ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཞི་ཅིན་ཕིང་གིས་ཧོ་པེ་རུ་རྟོག་ཞིབ་གནང་བ་མ་ཟད་པེ་ཅིང་གི་སྤྱི་ལོ་༢༠༢༢ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲབས་གཉེར་ལས་ཀའི་སྙན་སེང་ཚོགས་འདུ་གཙོ་སྐྱོང་གནང་བར་ལན་ཆ་བཟང་པོ་བྱུང་བ།

2021-01-22 15:41:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དང་ཧོ་པེར་རྟོག་ཞིབ་གནང་བ་མ་ཟད་སྤྱི་ལོ་༢༠༢༢ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲབས་གཉེར་ལས་དོན་སྙན་སེང་ཚོགས་འདུ་གཙོ་སྐྱོང་གནང་བས། རྒྱ་ཆེའི་ལུས་རྩལ་པ་དང་རྩལ་སློབ་པ། འགྲན་ཁུལ་གྱི་འཁོར་སྐྱོད་འགན་ལེན་ཚོགས་པའི་ཁྲོད་ལན་ཆ་བཟང་པོ་བྱུང་ཡོད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་ནས། ལག་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། ཕྱི་རྒྱལ་གྱི་སྔོན་ཐོན་འདུ་ཤེས་དང་ལག་རྩལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། སྦྱོང་བརྡར་དང་འགྲན་བསྡུར་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་ཆེད་དུ་གཟི་བརྗིད་བརྩོན་ལེན་དང་གྲུབ་འབྲས་བཟང་པོ་གཏོད་རྒྱུ་ཡིན་ཞེས་བརྗོད་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟོག་ཞིབ་གནང་སྐབས། རང་རྒྱལ་གྱི་གངས་འཁྱགས་ལུས་རྩལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། རྒྱ་ཆེའི་གངས་འཁྱགས་ལུས་རྩལ་པར་ཐོབ་དཀའ་བའི་མི་ཚེའི་གོ་སྐབས་ཤིག་ཀྱང་བཏོད་ཡོད་ཅེས་ནན་བཤད་གནང་ཡོད། མཆོང་སྟེགས་གངས་ཤུད་རྒྱལ་ཁབ་ཀྱི་གཅིག་སྡུད་སྦྱོང་བརྡར་རུ་ཁག་གི་རུ་མི་ལི་ཞུའེ་ཡའོ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་དངོས་སུ་ཕེབས་ནས་ས་གནས་ས་ཐོག་ཏུ་ང་ཚོའི་སྦྱོང་བརྡར་ལ་གཟིགས་གནང་བ་དེ་ནི་ང་ཚོའི་ངོས་ནས་བརྗོད་ན་སྐུལ་ལྕག་ཆེ་ཤོས་ཤིག་རེད། པེ་ཅིང་གི་སྤྱི་ལོ་༢༠༢༢ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་སུ། རང་ཉིད་ཀྱི་སྒོ་ཁའི་མདུན་གྱི་འགྲན་རར། རང་ཉིད་རྣམ་པར་རྒྱལ་ཐུབ་པ་དང་། གངས་ཀྱི་ནོར་བུ་བསམ་འཕེལ་དབྱིབས་ཀྱི་འགྲན་ར་དེའི་ཐོག་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་རྒྱུ་བརྩོན་ལེན་བྱས་ཏེ། རྒྱལ་ཁབ་ཆེད་གཟི་བརྗིད་བརྩོན་ལེན་བྱ་རྒྱུའི་རེ་བ་བྱེད་བཞིན་ཡོད་ཅེས་བཤད་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས། དེང་རབས་ཀྱི་རྩལ་འགྲན་ལུས་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ན། ཤུགས་ལ་བརྟེན་དགོས་ལ་རྩལ་ནུས་ལའང་བརྟེན་དགོས། ལུས་རྩལ་པས་རྒྱལ་ཁབ་ཀྱི་ཆེད་དུ་གཟི་བརྗིད་བརྩོན་ལེན་དང་གྲུབ་འབྲས་བཟང་པོ་གཏོད་ཕོད་པའི་བློ་སྟོབས་ཡོད་དགོས་ཤིང་། དབྱར་ཚ་བ་ཆེ་བའི་དུས་སུ་སྦྱོང་བརྡར་བྱེད་དགོས་ལ། དགུན་གྲང་ངར་ཁྲོད་དུའང་སྦྱོང་བརྡར་བྱེད་དགོས། ལག་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། ཕྱི་རྒྱལ་གྱི་སྔོན་ཐོན་འདུ་ཤེས་དང་ལག་རྩལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། སྦྱོང་བརྡར་དང་འགྲན་བསྡུར་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། དགུན་དུས་རྣམ་གྲངས་གཉིས་ཀྱི་རྒྱལ་ཁབ་ཀྱི་གཅིག་སྡུད་སྦྱོང་བརྡར་རུ་ཁག་གི་རྩལ་སློབ་པ་གཙོ་བོ་པེ་གཡོད་ཏ་ལུན་གྱིས། ང་ཚོའི་ལུས་རྩལ་པར་མཚོན་ན། ངའི་བསམ་པར་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་ནུས་པ་གལ་ཆེ་ཤོས་ཤིག་ནི་ཚང་མས་སྒོ་རྩར་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་གྲ་སྒྲིག་བྱེད་པ་དེ་ནི་སྤོབས་པ་བྱེད་འོས་པ་ཞིག་ཡིན་པའི་ངོས་འཛིན་ཐུབ་པ་དེ་རེད། དེའི་རྒྱུ་མཚན་ནི་ཁྱེད་རང་ནས་དངོས་སུ་མཐོང་ཐུབ་པས་བག་ཆགས་ཟབ་མོ་འཇོག་ཐུབ་རྒྱུ་རེད་ཅེས་གསུངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས། བདེ་འཇགས་ནི་ལུས་རྩལ་འགྲན་བསྡུར་གལ་ཆེན་གྱིས་ངེས་པར་དུ་བརྟན་པོར་བསྲུང་དགོས་པའི་གཞི་ཐིག་ཡིན། ཕྱོགས་གང་ཅིའི་ཐད་ཀྱི་བདེ་འཇགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དོ་དམ་ཚོགས་པ་དང་མྱུར་སྐྱོབ་སྟོབས་ཤུགས། སྒྲིག་བཀོད་སྲུང་སྐྱོང་དཔུང་ཁག་བཅས་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱེད་པ། རིམས་འགོག་དང་། མེ་ཟོན། ལས་འཛོལ་སྔོན་འགོག་སོགས་ཀྱི་ཉེན་ཁ་སྔོན་འགོག་བྱ་ཐབས་འཐུས་ཚང་དུ་གཏོང་བ། འཕྲལ་སྡོམ་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། འཕྱུགས་པ་གཏན་ནས་མེད་པའི་འགན་ལེན་བྱེད་དགོས། པའེ་ཁུང་རི་སའི་རོགས་སྐྱོབ་རུ་ཁག་གི་རུ་དཔོན་ཀའོ་ཡུས་ཀྱིས། སྤྱི་ཁྱབ་ཧྲུའུ་ཅིས་ངེས་པར་དུ་བདེ་འཇགས་ཡིན་དགོས་ཞེས་གསུངས་དུས། ངའི་བསམ་བློར་རྦད་དེ་སྤྱི་ལོ་༢༠༢༢ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་དངོས་ཀྱི་ཉིན་དེར། ང་རང་གངས་ཤུད་གློད་སའི་མཚམས་སུ་ལངས་ནས་མི་ཚང་མའི་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་རེད། བྱ་བ་དེ་ནི་ངའི་ཚེ་གང་གི་ཆེས་གཟི་བརྗིད་ལྡན་པའི་དོན་དག་ཅིག་རེད་ཅེས་གསུངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས། པེ་ཅིན་གྱི་དགུན་དུས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་། དགུན་དུས་དབང་པོ་སྐྱོན་ཅན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་ར་ཚང་མ་ལོ་གཅིག་གི་སྔོན་ལ་བསྐྲུན་ཚར་བ་དང་། རང་རྒྱལ་གྱི་གངས་འཁྱགས་རྣམ་གྲངས་མང་པོ་ཞིག་ལོ་གཉིས་ལྷག་ཙམ་གྱི་ནང་མེད་པ་ནས་ཡོད་པ་དང་། རྣམ་གྲངས་ཁ་ཤས་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པས། ཏང་གི་འགོ་ཁྲིད་དང་རྒྱལ་ཁབ་ཀྱི་སྒྲིག་སྲོལ་དང་སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པའི་ལམ་ལུགས་ཀྱི་དགེ་མཚན་གང་ལེགས་མངོན་ཡོད་ཅེས་གསུངས་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ལུས་རྩལ་འགྲན་ཚོགས་ཞབས་ཞུ་པུའི་པུའུ་ཀྲང་ཡུས་ཏེ་པིང་གིས། ད་ལོའི་སྤྱི་ཟླ་༢པའི་ཚོད་ལྟའི་བྱེད་སྒོ་དང་། དེ་བཞིན་ད་ལོའི་ལོ་སྨད་ཀྱི་ཚོད་ལྟའི་འགྲན་བསྡུར་གྱི་བྱེད་སྒོ་ཁ་ཤས་བཀྲ་ཤིས་པའི་སྒོ་ནས་ལེགས་སྒྲུབ་བྱེད་པ་དང་། སྤྱི་ལོ་༢༠༢༢ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་ཉིད་ལྟད་མོ་ཆེ་བ་དང་། ཁྱད་དུ་འཕགས་པ། དོ་ཟླ་གྲལ་བ་ཞིག་ཏུ་གཉེར་ཐུབ་པའི་ཆོད་སེམས་དང་སེམས་ཤུགས་ཡོད་ལ། ནུས་པའང་ཡོད་ཅེས་གསུངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་ཧོ་པེ་རུ་རྟོག་ཞིབ་གནང་བ་མ་ཟད་པེ་ཅིང་གི་སྤྱི་ལོ་༢༠༢༢ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲབས་གཉེར་ལས་ཀའི་སྙན་སེང་ཚོགས་འདུ་གཙོ་སྐྱོང་གནང་བར་ལན་ཆ་བཟང་པོ་བྱུང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དང་ཧོ་པེར་རྟོག་ཞིབ་གནང་བ་མ་ཟད་སྤྱི་ལོ་༢༠༢༢ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲབས་གཉེར་ལས་དོན་སྙན་སེང་ཚོགས་འདུ་གཙོ་སྐྱོང་གནང་བས། རྒྱ་ཆེའི་ལུས་རྩལ་པ་དང་རྩལ་སློབ་པ། འགྲན་ཁུལ་གྱི་འཁོར་སྐྱོད་འགན་ལེན་