཝུའུ་ཧྭ་ཡིས། སླད་ཕྱིན་གྱི་ལས་འགན་གཙོ་བོ་ནི་དབུལ་སྒྲོལ་གྱི་ཕན་འབྲས་བརྟན་དུ་བཏང་ནས། དབུལ་པོར་འགྱུར་རྒྱུ་དང་དབུལ་ལོག་ཐེབས་རྒྱུ་སྔོན་འགོག་བྱ་རྒྱུ་དེ་ཡིན་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

中央广播电视总台 央广网 版权所有

ཅང་ཞི་ཡུས་ཏུའུ་ཐན་ཐོའུ་གྲོང་ཚོས་ཚལ་འདེབས་པ་བརྒྱུད་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་པ་དང་། གསར་བརྗེའི་ཁུལ་རྙིང་པ་བདེ་སྐྱིད་ལྡན་པའི་འཚོ་བའི་ཕྱོགས་སུ་བསྐྱོད་ཐུབ་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གནང་ནས། དབུལ་སྒྲོལ་འགག་གཏོར་བྱ་རྒྱུ་དེ་ར