ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཉིས་པས་ཚོགས་ཆུང་ཁག་བགོས་ཀྱི་ཚོགས་འདུ་འཚོགས་པ།

2020-10-17 10:19:00     责编:sangjzm

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་གྱི་སྔ་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཉིས་པས་ཚོགས་ཆུང་ཁག་བགོས་ཀྱི་ཚོགས་འདུ་འཚོགས་ཤིང་། རྒྱལ་དར་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་དང་། རྒྱལ་རྟགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན། འདེམས་བསྐོའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན། འབྲི་ཆུ་སྲུང་སྐྱོང་བཅའ་ཁྲིམས་འཆར་ཟིན་སོགས་ལ་གྲོས་ཞིབ་བྱས་པ་དང་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་གྲོས་ཞིབ་ནང་ཞུགས་པ་རེད།

ཚོགས་ཞུགས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གྲུབ་ཆའི་མི་སྣ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཆེད་དོན་ཨུ་ལྷན་གྱི་གྲུབ་ཆའི་མི་སྣ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཅས་ཀྱིས་རྒྱལ་དར་བཅའ་ཁྲིམས་དང་རྒྱལ་རྟགས་བཅའ་ཁྲིམས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི་མཚོན་རྟགས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སྐོར་གྱི་རྩ་ཁྲིམས་ཀྱི་གཏན་འབེབས་བླང་བྱ་སྔར་བས་དོན་འཁྱོལ་བྱས་པ་ཞིག་ཡིན་པའི་ངོས་འཛིན་གནང་བ་རེད། རྒྱལ་དར་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་དང་རྒྱལ་རྟགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱིས་ལག་ལེན་གྱི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། རྒྱལ་དར་དང་རྒྱལ་རྟགས་བེད་སྤྱོད་དང་ལྟ་འདོམས་ལ་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་བ་དེ་སྤྱི་དམངས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་བཅས་ལ་ཕན་ཐོགས་ཡོད་པས། དེའི་ལམ་ལུགས་ཀྱི་ཚད་གཞི་གཙོ་བོ་ནི་སྤྱོད་གོ་ཆོད་པ་དང་ད་ལྟ་དངོས་སུ་འདོན་པ་ནི་དགོས་ངེས་དང་དུས་དང་འཚམ་པ་ཞིག་ཡིན་སྟབས་ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་བརྡས་ཐག་བཅད་དེ་གྲོས་འཆམ་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད།

འདེམས་བསྐོའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་ཚོགས་ཞུགས་མི་སྣས་ཡོངས་ཁྱབ་ཏུ་ངོས་འཛིན་བྱས་དོན། འདེམས་བསྐོའི་ལམ་ལུགས་ནི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་རྨང་གཞི་ཡིན་པ་དང་། འདེམས་བསྐོའི་བཅའ་ཁྲིམས་ནི་སྤྱི་དམངས་ཀྱིས་འདེམས་བྱེད་ཀྱི་དབང་ཆ་དང་གདམ་བྱའི་དབང་ཆ་སྤྱོད་པར་འགན་སྲུང་། ཁྲིམས་ལྟར་རིམ་པ་ཁག་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཐོན་པའི་བཅའ་ཁྲིམས་གལ་ཆེན་ཞིག་བཅས་རེད། འདེམས་བསྐོའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ནང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་གཏན་འབེབས་ཀྱི་བླང་བྱ་ལག་བསྟར་བྱས་ཏེ། གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁ་གྲངས་མང་དུ་འོས་འཚམ་གཏོང་བ་དང་། མི་དམངས་འཐུས་ཚོགས་ཀྱི་འདེམས་བསྐོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་པ་དེ་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ཁེ་དབང་འགན་ལེན་གང་ལེགས་བྱེད་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་སྔར་བས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བར་ཕན་ཐོགས་ཡོད། ཚོགས་ཞུགས་མི་སྣས་འཆར་ཟིན་ལ་བཟོ་བཅོས་རྒྱག་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།

འབྲི་ཆུའི་སྲུང་སྐྱོང་བཅའ་ཁྲིམས་ཀྱི་འཆར་ཟིན་ཐད་ཚོགས་ཞུགས་མི་སྣས་ཡོངས་ཁྱབ་ཏུ་ངོས་འཛིན་བྱས་དོན། ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ཏེ། འབྲི་ཆུའི་འབབ་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་བྱས་ནས། འབྲི་ཆུའི་འབབ་རྒྱུད་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འབྲི་ཆུའི་སྲུང་སྐྱོང་བཅའ་ཁྲིམས་བཟོ་རྒྱུ་ནི་ཧ་ཅང་དགོས་ངེས་ཤིག་རེད། ཚོགས་ཞུགས་མི་སྣས་འཆར་ཟིན་ལ་བཟོ་བཅོས་རྒྱག་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།

中央广播电视总台 央广网 版权所有

མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཉིས་པས་ཚོགས་ཆུང་ཁག་བགོས་ཀྱི་ཚོགས་འདུ་འཚོགས་པ།

ཚེས་14ཉིན་གྱི་སྔ་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཉིས་པས་ཚོགས་ཆུང་ཁག་བགོས་ཀྱི་ཚོགས་འདུ་འཚོགས་ཤིང་། རྒྱལ་དར་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་དང་། རྒྱལ་རྟགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན། འདེམས་བསྐོའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན།