ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཏང་དར་ལ་གུས་བཏུད་ཞུ་བ་དང་། གུང་ཁྲན་ཏང་ཡོན་ལ་གུས་བཏུད་ཞུ་བ་སྟེ། ཧོ་པེའི་རིམས་འགོག་ས་ཡུལ་དངོས་ནང་འབད་འཐབ་གནང་བཞིན་པའི་གུང་ཁྲན་ཏང་ཡོན་རྣམས་ཀྱི་སྐོར་བཀོད་པ།

2021-01-21 14:49:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ལོ་༢༠༢༡ལོའི་ལོ་གསར་པ་འཆར་བའི་སྐབས་དེར། ཧོ་པེ་ཞིང་ཆེན་དུ་སྤྱི་ཟླ་༡པོའི་ཚེས་༢ཉིན་ས་གནས་དེ་རང་གི་ཏོག་གསར་གློ་ཚད་རིམས་ནད་འགོས་པ་གཏན་འཁེལ་བའི་ནད་པ་ཞིག་ཤེས་རྟོགས་ཐུབ་ཡོད། དེ་མུར། ཧྲེ་ཅ་ཀྲོང་དང་ཤིང་ཐའེ་ཡི་རིམས་ནད་ཚབས་ཇེ་ཆེར་ཕྱིན་ཡོད། གཞན་ད་དུང་ལེང་ཧྥེང་སོགས་ས་ཆར་ཡང་ནད་པ་ཐར་ཐོར་དུ་ཐོན་ཡོད་པས། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་ཛ་དྲག་པོ་ཆགས་ཡོད།
རིམས་ནད་ནི་བཀའ་རྒྱ་ཡིན་པས། ཧོ་པེ་ཡིས་མགྱོགས་ནས་མྱུར་དུ་ཛ་དྲག་ལན་ཆ་བྱས་པ་དང་། དུ་ཞག་མེད་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྩ་གཏོར་དམག་འཐབ་ཅིག་ཡན་ཀྲའོ་ས་ཆ་ཧོ་པེ་རུ་འགོ་ཚུགས་ཡོད།

གུང་ཁྲན་ཏང་ཡོན་མང་པོས་དཀའ་ངལ་དང་ཉེན་ཁའི་མདུན་དུ་ཤོར་ཞིང་། ཏང་ཀྲེ་པུའུ་མང་པོས་རིམས་འགོག་ས་ཡུལ་དངོས་ལ་གདོང་མཆོངས་མཛད་ལ། དམར་མདངས་བཀྲ་བའི་ཏང་དར་རིམས་འགོག་གི་ས་ཡུལ་དངོས་སུ་ལྷབ་ལྷུབ་ངང་གཡོ་བཞིན་མཆིས།
སྤྱི་ཚེས་༥ཉིན་གྱི་ནམ་ཕྱེད་ཙམ་ལ། ཧོ་པེ་ཞིང་ཆེན་ཀྲུང་ལུགས་སྨན་ཁང་ནང་དུ། འོད་མདངས་རབ་ཏུ་འཚེར་ཞིང་། ཧྲེ་ཅ་ཀྲོང་གྲོང་ཁྱེར་ཀའོ་ཁྲེང་ཁུལ་དུ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་མཁན་མངགས་གཏོང་བྱ་དགོས་པའི་ལས་འགན་འབྱོར་ནས། སྐུལ་སློང་བཀའ་རྒྱ་ཞིག་སླེབས་རྗེས་མྱུར་དུ་ཞིབ་དཔྱད་ཚད་ལེན་བྱ་ཡུལ་དུ་ཆས་པར་གྲབས་ལ། སྨན་ཁང་དེ་ཡོངས་ཀྱི་ཏང་ཡོན་ཚོས་ཐེ་ཚོམ་མེད་པར་མདུན་དུ་ཕེབས་ཅིང་། སྨན་དོན་མི་སྣ་ཚོས་མིང་ཐོ་འགོད་པར་བྲེལ་གྱིས་ཁེངས། དགུང་ལོ་༥༠ལྷག་ལ་ཕེབས་པའི་འབྲས་སྐྲན་ཚན་ཁག་གི་ཀྲུའུ་རེན་རྙིང་པ་དང་། ཉམས་མྱོང་ཕུན་སུམ་ཚོགས་པའི་བུ་བཙའི་སྨན་པ། དགུང་ལོ་༢༠ལྷག་ཙམ་གྱི་བདེ་ཐང་སླར་གསོ་བ། ལོ་ན་ཕྲ་བའི་སྨན་ཞབས་པ་སོགས། མདོར་ན་དུས་ཐུང་ཆུ་ཚོད་ཕྱེད་ཀ་ཙམ་ལ། རིམས་འགོག་ས་ཡུལ་དངོས་ལ་བསྐྱོད་འདོད་བྱེད་མཁན་མི་གྲངས་༣༠༠ལས་བརྒལ་ཡོད།

སྤྱི་ཚེས་༦ཉིན་གྱི་ཐོ་རེངས། ཁོང་ཚོས་ཕ་མ་དང་ཞལ་གྱེས་ཞུས་ཤིང་། བཟའ་ཟླར་ཞུགས་དང་ཞེས་འབོད་ལ། རང་གི་གཅེས་པའི་ཕྲུ་གུ་བཞག་ནས། འགོག་སྲུང་གྱོན་གོས་གྱོན་པ་དང་། མིག་སྲུང་མིག་ཤེལ་བཏགས་ནས། རིམས་འགོག་ས་ཡུལ་དངོས་ལ་ཆས་ཡོད།
རིམས་འགོག་ས་ཡུལ་དངོས་ལ་བསྐྱོད་འདོད་ཡོད་པའི་ཡི་གེ་རེ་རེའི་ནང་། མཐོང་མང་ཤོས་ནི། ང་ནི་ཏང་ཡོན་ཡིན། ང་བཏང་རོགས་ཞེས་པ་དེ་ཡིན།

མིག་སྔའི་ཆར། ཧྲེ་ཅ་ཀྲོང་དང་། ཤིང་ཐའེ། ལེང་ཧྥེང་སོགས་སུ་ཏང་ཡོན་ལྔ་འབུམ་ཙམ་གྱིས་རིམས་འགོག་ས་ཡུལ་དངོས་ནང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ལ་གཞོལ་བཞིན་ཡོད་པ་དང་། ཏང་ཡོན་འཕྲལ་སྒྲུབ་རུ་ཁག་དང་། ཞབས་ཞུའི་རུ་ཁག་ལ་མི་ཉིས་ཁྲི་ལྷག་ཡོད་ཅིང་། ཁྱིམ་སྡོད་ཏང་ཡོན་ཚོས་སྡེ་ཁུལ་དུ་འབྱོར་ཐོ་བཀོད་ནས་དང་བླངས་ཞབས་ཞུ་སྒྲུབ་མཁན་མི་བདུན་ཁྲི་སུམ་སྟོང་ཡོད་པ། རིམས་འགོག་ས་ཡུལ་དངོས་ནང་ཕྱག་ལས་གནང་བཞིན་པའི་མི་སྣའི་ཁྲོད་ཏང་ཡོན་མི་གྲངས་ཀྱིས་མི་གྲངས་སྤྱིའི་གསུམ་ཆ་གཅིག་ལས་བརྒལ་ཡོད།

རོགས་སྐྱོབ་ནས་སྔོན་འགོག་ཚོད་འཛིན་བར་དང་། ཐོན་སྐྱེད་ནས་དངོས་ཟོག་དབོར་འདྲེན་བར། ཉིང་སྐྱུར་བརྟག་དཔྱད་ནས་རིམས་ནད་རིག་པའི་བརྟག་དཔྱད་བར། རིམ་པ་ནས་རིམ་པ་འབྲེལ་ཅིང་། བར་སེང་ནས་བར་སེང་མཐུད་ཡོད་པས། ཛ་དྲག་ཆེ་བའི་གནས་ཚུལ་རེ་རེའི་ཁྲོད། དོན་དག་གཅིག་ལའང་སྣང་ཆུང་བྱ་མི་རུང་བ་ཞིག་ཆགས་ཡོད།

ཧྲེ་ཅ་ཀྲོང་དང་། ཞིང་ཐའེ། ལང་ཧྥང་བཅས་སུ་གཞི་རིམ་ཏང་རྩ་འཛུགས་མང་པོ་ཞིག་གིས་རིམས་ནད་ཐོན་པ་མ་ཐག་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་དང་གུང་གཞོན་སྡེ་ཚོགས་ཀྱི་གདོང་ལེན་རུ་ཁག དང་བླངས་པའི་ཞབས་ཞུ་རུ་ཁག་བཅས་བཙུགས་པ་དང་། ཏང་ཡོན་གྱིས་མིག་དཔེ་འདོན་པ་དང་རིམས་འགོག་ས་ཡུལ་དངོས་ལ་བསྐྱོད་པ། གདོང་ལེན་པ་བཅས་བྱས་ཏེ་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་དང་། སྨན་དོན་མི་སྣ། གཞི་རིམ་ལས་དོན་མི་སྣ། སྡེ་ཁུལ་གྱི་དང་བླངས་པ། རྒྱ་ཆེའི་མང་ཚོགས་བཅས་ཀྱི་སྣེ་ཁྲིད་དེ་གྲང་ངར་ཁྲོད་དུ་རིམས་ནད་འགོག་བཅོས་བྱེད་པའི་ཟངས་ཀྱི་གྱང་ལྕགས་ཀྱི་རྩིག་པ་ལྟ་བུ་བསྐྲུན་ཡོད།

ལོ་གསར་པ་ཤར་མ་ཐག ཞིང་ཆེན་དེ་ཡོངས་སུ་གྲང་ངར་ཆེ་བའི་གནམ་གཤིས་བསྟན་པ་དང་། གངས་སར་འཁྱགས་པ་བརྒྱབས་ཡོད་མོད། དུས་ཚོད་སྐར་ཆ་བརྩོན་ལེན་བྱེད་པའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་འཕྲལ་སྒྲུབ་བྱ་སྤྱོད་དཀའ་ཚེགས་ཆེ་བའི་ངང་སྤེལ་ཡོད། ཏང་ཡོན་གྱིས་རིམས་འགོག་ས་ཡུལ་དངོས་ལ་བསྐྱོད་པ་དང་། ཤིན་ཏུ་མཐུག་པའི་འགོག་སྲུང་གྱོན་ཆས་ཀྱི་བྲང་ཁར་གསེར་མདོག་གི་ཏང་རྟགས་བཏགས་ཡོད།
ཏང་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་སྒྲིག་འཛུགས་དང་འགོ་ཁྲིད། ཏང་ཡོན་ལས་བྱེད་པས་མང་ཚོགས་ཀྱི་མདུན་དུ་བསྐྱོད་པ། ལས་རིགས་ཁག་གི་མང་ཚོགས་ཀྱིས་གཞོགས་འདེགས་ཧུར་ཐག་བྱས་པའི་འོག ཧྲེ་ཅ་ཀྲོང་དང་ཞིང་ཐའེ་ཡི་གནས་སྐབས་བཀག་སྡོམ་བྱས་པའི་གྲོང་ཁྱེར་གཉིས་སུ་ཞིབ་དཔྱད་ཚད་ལེན་བྱ་རྒྱུ་མགྱོགས་སུ་བཏང་བ་དང་། ཆུ་ཚོད་༧༢ཀྱི་མྱུར་ཚད་བཏོད་དེ་མི་གྲངས་བྱེ་བ་ཟིན་པར་ཞིབ་དཔྱད་ཚད་ལེན་ལེགས་སྒྲུབ་ཟིན་ནས་རིམས་ནད་འགོག་བཅོས་ཀྱི་མྱུར་ཚད་མགྱོགས་སུ་བཏང་ཡོད།

སྤྱི་ཚེས་༦ཉིན་ནས་བཟུང་། ཧྲེ་ཅ་ཀྲོང་གིས་ཉིན་གསུམ་གྱི་དུས་ཚོད་ནང་མི་བྱེ་བ་གཅིག་དང་ཉིས་འབུམ་ལྔ་ཁྲིར་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་ལས་འགན་ལེགས་སྒྲུབ་བྱས་རྗེས། སླར་ཡང་གྲོང་ཁྱེར་དེ་ཡོངས་སུ་རེས་སྐོར་གཉིས་པའི་མི་སྣ་ཡོངས་ཀྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་ཡོད་རེད།

མིག་སྔར། ཧོ་པེ་ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་འགག་རྩའི་དུས་མཚམས་སུ་སླེབས་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་དེར་རྒྱལ་ཁ་ལེན་དགོས་ན། ངེས་པར་དུ་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ངར་ཤུགས་གཅིག་སྒྲིམ་དང་། དཀའ་སྡུག་བཟོད་བསྲན། རྒྱུན་འཁྱོངས་ལྷོད་མེད་བཅས་བྱས་ཏེ་ལག་ལེན་ངོ་མའི་ཐོག་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་དང་འགན་འཁྲི་འཁུར་ཕོད་པ་བྱས་ནས་ཏང་དར་བཀྲག་མདངས་རྣམ་པར་བཀྲ་བ་བྱེད་དགོས།

ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཧྲེ་ཅ་ཀྲོང་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་༢ཁྲི་༢སྟོང་དང་གུང་ཁྲན་ཏང་ཡོན་༦འབུམ་༣ཁྲི་༩སྟོང་གིས་རིམས་ནད་འགོག་བཅོས་ལས་དོན་ལ་སྣེ་ཁྲིད་དང་། དང་བླངས་པ་དང་རྗེས་གྲབས་ལས་བྱེད་པ། དམག་ཞབས་ཐིམས་པའི་དམག་མི་སོགས་མི་༤ཁྲི་༥སྟོང་སྐུལ་སློང་བྱས་པ། ཏང་ཡོན་འཕྲལ་སྒྲུབ་རུ་ཁག་དང་། གཞོན་ནུའི་གདོང་ལེན་རུ་ཁག དང་བླངས་པའི་ཞབས་ཞུའི་རུ་ཁག་བཅས་མི་གྲངས་༣༥༠༠སྒྲིག་འཛུགས་བཅས་བྱས་ནས། མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་གནད་སེལ་རོགས་བྱས་ཡོད་པ་རེད།

ལས་ཁུངས་ནས་གཞི་རིམ་བར་དང་། གྲོང་ཁྱེར་ནས་གྲོང་གསེབ་བར། ཁེ་ལས་ནས་སྡེ་ཁུལ་དང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ནས་རྒྱ་ཆེའི་མི་དམངས་མང་ཚོགས་བར། སྤྱི་ལེ་ངོས་གྲུ་ཆིག་འབུམ་བརྒྱད་ཁྲི་བརྒྱད་སྟོང་བརྒྱད་བརྒྱའི་ཡན་ཀྲའོ་ས་གཞི་ཆེན་མོའི་ཐོག་ཏུ་ཏང་རྩ་འཛུགས་རེ་རེ་མཁར་རྫོང་བཞིན་རྔམ་ཞིང་བརྗིད་པ་དང་། ཏང་ཡོན་རེ་རེ་ལམ་སྟོན་དར་ཆ་ཞིག་དང་མཚུངས་པ་མི་རྣམས་ཀྱི་མཐོང་ཆོས་སུ་གྱུར་ཡོད།
རིམས་ནད་ཀྱི་གནས་ཚུལ་སྔར་བཞིན་ཛ་དྲག་པས། སྔོན་འགོག་ཚོད་འཛིན་ལས་དོན་ལ་ལྷོད་གཡེང་གཏོང་མི་རུང་། དེ་ལྟར་བྱས་ན་རྒྱལ་ཁའི་འོད་ཟེར་ང་ཚོར་འཕྲོ་ངེས་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

ཏང་དར་ལ་གུས་བཏུད་ཞུ་བ་དང་། གུང་ཁྲན་ཏང་ཡོན་ལ་གུས་བཏུད་ཞུ་བ་སྟེ། ཧོ་པེའི་རིམས་འགོག་ས་ཡུལ་དངོས་ནང་འབད་འཐབ་གནང་བཞིན་པའི་གུང་ཁྲན་ཏང་ཡོན་རྣམས་ཀྱི་སྐོར་བཀོད་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ལོ་༢༠༢༡ལོའི་ལོ་གསར་པ་འཆར་བའི་སྐབས་དེར། ཧོ་པེ་ཞིང་ཆེན་དུ་སྤྱི་ཟླ་༡པོའི་ཚེས་༢ཉིན་ས་གནས་དེ་རང་གི་ཏོག་གསར་གློ་ཚད་རིམས་ནད་འགོས་པ་གཏན་འཁེལ་བའི་ནད་པ་ཞིག་ཤེས་རྟོགས་ཐུབ་ཡོད། དེ་མུར། ཧྲེ་ཅ་ཀྲོང་དང་ཤིང་ཐའེ་ཡི་རིམས་ནད་ཚབས་ཇེ་ཆེར་ཕྱིན་ཡོད།