ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་དཀའ་ཁག་མང་ཚོགས་ཀྱིས་དྲོད་སྐྱིད་ངང་དགུན་སྐྱེལ་བར་འགན་སྲུང་བྱས།

2020-10-16 09:54:42     责编:nake

   ཟླ10བའི་ཚེས14ཉིན། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་ནས་ཤེས་གསལ་བྱུང་བ་ལྟར་ན། མཚོ་ནུབ་ཁུལ་གྱིས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་གཙོ་བོར་བཟུང་ནས། ཁྱོན་ཡོངས་ནས་རིགས་སོ་སོའི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ཤིང་། དུས་ཐོག་ཏུ་ཁ་གསབ་མ་དངུལ་བྱིན་ནས། དཀའ་ཁག་མང་ཚོགས་ཀྱིས་དྲོད་སྐྱིད་ངང་དགུན་སྐྱེལ་བར་ཁག་ཐེག་བྱས།

  མཚོ་ནུབ་ཁུལ་གྱིས་ཤང་གྲོང་གི་དཀའ་ངལ་མང་ཚོགས་ཀྱི་མ་མཐའི་འཚོ་བར་འགན་སྲུང་བྱེད་པ་དང་། དཀའ་ངལ་མང་ཚོགས་ཀྱིས་དྲོད་སྐྱིད་ངང་དགུན་སྐྱེལ་བར་ཁག་ཐེག་བྱ་ཆེད། ཟླ་དགུ་བའི་བར་དུ། གནས་སྐབས་ཁ་གསབ་སྒོར་ཁྲི573བྱིན་པ་དང་། དྲོད་རླངས་ཁ་གསབ་ཚང་མ་བྱིན་ཚར་ལ། ཁུལ་ཡོངས་ཀྱི་ཤང་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་དང་དཀའ་ངལ་ཡོད་པའི་མི་སྣ་ཁྱོན་བསྡོམས་དུད་ཁྱིམ3731ལ་དྲོད་ལེན་མ་དངུལ་སྒོར་ཁྲི་336.86བྱིན་པའི་དུས་མཚུངས་སུ། ད་དུང་ཤང་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་གང་ནུས་ཀྱིས་སྒྲུབ་པ་དང་། མུ་མཐུད་དུ་ཤང་གྲོང་གི་མ་མཐའི་འཚོ་བའི་ཚད་གཞི་མཐོ་རུ་བཏང་བ་དང་། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་སྒྲིག་སྲོལ་དང་དབུལ་སྐྱོར་སྲིད་ཇུས་གཉིས་མཐུད་སྦྲེལ་བྱས། ཟླ9བའི་བར་དུ། ཁུལ་ཡོངས་ཀྱི་ཤང་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་དུད་ཁྱིམ1825ཡི་མི་2943ལ། ཁྱོན་བསྡོམས་འགན་སྲུང་མ་དངུལ་སྒོར་ཁྲི3224.13བྱིན། ཁྱོན་ཡོངས་ནས་དམིགས་བསལ་དཀའ་ངལ་ཡོད་པའི་མ་མཐའི་འཚོ་བའི་ཁ་གསབ་དང་བདག་སྐྱོང་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་དང་། དམིགས་བསལ་དཀའ་ཁག་ཡོད་པར་བདག་སྐྱོང་གི་ཚད་གཞི་མཐོ་རུ་བཏང་། །

  རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

中央广播电视总台 央广网 版权所有

བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་དཀའ་ཁག་མང་ཚོགས་ཀྱིས་དྲོད་སྐྱིད་ངང་དགུན་སྐྱེལ་བར་འགན་སྲུང་བྱས།

མཚོ་ནུབ་ཁུལ་གྱིས་ཤང་གྲོང་གི་དཀའ་ངལ་མང་ཚོགས་ཀྱི་མ་མཐའི་འཚོ་བར་འགན་སྲུང་བྱེད་པ་དང་། དཀའ་ངལ་མང་ཚོགས་ཀྱིས་དྲོད་སྐྱིད་ངང་དགུན་སྐྱེལ་བར་ཁག་ཐེག་བྱ་ཆེད། ཟླ་དགུ་བའི་བར་དུ། གནས་སྐབས་ཁ་གསབ་སྒོར་ཁྲི573བྱིན་