ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

༼ཞི་ཅིན་ཕིང་གི་དྲ་སྦྲེལ་སྟོབས་ཆེའི་རྒྱལ་ཁབ་སྐོར་གྱི་རྣམ་བཤད་བསྡུས་སྒྲིག་༽ཅེས་པ་པར་སྐྲུན་འགྲེམས་སྤེལ་བྱས་པ།

2021-01-22 15:45:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་༼ཞི་ཅིན་ཕིང་གི་དྲ་སྦྲེལ་སྟོབས་ཆེའི་རྒྱལ་ཁབ་སྐོར་གྱི་རྣམ་བཤད་བསྡུས་སྒྲིག་༽ཅེས་པའི་དཔེ་དེབ་དེ་ཉེ་དུས་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་དང་རྒྱལ་ཡོངས་སུ་འགྲེམས་བྱས་ཡོད་པ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ནས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེའི་འཐབ་རྩོད་ནས་འགོ་བརྩམས་པ་དང་། དྲ་སྦྲེལ་ལ་མཐོང་ཆེན་དང་དྲ་སྦྲེལ་གོང་འཕེལ། དྲ་སྦྲེལ་བཅོས་སྐྱོང་བཅས་བྱས་པ་དང་། ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས། དམག་དོན་སོགས་ཁྱབ་ཁོངས་ཀྱི་དྲ་སྦྲེལ་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་གནད་དོན་གལ་ཆེ་རིགས་ལ་གཅིག་གྱུར་མཐུན་སྦྱོར་བྱས་ཏེ། ཇུས་ཐག་གལ་ཆེན་རབ་དང་རིམ་པ་བཟུང་བ་དང་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ལག་ལེན་བསྟར་ཐོག རང་རྒྱལ་གྱི་དྲ་སྦྲེལ་ཆ་འཕྲིན་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་དྲ་སྦྲེལ་བཅོས་སྐྱོང་ལམ་བུའི་ཐོག་ཏུ་སྐྱོད་ཡོད་པ་རེད།

བློ་མཐུན་ཞི་ཅིན་ཕིང་གིས་དྲ་སྦྲེལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པར་གཞིགས་ནས་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་གནང་བ་དང་། དགོངས་པ་གསར་པ་དང་གཟིགས་ཚུལ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་སྟོན་གནང་བས། དུས་རབས་གསར་པའི་དྲ་སྦྲེལ་བྱ་གཞག་གོང་འཕེལ་གཏོང་ཆེད་དུ་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

བློ་མཐུན་ཞི་ཅིན་ཕིང་གི་དྲ་སྦྲེལ་སྟོབས་ཆེའི་རྒྱལ་ཁབ་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་བྱེད་པ་དེས་ང་ཚོས་དྲ་སྦྲེལ་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པ། དྲ་སྦྲེལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་འགོ་འཛུགས་པ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།

༼རྣམ་བཤད་བསྡུས་སྒྲིག་༽དེ་ཆེད་དོན་ཁག་དགུ་ལ་དབྱེ་བ་དང་དེའི་ནང་ཁྱོན་བསྡོམས་རྣམ་པར་བཤད་པ་ཁག་285ཡོད་པ་དང་། དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ལོ་2013ལོའི་ཟླ་3པའི་ཚེས་4ཉིན་ནས་སྤྱི་ལོ་2020ལོའི་ཟླ་11པའི་ཚེས་23ཉིན་བར་གྱི་གསུང་བཤད་དང་། སྙན་ཞུ། གསུང་ཚིག མཛུབ་སྟོན། མཆན་བཀོད། རྟེན་འབྲེལ་ཞུ་ཡིག་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་བརྒྱ་ལྷག་བསྡུས་སྒྲིག་བྱས་པ་ཞིག་ཡིན། དེའི་ནང་གི་རྣམ་བཤད་མང་པོ་ཞིག་ནི་ཡོངས་བསྒྲགས་ཐོག་སྤེལ་ཐེངས་དང་པོ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

༼ཞི་ཅིན་ཕིང་གི་དྲ་སྦྲེལ་སྟོབས་ཆེའི་རྒྱལ་ཁབ་སྐོར་གྱི་རྣམ་བཤད་བསྡུས་སྒྲིག་༽ཅེས་པ་པར་སྐྲུན་འགྲེམས་སྤེལ་བྱས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་༼ཞི་ཅིན་ཕིང་གི་དྲ་སྦྲེལ་སྟོབས་ཆེའི་རྒྱལ་ཁབ་སྐོར་གྱི་རྣམ་བཤད་བསྡུས་སྒྲིག་༽ཅེས་པའི་དཔེ་དེབ་དེ་ཉེ་དུས་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་དང་རྒྱལ་ཡོངས་སུ་འགྲེམས་བྱས་ཡོད་པ་རེད།