ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ན་ནིང་རང་རྒྱལ་གྱིས་ཕྱི་ཕྱོགས་ལ་ཐད་ཀར་མ་འཇོག་བྱེད་ཚད་དུས་མཚུངས་ལས་3.3%འཕར་བ།

2021-01-23 10:09:00     责编:sangjzm

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་ཚོང་དོན་པུའི་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། 2020ལོར་རང་རྒྱལ་གྱིས་ཕྱི་ཕྱོགས་ལ་མ་འཇོག་མཉམ་ལས་བྱ་རྒྱུ་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་རྒྱུན་འཁྱོངས་ཐུབ་པ་དེས་ཕྱི་ཕྱོགས་ལ་མ་དངུལ་གཏོང་ཚད་སྤྱིར་ན་མང་དུ་སོང་ཞིང་། ལོ་ཧྲིལ་པོར་རང་རྒྱལ་གྱིས་ཕྱི་ཕྱོགས་ལ་ཐད་ཀར་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་1329.4ཟིན་པ་དེ་དུས་མཚུངས་ལས་3.3%འཕར་ནས་ཕྱི་ཕྱོགས་ལ་ངལ་ནུས་མཉམ་ལས་བྱེད་པར་བཏང་བའི་ལས་མི་སྣ་ཚོགས་ཁྲི་30.1ཟིན་པ་དང་། ཟླ་བཅུ་གཉིས་པའི་ཟླ་མཇུག་ཏུ་ཕྱི་ཕྱོགས་ལ་བཏང་བའི་ལས་མི་སྣ་ཚོགས་ཁྲི་62.3ཟིན་ཡོད་པ་རེད།

ཡོངས་བསྒྲགས་ཚོགས་འདུའི་ཐོག་ཚོང་དོན་པུས་ད་དུང་2020ལོའི་རང་རྒྱལ་གྱི་ཞབས་ཞུ་ཕྱི་ཕྱོགས་ལ་འགན་གཙང་སྤྲོད་པའི་ཐོན་ལས་འཕེལ་རྒྱས་གནས་ཚུལ་ཡོངས་བསྒྲགས་བྱས་ཤིང་། 2020ལོར་རང་རྒྱལ་གྱི་ཁེ་ལས་ཀྱིས་ཞབས་ཞུ་ཕྱི་ཕྱོགས་འགན་གཙང་དང་ལེན་གྱི་གན་འཇོག་དངུལ་གྲངས་མི་དམངས་ཤོག་སྒོར་དུང་ཕྱུར་17022.7དང་ལག་བསྟར་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་12113.2ཟིན་པ་དེ་དུས་མཚུངས་ལས་8.4%དང་13.3སོ་སོར་འཕར་ཡོད། ཞབས་ཞུ་ཕྱི་ཕྱོགས་ལ་འགན་གཙང་སྤྲོད་པའི་ཐོན་ལས་མགྱོགས་མྱུར་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་ནས། “ཀྲུང་གོའི་ཞབས་ཞུའི”སྤུས་རྟགས་རྒྱལ་སྤྱིར་ཤུགས་རྐྱེན་ཐེབས་ནུས་རྒྱུན་ཆད་མེད་པར་ཆེ་རུ་སོང་བའི་ཁྲོད། ས་ཁོངས་གཞན་ལ་ཞབས་ཞུ་ཕྱི་ཕྱོགས་ཀྱི་འགན་གཙང་དང་ལེན་གྱི་ལག་བསྟར་དངུལ་འབོར་ཨ་སྒོར་དུང་ཕྱུར་ཆིག་སྟོང་ལས་ཐེངས་དང་པོ་བརྒལ་ནས་ཞབས་ཞུའི་ངལ་ནུས་ཕྱི་ཕྱོགས་ལ་མཁོ་འདོན་བྱ་རྒྱུར་སྐུལ་ཁྲིད་ཐུབ་སྟེ་བརྒྱ་ཆའི་གྲངས་3.8མཐོ་རུ་ཕྱིན་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་འཕེལ་རྒྱས་དམིགས་ཚད་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

ན་ནིང་རང་རྒྱལ་གྱིས་ཕྱི་ཕྱོགས་ལ་ཐད་ཀར་མ་འཇོག་བྱེད་ཚད་དུས་མཚུངས་ལས་3.3%འཕར་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་ཚོང་དོན་པུའི་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། 2020ལོར་རང་རྒྱལ་གྱིས་ཕྱི་ཕྱོགས་ལ་མ་འཇོག་མཉམ་ལས་བྱ་རྒྱུ་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་རྒྱུན་