ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

2021ལོའི་ལོ་སྟོད་ཀྱི་དམག་མི་བསྡུ་བའི་ལས་དོན་ཟླ་2ཚེས་20ཉིན་ནས་འགོ་འཛུགས་རྒྱུ་ཡིན་པ།

2021-01-23 10:42:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་རྒྱལ་ཡོངས་ཀྱི་དམག་མི་བསྡུ་བའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུད་ཀྱི་2021ལོའི་དམག་མི་བསྡུ་བའི་བཀའ་རྒྱ་སྒྲོག་སྦྱངས་བྱས་པ་དང་འབྲེལ། འདི་ལོའི་དམག་མི་བསྡུ་བའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོའི་ལོ་སྟོད་ཀྱི་དམག་མི་བསྡུ་བའི་ལས་དོན་ཟླ་2ཚེས་20ཉིན་ནས་འགོ་འཛུགས་རྒྱུ་དང་ཟླ་3ཚེས་31ཉིན་མཇུག་སྒྲིལ་རྒྱུ་རེད། ལོ་སྨད་ཀྱི་དམག་མི་བསྡུ་བའི་ལས་དོན་ཟླ་8ཚེས་15ཉིན་ནས་འགོ་འཛུགས་རྒྱུ་དང་ཟླ་9ཚེས་30ཉིན་མཇུག་སྒྲིལ་རྒྱུ་རེད། དམག་མིའི་ནང་གཙོ་གནད་ཐོག་སློབ་ཆེན་སློབ་མ་བསྡུས་ཏེ། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་ཐོན་སློབ་མ་བསྡུ་རྒྱུ་མངོན་གསལ་དོད་པོ་ཡོང་བ་དང་། རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་ཆེན་སློབ་མ་དང་དམག་གྲབས་དམག་རྒྱག་ལ་མཁོ་བའི་རྩལ་ནུས་ཤེས་ལྡན་མི་སྣ་དམག་དཔུང་ནང་བསྡུ་རྒྱུར་སྔོན་ལ་ཆོག་མཆན་སྤྲོད་རྒྱུ་རེད། ཐད་གཏོགས་གྲོང་ཁྱེར་དང་། ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར། མཐོ་སློབ་གཅིག་སྡུད་ས་ཁུལ་བཅས་ནས་མཐོ་རིམ་སློབ་འབྲིང་ཐོན་པ་ཡན་གྱི་རིག་གནས་ཆུ་ཚད་ལྡན་པའི་གཞོན་ནུ་བསྡུ་རྒྱུ་དང་། ས་ཁུལ་གཞན་དུ་དམའ་རིམ་སློབ་འབྲིང་ཐོན་པའི་སློབ་མ་བསྡུ་རྒྱུ་ཉུང་དུ་གཏོང་བའམ་ཡང་ན་རིམ་བཞིན་བསྡུ་རྒྱུ་མིན་པ་རེད།

དེ་དང་དུས་མཚུངས་མཐོ་རིམ་སློབ་གྲྭ་དཀྱུས་མར་ཚུད་པ་དང་དེ་བཞིན་མཐོ་རིམ་སློབ་གྲྭ་འགྲིམ་བཞིན་པའི་སློབ་མ་དང་། རྒྱལ་ཁབ་ཀྱི་ཁས་ལེན་ཐོབ་པའི་མཐོ་རིམ་ཡན་གྱི་ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར(ལས་རིགས་ཐོབ་ཐང་ལག་ཁྱེར)ཡོད་པའི་ལས་རིགས་སློབ་གྲྭའི(ལག་རྩལ་བཟོ་པའི་སློབ་གླིང་ཚུད་པ)སློབ་ཐོན་སློབ་མ། ལས་ཁུངས་དང་། ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ་བཅས་ཀྱི་ཆེད་ཚན་ཡན་གྱི་རིག་གནས་ཆུ་ཚད་ལྡན་པའི་གཞོན་ནུ་བཅས་བསྡུ་རྒྱུ་རེད། དམག་མི་བུ་མོའི་ནང་མཐོ་རིམ་སློབ་འབྲིང་དཀྱུས་མའི་ལོ་འདི་གའི་སློབ་ཐོན་སློབ་མ་དང་། མཐོ་རིམ་སློབ་འབྲིང་དཀྱུས་མའི་ཉིན་གང་ལམ་ལུགས་ཀྱི་ལོ་འདི་གའི་སློབ་ཐོན་སློབ་མ། སློབ་གྲྭར་ཡོད་མུས་ཀྱི་སློབ་མ་བཅས་བསྡུ་རྒྱུ་ཡིན་པ་དང་། ད་དུང་2020ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་ཉིན་གང་ལམ་ལུགས་ཀྱི་ལོ་འདི་གའི་སློབ་ཐོན་སློབ་མ་འདི་ལོའི་ལོ་སྟོད་ཀྱི་དམག་མི་བུ་མོ་བསྡུ་བའི་ནང་ཐོ་འགོད་ཆོག་གི་ཡོད་པ་རེད།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

2021ལོའི་ལོ་སྟོད་ཀྱི་དམག་མི་བསྡུ་བའི་ལས་དོན་ཟླ་2ཚེས་20ཉིན་ནས་འགོ་འཛུགས་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་རྒྱལ་ཡོངས་ཀྱི་དམག་མི་བསྡུ་བའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུད་ཀྱི་2021ལོའི་དམག་མི་བསྡུ་བའི་བཀའ་རྒྱ་སྒྲོག་སྦྱངས་བྱས་པ་དང་འབྲེལ། འདི་ལོའི་དམག་མི་བསྡུ་བའི་ལས་དོན་བཀ