ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

པེ་ཅིང་གི་མི་ཁྲི་190ལ་ཏོག་གསར་རིམས་འགོག་སྨན་ཁབ་ཐེངས་དང་པོ་བརྒྱབ་པ།

2021-01-23 10:29:00     责编:sangjzm

ཟླ་1ཚེས་22ཉིན་ནས་སྨན་ཁབ་ཐེངས་གཉིས་པ་རྒྱག་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་21ཉིན་གློག་འཕྲིན་འབྱོར་གསལ། འདི་ལོའི་ཟླ་དང་པོ་ནས་བཟུང་། པེ་ཅིང་གྲོང་ཁྱེར་གྱིས་སྒྲིག་འཛུགས་ལྡན་པའི་སྒོ་ནས་གཙོ་གནད་མི་ཚོགས་ལ་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་འགོ་བཙུགས་ཤིང་། ཟླ་1ཚེས་19ཉིན་བར་གཙོ་གནད་མི་ཚོགས་ལ་རིམས་འགོག་སྨན་ཁབ་ཐེངས་དང་པོ་བརྒྱབ་པར་རིམ་རྩིས་བྱས་ན་མི་གྲངས་ཁྲི་190ལྷག་ཙམ་ཟིན་ཡོད། དེ་རྗེས་གཙོ་གནད་མི་ཚོགས་ལ་རིམས་འགོག་སྨན་ཁབ་ཐེངས་གཉིས་པ་རྒྱག་རྒྱུ་དེ་ཟླ་1ཚེས་22ཉིན་ནས་འགོ་བཙུགས་ཏེ་ཟླ་2ཚེས་8གོང་དུ་ལེགས་གྲུབ་ཟིན་པ་བྱ་རྩིས་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། པེ་ཅིང་གྲོང་ཁྱེར་གྱིས“གོམ་སྟབས་གཉིས་ལ་དབྱེ་བའི”ཇུས་གཞིར་དམིགས་ནས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་རིམས་འགོག་སྨན་ཁབ་རྒྱག་རྒྱུ་ཡིན་ཞིང་། གོམ་སྟབས་དང་པོ་ནི་གཙོ་བོ་གཙོ་གནད་མི་ཚོགས་ལ་དམིགས་ནས་སྨན་ཁབ་རྒྱག་རྒྱུའི་ཁྲོད་ནང་འདྲེན་གྲང་ཕྲེང་དང་། འགག་སྒོའི་ནད་ཡམས་ཞིབ་དཔྱད། གྲུ་གཟིངས་ལམ་སྟོན། མཁའ་འགྲུལ་ལས་སྒྲུབ། སོས་པ་དང་རྗེན་པའི་ཁྲོམ་ར། སྤྱི་པའི་འགྲིམ་འགྲུལ། སྨན་བཅོས་ནད་ཡམས་ཚོད་འཛིན་སོགས་ནད་འགོ་བའི་ཉེན་ཁ་ཅུང་ཆེ་བའི་ལས་དོན་མི་སྣ་དང་དེ་བཞིན་ཉེན་ཁ་ཆེ་འབྲིང་གི་རྒྱལ་ཁབ་བམ་ཡང་ན་ས་ཁུལ་དུ་ལས་ཀ་བྱེད་པའམ་སློབ་སྦྱོང་བྱེད་པའི་མི་སྣ་ཚུད་ཡོད་པ་རེད།

གོམ་སྟབས་གཉིས་པ་ནི་རིམས་འགོག་སྨན་ཁབ་ཀྱི་ཟུར་བསྣན་ཆ་རྐྱེན་ཁྲོམ་རར་འདོན་ཆོག་པའི་ཆོག་མཆན་ཐོབ་པ་དང་དེ་བཞིན་རིམས་འགོག་སྨན་ཁབ་ཐོན་སྐྱེད་བྱེད་ཚད་རིམ་བཞིན་མཐོ་རུ་འགྲོ་བ་དང་བསྟུན་ནས་རིམས་འགོག་སྨན་ཁབ་དེ་བས་མང་བ་རྒྱག་རྒྱུ་རེད། རིམས་འགོག་སྨན་ཁབ་གོ་རིམ་ལྡན་པའི་ངང་བརྒྱབ་པ་བརྒྱུད་ཆ་རྐྱེན་འཚམ་པའི་མང་ཚོགས་ཚང་མར་རིམས་འགོག་སྨན་ཁབ་རྒྱག་ཐུབ་རྒྱུ་རེད།

ད་ཐེངས་བཀོལ་སྤྱོད་བྱེད་པའི་ཏོག་གསར་རིམས་འགོག་སྨན་ཁབ་ནི་ནད་དུག་ཡོངས་སུ་གསོད་པའི་རིམས་འགོག་སྨན་ཁབ་ཡིན་པ་དང་འོས་སྦྱོར་བྱས་པའི་ནད་འགོག་གོ་རིམ་ནི་ཁབ་ཐེངས་གཉིས་རྒྱག་དགོས་ཀྱི་ཡོད། རིམས་འགོག་སྨན་ཁབ་རྒྱག་ཡུལ་མི་ཚོགས་ཀྱི་ནད་འགོག་ནུས་པ་ཡག་ཤོས་ཐོན་ཆེད་རིམས་འགོག་སྨན་ཁབ་ཐེངས་གཉིས་པ་རྒྱག་པའི་དུས་ཚོད་བར་ཐག་ཉིན་21ནས་28བར་འཇོག་དགོས་ལ་ཉིན་14ནས་28བར་གྱི་ནང་ཚུན་དུ་རྒྱག་ནའང་འགྲིག་གི་ཡོད། པེ་ཅིང་གྲོང་ཁྱེར་གྱི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་གྱི་གཅིག་གྱུར་བཀོད་སྒྲིག་ལྟར་གཙོ་གནད་མི་ཚོགས་ཀྱི་རིམས་འགོག་སྨན་ཁབ་ཐེངས་གཉིས་པ་རྒྱག་འགོ་ཚུགས་པའི་དུས་ཚོད་ཟླ་1ཚེས་22ཉིན་ནས་ཡིན་པ་དང་གྲོང་ཁྱེར་ཡོངས་ཀྱིས“སྨན་ཁབ་རྒྱག་པའི་བླང་བྱ་མི་འགྱུར་བ་དང་། སྒྲིག་འཛུགས་ཐབས་ལམ་མི་འགྱུར་བ། རིམས་འགོག་སྨན་ཁབ་ཀྱི་རིགས་མི་འགྱུར་བ”བཅས་མི་འགྱུར་བ་གསུམ་གྱི་རྩ་དོན་གཞིར་བཟུང་། རིམས་འགོག་སྨན་ཁབ་ཐེངས་གཉིས་པ་རྒྱག་པའི་སྐུལ་སློང་དང་སྒྲིག་འཛུགས་ལས་དོན་ཡག་པོ་སྤེལ་ནས་ཐེངས་དང་པོ་དང་ཐེངས་གཉིས་པ་འབྲེལ་མཐུད་ཡག་པོ་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།

རིགས་གཅིག་མཁས་ཅན་གྱིས་ཏོག་གསར་རིམས་འགོག་སྨན་ཁབ་བརྒྱབ་རྗེས་སྔར་བཞིན་ཁ་རས་རྒྱག་པ་དང་། ལག་པ་ཡང་སེ་འཁྲུ་བ། རླུང་འགྲོ་ཡག་པོ་ཡོང་བ་བཅས་བྱས་ཏེ་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ཐོག་རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་གྱི་བླང་བྱ་ཁག་ལ་བརྩི་སྲུང་ཞུ་དགོས་པའི་དྲན་སྐུལ་བྱས་པ་རེད།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

པེ་ཅིང་གི་མི་ཁྲི་190ལ་ཏོག་གསར་རིམས་འགོག་སྨན་ཁབ་ཐེངས་དང་པོ་བརྒྱབ་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་21ཉིན་གློག་འཕྲིན་འབྱོར་གསལ། འདི་ལོའི་ཟླ་དང་པོ་ནས་བཟུང་། པེ་ཅིང་གྲོང་ཁྱེར་གྱིས་སྒྲིག་འཛུགས་ལྡན་པའི་སྒོ་ནས་གཙོ་གནད་མི་ཚོགས་ལ་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་འགོ་བཙུགས་ཤིང་། ཟླ་1ཚེས་19ཉིན་བར་གཙོ་གནད་མི་ཚོགས་ལ་རིམས་འགོ