ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚོགས་པ་མཉམ་སྡེབ་ཅན་འཛུགས་སྐྲུན་གྱི་ཉམས་མྱོང་བརྗེ་རེས་ཚོགས་འདུ་བསྡུས་པ།

2020-10-16 10:20:38     责编:nake

   ཟླ10པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚོགས་པ་མཉམ་སྡེབ་ཅན་གྱི་འཛུགས་སྐྲུན་གྱི་ཉམས་མྱོང་བརྗེ་རེས་ཚོགས་འདུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་དུ་བསྡུས་པ་རེད། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའམ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མ་ཚོགས་འདུར་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་གནང་།

  མཱ་ཅི་ཞའོ་ཡིས་བསྟན་དོན། 《མཚོ་སྔོན་ཞིང་ཆེན་གྱིས་ཚོགས་པ་མཉམ་སྡེབ་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》པར་སྐྲུན་བྱས་པ་ནས་བཟུང་། ས་གནས་ཁག་གིས་དོན་དངོས་དང་ཟུང་འབྲེལ་གྱིས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཉམས་མྱོང་འཚོལ་ཞིབ་བྱས་ཏེ། ཕན་འབྲས་ངེས་ཅན་ཞིག་ཐོབ་མོད། འོན་ཀྱང་ཞིང་ཆེན་ཏང་ཨུའི་བླང་བྱ་དང་གཞི་རིམ་གྱི་རེ་བ། མང་ཚོགས་ཀྱི་རེ་འདུན་བཅས་ལ་སྔར་བཞིན་ཧེ་བག་ཡོད་པར་བསྟན།

  ཉི་མ་སྒྲོལ་མས་བརྗོད་དོན། ཚོགས་པ་མཉམ་སྡེབ་ཅན་གྱི་འཛུགས་སྐྲུན་ལས་དོན་སྔར་བས་མངོན་གསལ་དོད་པའི་གནས་སུ་བཞག་ནས་ཡིད་ཆེས་བརྟན་པོ་དང་། མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། ཉམས་མྱོང་གསར་པ་སྔར་བས་ཕྱོགས་སྡོམ་དང་། གནས་ཚུལ་གསར་པར་ཞིབ་འཇུག གནད་དོན་གསར་པ་ཐག་གཅོད་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཚོགས་པ་མཉམ་སྡེབ་ཅན་གྱི་འཛུགས་སྐྲུན་གྱི“མཚོ་བྱང་དཔེ་དབྱིབས”གཏོད་དགོས་ཟེར། །

  རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

中央广播电视总台 央广网 版权所有

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚོགས་པ་མཉམ་སྡེབ་ཅན་འཛུགས་སྐྲུན་གྱི་ཉམས་མྱོང་བརྗེ་རེས་ཚོགས་འདུ་བསྡུས་པ།

ཟླ10པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚོགས་པ་མཉམ་སྡེབ་ཅན་གྱི་འཛུགས་སྐྲུན་གྱི་ཉམས་མྱོང་བརྗེ་རེས་ཚོགས་འདུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་དུ་བསྡུས་པ་རེད། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་སྤྱི་ཁྱབ་བཟོ་