ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

གྲབས་གཉེར་ལས་དོན་ལེཊ་པར་བསྒྲུབ། གཟེངས་ཐོན་ཨོ་རྩལ་འགྲན་ཚོཊ་གཉེར།

2021-01-22 15:31:00     责编:sangjzm

གྲབས་གཉེར་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་སྟེ། ངོ་མཚར་གྱིས་ཕྱུག་པ་དང་། སྤྱིར་བཏང་མིན་པ། གཟེངས་སུ་ཐོན་པ་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱས་འཛོམས་ཤིག་གཉེར་རྒྱུ་ཡིན་པ།

འདི་ག་ལས་ཁུངས་ཀྱིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་མྱུར་དཔྱད་འགོ་བརྗོད་དུ་ གྲབས་གཉེར་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་སྟེ། ངོ་མཚར་གྱིས་ཕྱུག་པ་དང་། སྤྱིར་བཏང་མིན་པ། གཟེངས་སུ་ཐོན་པ་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱས་འཛོམས་ཤིག་གཉེར་དགོས་ཞེས་པ་གཏོང་སྤེལ་བྱས་ཡོད།

མྱུར་དཔྱད་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་པེ་ཅིང་དང་ཧོ་པེ་རུ་རྟོག་ཞིབ་གནང་ནས་པེ་ཅིང་གི་སྤྱི་ལོ་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་ཀྱི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲབས་གཉེར་ལས་དོན་གྱི་སྙན་སེང་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས། སེམས་ཤུགས་བརྟན་པོ་དང་། འབད་འཐབ་ཆེར་སྐྱེད། ཡག་ཐོག་ཡག་བརྩེགས། དཀའ་ངལ་ལས་རྣམ་པར་རྒྱལ་བ་བཅས་བྱེད་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་ནན་ཏན་བྱས་ཏེ། སྦགས་མེད་ངང་ཨོ་རྩལ་འགྲན་ཚོགས་གཉེར་བ་དང་། མཉམ་སྤྱོད་ངང་ཨོ་རྩལ་འགྲན་ཚོགས་གཉེར་བ། སྒོ་དབྱེའི་ངང་ཨོ་རྩལ་འགྲན་ཚོགས་གཉེར་བ། སྤྱོད་གཙང་སྒོ་ནས་ཨོ་རྩལ་འགྲན་ཚོགས་གཉེར་བ་བཅས་བྱ་རྒྱུ་དེ་གྲབས་གཉེར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། ནུས་ཤུགས་ཡོད་རྒུས་གྲབས་གཉེར་ལས་དོན་ཁག་ཡག་པོ་བསྒྲུབ་སྟེ། འཛམ་གླིང་ལ་ངོ་མཚར་གྱིས་ཕྱུག་པ་དང་། སྤྱིར་བཏང་མིན་པ། གཟེངས་སུ་ཐོན་པ་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱས་འཛོམས་ཤིག་སྐྱེས་སུ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་ཀྱི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་གཉེར་བའི་དོན་སྙིང་གལ་ཆེན་ལ་འགྲེལ་བཤད་གཏིང་ཟབ་གནང་ཡོད་པ་དང་། གྲོན་ཆུང་དང་། བདེ་འཇགས། ངོ་མཚར་ཆེ་བ་བཅས་ཀྱི་འགྲན་གཉེར་བླང་བྱ་བསྐྱར་བཤད་གནང་བ། དམིགས་སའི་རང་བཞིན་ཤིན་ཏུ་ཆེ་བའི་བཀོད་སྒྲིག་རབ་དང་རིམ་པ་གནང་བ། ལོ་རྒྱུས་རང་བཞིན་གྱི་རྒྱས་འཛོམས་འདི་ཡག་པོ་གཉེར་བར་བསམ་བློ་དང་བྱ་སྤྱོད་ཐད་ཁྲིད་སྟོན་གནང་ཡོད་པས། དེས་རང་རྒྱལ་གྱི་གངས་འཁྱག་ལུས་རྩལ་གོང་འཕེལ་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་དང་། ལུས་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་གང་མགྱོགས་ཐེབས་ངེས་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག ཟླ་བ་ཚེ་རིང་།
ཡིག་སྒྱུར། མིག་དམར་རྒྱ་མཚོ།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

གྲབས་གཉེར་ལས་དོན་ལེཊ་པར་བསྒྲུབ། གཟེངས་ཐོན་ཨོ་རྩལ་འགྲན་ཚོཊ་གཉེར།

འདི་ག་ལས་ཁུངས་ཀྱིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་མྱུར་དཔྱད་འགོ་བརྗོད་དུ་ གྲབས་གཉེར་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་སྟེ། ངོ་མཚར་གྱིས་ཕྱུག་པ་དང་། སྤྱིར་བཏང་མིན་པ། གཟེངས་སུ་ཐོན་པ་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱས་འཛོམས་ཤིག་གཉེར་དགོས་ཞེས་པ་གཏོང་སྤེལ་བྱས་ཡོད།