ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཕྱི་ཕྱོགས་སུ་གླ་པ་རྒྱུག་མཁན་དུད་ཚང་དབུལ་པོའི་ངལ་རྩོལ་ནུས་ཤུགས་ཁྲི་2900ལྷག་ཙམ་ཟིན་པ།

2020-10-17 10:17:00     责编:sangjzm

●2016ལོར་ཕྱི་ཕྱོགས་སུ་གླ་པ་རྒྱུག་མཁན་ཁྲི་1527ཟིན་པ་དང་། 2019ལོར་མི་ཁྲི་2729ཟིན་པ། འདི་ལོར་མི་ཁྲི་2900ལྷག་ཙམ་ཟིན་ཡོད།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་14ཉིན་འཚོགས་པའི་ལས་ཞུགས་དབུལ་སྐྱོར་གླེང་སྟེགས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་9པའི་ཟླ་མཇུག་བར། ཕྱི་ཕྱོགས་སུ་གླ་པ་རྒྱུག་མཁན་དུད་ཚང་དབུལ་པོའི་ངལ་རྩོལ་ནུས་ཤུགས་ཁྲི་2900ལྷག་ཙམ་ཟིན་ཡོད། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་ཁྲོད་90%ཡན་ལ་ཐོན་ལས་དབུལ་སྐྱོར་དང་ལས་ཞུགས་དབུལ་སྐྱོར་གྱི་རྒྱབ་སྐྱོར་ཐོབ་པ་དང་གསུམ་ཆ་གཉིས་ཡན་གཙོ་བོ་ཕྱི་ཕྱོགས་སུ་གླ་པ་རྒྱུག་པ་དང་ཐོན་ལས་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་ཡོད།

མི་གཅིག་ལས་ཞུགས་ཐུབ་ཚེ་ཁྱིམ་ཚང་ཡོངས་དབུལ་སྒྲོལ་ཐུབ་པས་ལས་ཞུགས་མང་དུ་གཏོང་རྒྱུ་ནི་ཆེས་ནུས་ལྡན་དང་ཆེས་ཐད་ཀའི་དབུལ་སྒྲོལ་བྱ་ཐབས་ཤིག་རེད། ངོ་སྤྲོད་བྱས་པར་གཞིགས་ན། ལོ་ལྔའི་རིང་། དུད་ཚང་དབུལ་པོའི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་གཞི་ཁྱོན་མུ་མཐུད་རྒྱ་ཆེར་ཕྱིན་ཡོད། དེ་དང་དུས་མཚུངས་ས་གནས་ཁག་གིས་ད་དུང་ལས་ཞུགས་དབུལ་སྐྱོར་གྱི་གཞི་རྟེན་ཁག་གཅིག་བཏོད་པ་སྟེ། ལོ་ལྔའི་རིང་ས་གནས་ཁག་གིས་དབུལ་སྐྱོར་འཁོར་ཁང་32280ཐུན་མོང་ཐོག་བསྐྲུན་ནས་མི་འབོར་དབུལ་པོ་ཁྲི་43ལས་ཞུགས་ཐུབ་པ་དང་། དཔེ་སྟོན་རང་བཞིན་གྱི་ལས་ཞུགས་དབུལ་སྐྱོར་རྟེན་གཞི་1465གདམ་གསེས་བྱས་ནས་གདེང་འཇོག་བཟང་བ་དང་ཁྱད་ཆོས་ལྡན་པའི་ངལ་ནུས་སྤུས་རྟགས་ཁག་གཅིག་སྐྱེད་སྲིང་བྱས་པ། གྲོང་ཚོ་དབུལ་པོའི་ལས་གཏོད་ཕྱུག་འགྱུར་སྣེ་ཁྲིད་པ་ཁྲི་41.4སྐྱེད་སྲིང་བྱས་ནས་གཉེར་སྐྱོང་བྱེད་པོ་ཁག་ཁྲི་21.4འཛུགས་གཏོད་བྱས་ཏེ། མི་འབོར་དབུལ་པོ་ཁྲི་406ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ། གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་བྱས་ནས་མི་འབོར་དབུལ་པོ་ཁྲི་494.86ཐ་སྐྱོང་བཀོད་སྒྲིག་བྱས་ཡོད།

中央广播电视总台 央广网 版权所有

ཕྱི་ཕྱོགས་སུ་གླ་པ་རྒྱུག་མཁན་དུད་ཚང་དབུལ་པོའི་ངལ་རྩོལ་ནུས་ཤུགས་ཁྲི་2900ལྷག་ཙམ་ཟིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་14ཉིན་འཚོགས་པའི་ལས་ཞུགས་དབུལ་སྐྱོར་གླེང་སྟེགས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་9པའི་ཟླ་མཇུག་བར། ཕྱི་ཕྱོགས་སུ་གླ་པ་རྒྱུག་མཁན་དུད་ཚང་དབུལ་པོའི་ངལ་རྩོལ་ནུས་ཤུགས་ཁྲི་2900ལྷག་ཙམ་ཟིན་ཡོད། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་ཁྲོད་90%