ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཕྱི་འབྲེལ་པུས་བསྟན་དོན། ཨ་རིའི་སྐབས་གསར་པའི་སྲིད་གཞུང་གིས་ཀྲུང་གོ་དང་ཕྱོགས་མཐུན་མཉམ་སྐྱོད་བྱས་ཏེ་ཀྲུང་ཨའི་འབྲེལ་བ་གང་མགྱོགས་ཡང་དག་པའི་འཕེལ་ཕྱོགས་ཐོག་སྐྱོད་ཐུབ་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།

2021-01-22 11:28:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨ་རིར་འཛིན་པའི་སྲིད་ཇུས་ནི་སྔ་ཕྱི་བར་གསུམ་དུ་འགྱུར་བ་མེད་པ་དང་ཁ་གསལ་ཞིག་ཡིན། ཨ་རིའི་སྐབས་གསར་པའི་སྲིད་གཞུང་གིས་ཀྲུང་གོ་དང་ཕྱོགས་མཐུན་མཉམ་སྐྱོད་བྱས་ཏེ་ཀྲུང་ཨའི་འབྲེལ་བ་གང་མགྱོགས་ཡང་དག་པའི་འཕེལ་ཕྱོགས་ཐོག་སྐྱོད་ཐུབ་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱི“ཧིན་རྡུ་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་མཐུན་སྦྱོར་བའི”མིང་འདོན་འོས་མི་ཁན་པེར་གྱིས་ཉེ་དུས་ཀྲུང་ཨའི་འབྲེལ་བ་གལ་ཏེ་མིག་སྔའི་འགྲོ་ལམ་ཐོག་མུ་མཐུད་བསྐྱོད་ཚེ་ཧ་ཅང་འཇིགས་སུ་རུང་བའི་གནས་སུ་གྱར་རྒྱུ་རེད། ཕྱོགས་གཉིས་པོས་མདུང་རྩེ་ཁ་སྤྲོད་
ཀྱི་བྱེད་སྟངས་གནས་སྐབས་མཚམས་འཇོག་བྱས་ཏེ་འཚམ་མཐུན་གྱི་འབྲེལ་གཏུག་ཐབས་ལམ་དང་ལམ་སྲོལ་འཛུགས་དགོས་པ་མ་ཟད། ཞི་འཇམ་གྱི་གོ་རིམ་ཁག་གཅིག་སྤྱད་ནས་ཕར་ཕྱོགས་ལ་འབྲེལ་བ་ལེགས་གཏོང་གི་དགེ་མཚན་ལྡན་པའི་བརྡ་རྟགས་གཏོང་དགོས་ཞེས་བརྗོད་པ་རེད།

ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།

ཧྭ་ཁྲུན་ཡིང་གིས་ཀྲུང་གོ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་ཀྲུང་ཨའི་དབར་འབྲེལ་བ་བཟང་པོ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་ཞིག་རེད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་རེ་སྒུག་ཅིག་ཀྱང་རེད། ཀྲུང་ཨའི་དབར་མ་གཞི་མི་མཐུན་ས་གནས་ཡོད་ཀྱང་ཐུན་མོང་གི་ཁེ་ཕན་དང་མཉམ་ལས་ཀྱི་བར་མཐོངས་ཆེན་པོ་ལྡན་པས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་དམིགས་བསལ་གྱི་འགན་འཁྲི་འཁུར་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད།

ཧྭ་ཁྲུན་ཡིང་གིས“ཀྲུང་གོ་ཕྱོགས་ཀྱིས་ཨ་རིར་འཛིན་པའི་སྲིད་ཇུས་ནི་སྔ་ཕྱི་བར་གསུམ་དུ་འགྱུར་བ་མེད་པ་དང་ཁ་གསལ་ཞིག་ཡིན”ང་ཚོས་ཨ་རི་ཕྱོགས་དང་གདོང་ཐུག་མེད་པ་དང་ཁ་གཏད་དུ་མི་ལངས་པ་དང་། ཕན་ཚུན་བརྩི་འཇོག་དང་མཉམ་ལས་གཉིས་ཕན་ཡོང་བར་གཞོལ་བ་དང་དུས་མཚུངས་རྒྱལ་ཁབ་ཀྱི་བདག་དབང་གི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཨ་རིའི་སྐབས་གསར་པའི་སྲིད་གཞུང་གིས་ཀྲུང་གོ་དང་ཕྱོགས་མཐུན་མཉམ་སྐྱོད་བྱས་ཏེ་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་རྒྱག་པ་དང་། མ་མཐུན་པའི་ཆར་དོ་དམ་ཚོད་འཛིན་བྱེད་པ། མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱས་ནས་ཀྲུང་ཨའི་འབྲེལ་བ་གང་མགྱོགས་ཡང་དག་པའི་འཕེལ་ཕྱོགས་ཐོག་སྐྱོད་ཐུབ་པར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་དང་འཛམ་གླིང་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་བརྗོད།

གསར་འགོད་པ་གཞན་ཞིག་གིས། གནས་ཚུལ་སྤེལ་བར་ལྟར་ན། ཡོ་རོབ་ཇུས་འདོན་ཚོགས་པའི་ཡོ་རོབ་ཀྱི་ཕྱི་ཕྱོགས་འབྲེལ་བའི་ཨུ་ལྷན་གྱིས་ཚེས་19ཉིན་ཁྱབ་བསྒྲགས་བྱས་པའི་ཡོ་རོབ་ཀྱི་རྒྱལ་ཁབ་11དང་དམངས་ཚོགས་ཁྲི་1.5ལ་དམིགས་པའི་དམངས་འདོད་བརྟག་ཞིབ་བྱས་འབྲས་ལས་མངོན་དོན། ཡོ་རོབ་བ་མང་ཆེ་བས་ཨ་རིའི་ཆབ་སྲིད་སྒྲིག་སྲོལ་ཐོར་ཞིག་ཏུ་སོང་བ་དང་། ཐེ་རོན་ཕུ་ཡིས་སྲིད་འཛིན་ལོ་4བྱས་རྗེས་ཀྱི་ཨ་རི་དེ་ཡིད་ཆེས་མེད་པ་ཞིག་ཏུ་གྱུར་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།

ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།

ཧྭ་ཁྲུན་ཡིང་གིས་དེ་ལས་ཡིན་མིན་དྲང་འཁྱོག་ཡོད་པར་སྲིད་པ་དང་བདེན་པ་ཡོད་མེད་ཀུན་གྱིས་རྟོགས་པ་གསལ་བཤད་གང་ལེགས་བྱེད་ཐུབ། ཧྥེང་ཕེ་ཨའོ་ཡི་གྲས་ཀྱིས་སྐྱག་རྫུན་ཤོད་པ་དང་། མགོ་སྐོར་གཏོང་བ། འཁོན་འགྲས་དང་འགྲན་རྒོལ་བཟོ་བ།“རྫུན་གཏམ་ཕྱི་འབྲེལ”དང“འཇིགས་སྐུལ་ཕྱི་འབྲེལ”“བཙན་སྐུལ་ཕྱི་འབྲེལ”གྱི་བྱ་ངན་ཤུགས་ཆེན་སྤེལ་བ་སོགས་ཇི་འདྲ་བྱས་རུང་ཚང་མའི་སེམས་ནང་མེ་ལོང་རེ་ཡོད་པས་ཡང་དག་པའི་བརྡར་ཤ་གཅོད་ཀྱི་རེད་ཅེས་བརྗོད།

“སྐབས་འདིའི་ཨ་རི་སྲིད་གཞུང་གིས་སྲིད་འཛིན་བྱེད་རིང་གི་ལས་ཀ་བྱེད་སྟངས་ལ་ཚང་མའི་སེམས་ནང་རྒྱ་མ་ཞིག་ཡོད་སྲིད་པ་དང་། ལོ་རྒྱུས་ཀྱིས་ཀྱང་གཞུང་དྲང་གི་གདེང་འཇོག་བྱེད་ཀྱི་རེད”ཅེས་ཁོང་གིས་བརྗོད།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

ཕྱི་འབྲེལ་པུས་བསྟན་དོན། ཨ་རིའི་སྐབས་གསར་པའི་སྲིད་གཞུང་གིས་ཀྲུང་གོ་དང་ཕྱོགས་མཐུན་མཉམ་སྐྱོད་བྱས་ཏེ་ཀྲུང་ཨའི་འབྲེལ་བ་གང་མགྱོགས་ཡང་དག་པའི་འཕེལ་ཕྱོགས་ཐོག་སྐྱོད་ཐུབ་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨ་རིར་འཛིན་པའི་སྲིད་ཇུས་ནི་སྔ་ཕྱི་བར་གསུམ་དུ་འགྱུར་བ་མེད་པ་དང་ཁ་གསལ་ཞིག་ཡིན།