ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་《གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་དར་སྤེལ་ལ་སྐུལ་འདེད་ཇེ་མགྱོགས་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཞེས་པ་པར་འགྲེམ་བྱས་པ།

2021-02-24 15:26:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་དུས། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་《གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་དར་སྤེལ་ལ་སྐུལ་འདེད་ཇེ་མགྱོགས་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཞེས་པ་པར་འགྲེམ་བྱས་པ་མ་ཚད། ས་གནས་ཁག་དང་ཚན་པ་ཁག་གིས་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

《བསམ་འཆར》ནང་། ཞི་ཅིང་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཞིང་ལས་དང་གྲོང་གསེབ་སྔོན་ལ་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། གྲོང་གསེབ་ཀྱི་མི་ཤུགས་མ་རྩ་སྒོ་འབྱེད་བྱེད་རྒྱུ་གནས་བབ་གལ་ཆེན་ཐོག་འཇོག་པ། ཡུལ་དེ་གའི་ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱེད་པ། གྲོང་ཁྱེར་གྱི་ཤེས་ལྡན་མི་སྣ་གྲོང་གསེབ་དུ་འགྲོ་རྒྱུར་ཁྲིད་སྟོན་བྱེད་པ། ཆེད་ལས་ཤེས་ལྡན་མི་སྣས་གྲོང་གསེབ་ལ་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་གཏོང་བ། རིགས་ཁག་གི་ཤེས་ལྡན་མི་སྣས་གྲོང་གསེབ་དར་རྒྱས་ཁྲོད་གྲུབ་འབྲས་ཐོཔ་པ་དང་ལས་གཉེར་བྱ་རྒྱུར་ཡིད་འགུག་བྱེད་པ། ཞིང་ལས་ལ་རྒྱུས་མངའ་ཡོད་པ་དང་། གྲོང་གསེབ་ལ་དགའ་ཞེན་ཡོད་པ། ཞིང་པར་ཤ་ཞེན་ཆེ་བའི ་“ཞིང་གསུམ”ལས་དོན་དཔུང་ཁག་ཅིག་གསོ་སྤེལ་བྱེད་དགོས་ཞེས་བསྟན་ཡོད།

《བསམ་འཆར》ནང་། སྤྱི་ལོ་2025ལོའི་བར་སླེབས་དུས། གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་དར་སྤེལ་གཏོང་བའི་ལམ་ལུགས་ཀྱི་སྒྲོམ་གཞི་དང་སྲིད་ཇུས་མ་ལག་གཞི་རྩའི་ཆ་ནས་གྲུབ་ཚར་བ་བྱ་རྒྱུ་དང་། གྲོང་གསེབ་དར་སྤེལ་གཏོང་བའི་ཁྱབ་ཁོངས་ཁག་གི་ཤེས་ལྡན་མི་སྣའི་དཔུང་ཁག་ཟམ་མི་ཆད་པར་སྟོབས་ཆེར་འགྲོ་བ་དང་། བྱང་ཚད་བརྟན་པོའི་ངང་མཐོ་རུ་འགྲོ་བ། གྲུབ་གཞི་རྒྱུན་མཐུད་ལེགས་སྒྲིག་ཐུབ་པ་བཅས་བྱ་རྒྱུ། རིགས་ཁག་གི་ཤེས་ལྡན་པས་གྲོང་གསེབ་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་ཞབས་འདེགས་ཞུ་བའི་རྣམ་པ་སྤྱིའི་ཆ་ནས་ཆགས་པ་བྱ་རྒྱུ། གྲོང་གསེབ་དུ་ཡོད་པའི་ཤེས་ལྡན་མི་སྣས་གཞི་རྩའི་ཆ་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་གཞི་རྩའི་དགོས་མཁོ་བསྐང་རྒྱུ་ཡིན་པ་བཅས་གསལ་བཏོན་བྱས་ཡོད།

《བསམ་འཆར》ནང་གཏན་འཁེལ་བྱས་པའི་ལས་ཀའི་རྩ་དོན་ནི། ཏང་གིས་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཁྱོན་ཡོངས་ནས་གསོ་སྐྱོང་དང་། རིགས་དབྱེ་ཇུས་བཏོན་བྱེད་རྒྱུ་རྒྱུན་འཁྱོངས། སྣེ་མང་གཙོ་གཟུགས་དང་། ལས་བགོས་མཐུན་སྦྱོར་བྱེད་རྒྱུ་རྒྱུན་འཁྱོངས། ཤེས་ལྡན་པ་རྒྱ་ཁྱབ་ཐོག་བསྡུ་བ་དང་། ཤེས་ལྡན་པ་བེད་སྤྱོད་ཡག་པོ་གཏོང་རྒྱུ་རྒྱུན་འཁྱོངས། སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། འགན་སྲུང་ཤུགས་ཆེར་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་བཅས་ཡིན།

《བསམ་འཆར》ནང་། ཞིང་ལས་ཐོན་སྐྱེད་ཀྱི་ལས་གཉེར་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་ཇེ་མགྱོགས་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་ཐོན་ལས་གཉིས་པ་དང་གསུམ་པ་གོང་འཕེལ་གཏོང་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་ཇེ་མགྱོགས་གཏོང་རྒྱུ། གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་ཇེ་མགྱོགས་གཏོང་རྒྱུ། གྲོང་གསེབ་བཅོས་སྐྱོང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་ཇེ་མགྱོགས་གཏོང་རྒྱུ། ཞིང་ལས་དང་གྲོང་གསེབ་ཀྱི་ཚན་རྩལ་མི་སྣ་གསོ་སྐྱོང་བྱ་རྒྱུ་ཇེ་མགྱོགས་གཏོང་རྒྱུ། རིགས་ཁག་གི་བྱེད་པོས་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ཁྲོད་ནུས་པ་ཡག་པོ་འདོན་སྤེལ་བྱེད་དུ་འཇུག་རྒྱུ། གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་དར་རྒྱས་གཏོང་བའི་སྒྲིག་གཞི་དང་སྒྲིག་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ། སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དང་། སྲིད་ཇུས་འགན་སྲུང་ཤུགས་ཆེར་གཏོང་རྒྱུ་སོགས་ཀྱི་ཐད་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།

中央广播电视总台 央广网 版权所有

ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་《གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་དར་སྤེལ་ལ་སྐུལ་འདེད་ཇེ་མགྱོགས་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཞེས་པ་པར་འགྲེམ་བྱས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་དུས། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་《གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་དར་སྤེལ་ལ་སྐུལ་འདེད་ཇེ་མགྱོགས་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཞེས་པ་པར་འགྲེམ་བྱས་པ་མ་ཚད། ས་གནས་ཁག་དང་ཚན་པ་ཁག་གིས་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།