ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་བརྒྱད་ཅུ་གྱ་གཉིས་པ་འཚོགས་ནས་འབྲེལ་ཡོད་འཆར་ཟིན་དང་གྲོས་གཞིར་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུ་གསན་པ་དང་ལི་ཀྲན་ཧྲུའུ་ཡིས་གཙོ་སྐྱོང་གནང་བ།

2021-01-22 15:55:00     责编:sangjzm

འདི་ག་ལས་ཁུངས་ནས་གནས་ཚུལ། སྤྱི་ཚེས་21ཉིན་གྱི་ཕྱི་དྲོ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་བརྒྱད་ཅུ་གྱ་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ལི་ཧྥེ་ཡིས་གྲོས་ཚོགས་ཐོག་སྲོག་ཆགས་ཀྱི་རིམས་འགོག་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་བཟོ་བཅོས་རྒྱག་རྒྱུའི་བསམ་འཆར་སྐོར་གྱི་སྙན་ཞུ་དང་། སྲིད་འཛིན་ཆད་གཅོད་ཀྱི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་བཟོ་བཅོས་རྒྱག་རྒྱུའི་བསམ་འཆར་སྐོར་གྱི་སྙན་ཞུ། མཚོ་ཐོག་ཉེན་རྟོག་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་བཟོ་བཅོས་རྒྱག་རྒྱུའི་བསམ་འཆར་སྐོར་གྱི་སྙན་ཞུ། པེ་ཅིང་དངུལ་རྩའི་ཁྲིམས་ཁང་འཛུགས་རྒྱུའི་གཏན་འབེབས་འཆར་ཟིན་གྱི་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ་བཅས་གནང་ཡོད། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་གྲོས་ཞིབ་བསམ་འཆར་གཞིར་བཟུང་། འབྲེལ་ཡོད་འཆར་ཟིན་གྱི་གྲོས་འགོའི་བརྡས་ཐག་གཅོད་ཡིག་བཏོན་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཀྲང་ཡེ་སུའེ་ཡིས་གྲོས་ཚོགས་ཐོག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་པེར་ཀྲེམ་རྒྱལ་ལྡན་རྒྱལ་ཁབ་ཀྱི་ཁྲིམས་ཐག་བཅད་པའི་མི་སྣ་རྩིས་སྤྲོད་དོ་དམ་བྱ་རྒྱུའི་སྐོར་གྱི་ཆིངས་ཡིག་ཞེས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མོ་རོ་ཁོ་རྒྱལ་ལྡན་རྒྱལ་ཁབ་བར་གྱི་ཁྲིད་སྐྱེལ་ཆིངས་ཡིག་ཞེས་པར་གྲོས་ཞིབ་བྱས་ཚུལ། དེ་བཞིན་ཆིངས་ཡིག་ལ་ཆོག་མཆན་སྤྲོད་པའི་གཏན་འབེབས་འཆར་ཟིན་གྱི་ཚབ་བྲིས་མ་ཟིན་སྐོར་གྱི་སྙན་ཞུ་བཅས་གནང་ཡོད་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་དབྱང་ཀྲེན་ཝུའུ་ཡིས་གྲོས་ཚོགས་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་དང་། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་། ཕྱི་དོན་ཨུ་ཡོན་ལྷན་ཁང་སོགས་ཆེད་དོན་ཨུ་ཡོན་ལྷན་ཁང་གསུམ་གྱི་འཐུས་མིའི་གྲོས་གཞིར་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ་དང་། འཐུས་མི་རེ་གཉིས་ཀྱི་འཐུས་མིའི་ཐོབ་ཐང་སྙན་ཞུ་དང་གོ་གནས་བསྐོ་འཐེན་གྲོས་གཞིར་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུ་སོགས་གནང་ཡོད་པ་རེད།

ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐོག གོང་གསལ་འཆར་ཟིན་གྱི་གྲོས་འགོའི་བརྡས་ཐག་གཅོད་ཡིག་སོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有