ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

མཚོ་སྔོན་ཞིང་ཆེན་གྱི་གནོད་འགོག་གནོད་སེལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྡེ་ཁུལ་དང་ཁེ་ལས་སུ་སྤེལ་བ།

2020-10-16 11:14:32     责编:nake

  ཟླ10པའི་ཚེས13ཉིན་ནི“རྒྱལ་སྤྱིའི་གནོད་འཚེ་ཉུང་འཕྲི་ཉིན་མོ”ཐེངས31པ་ཡིན་ཞིང་། གནོད་འཚེའི་ཉེན་ཁ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་ཟབ་ཞུགས་བྱེད་པའི་གནོད་འཚེའི་ཉེན་ཁ་བཅོས་སྐྱོང་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་གནོད་འཚེའི་ཉེན་ཁ་བཅོས་སྐྱོང་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་དང་ཟི་ལིང་གྲོང་ཁྱེར་འཕྲལ་བསྟུན་དོ་དམ་ཅུའུ་ཡིས་མཉམ་འབྲེལ་ཐོག“གནོད་འཚེའི་ཉེན་ཁ་བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ”བརྗོད་དོན་གཙོ་བོར་བྱས་པའི“རྒྱལ་སྤྱིའི་གནོད་འཚེ་ཉུང་འཕྲི་ཉིན་མོའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

  བྱེད་སྒོ་སྤེལ་སྐབས་སྦྱར་ཡིག་འགེལ་བ་དང་། མང་ཚོགས་ཀྱི་བློ་འདྲིའི་སྟེགས་བུ་འཛུགས་པ། དྲིལ་བསྒྲགས་འགྲེམས་པང་འགྲེམས་སྟོན། ས་གཤིས་གནོད་འཚེའི་དྲིལ་བསྒྲགས་ཤེས་བྱའི་འགེལ་ཐོ། 《ཁྱིམ་ཚང་གི་འཕྲལ་བསྟུན་ལག་དེབ》དང་དེ་བཞིན་གནོད་འཚེ་སྔོན་འགོག་དང་ཉུང་འཕྲི། གེགས་སེལ་བཅས་ཀྱི་དྲིལ་བསྒྲགས་བརྙན་ཐུང་སྟོན་པ་སོགས་ཀྱི་རྣམ་པ་བརྒྱུད། སྡེ་ཁུལ་མང་ཚོགས་ལ་གནོད་འགོག་གནོད་སེལ་རྒུད་སྐྱོབ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་དྲིལ་བསྒྲགས་བྱས་ནས། རང་བྱུང་གནོད་འཚེའི་རིགས་དང་ཉེན་ཁ་སྔོན་འགོག་བྱེད་ཐབས་སོགས་ཀྱི་ནང་དོན་ཐད་ཀྱི་ཚན་རིག་ཁྱབ་གདལ་བཏང་།

  བྱེད་སྒོའི་རིང་འཕྲེད་འགེལ་སྦྱར་ཡིག230བཀལ་བ་དང་འགྲེམས་པང120བཀྲམ་ལ། འགེལ་ཐོ150དང་དྲིལ་བསྒྲགས་དཔྱད་གཞི2200བཀྲམ་པ་རེད། བྱེད་སྒོ་སྤེལ་བ་དེས་མང་ཚོགས་ཀྱི་གནོད་འགོག་གེགས་སེལ་གྱི་འདུ་ཤེས་ནུས་ལྡན་ངང་མཐོ་རུ་གཏོང་བ་དང་། གནོད་འཚེ་སྔོན་འགོག་དང་ཉུང་འཕྲིའི་འབྲེལ་ཡོད་ཤེས་བྱ་ཤེས་རྟོགས་ཐུབ་ཚད་དང་ཞུགས་ཚད་ཆེ་རུ་བཏང་ནས། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ལས་དོན་ལ་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་བཏོད་དེ། སྤྱི་དམངས་ཀྱི་གནོད་འགོག་གེགས་སེལ་གྱི་འདུ་ཤེས་དང་བབ་སྟུན་ཉེན་གཡོལ་གྱི་ནུས་པ་སྔར་བས་ཆེ་རུ་བཏང་བ་རེད། །

  རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

中央广播电视总台 央广网 版权所有

མཚོ་སྔོན་ཞིང་ཆེན་གྱི་གནོད་འགོག་གནོད་སེལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྡེ་ཁུལ་དང་ཁེ་ལས་སུ་སྤེལ་བ།

ཟླ10པའི་ཚེས13ཉིན་ནི“རྒྱལ་སྤྱིའི་གནོད་འཚེ་ཉུང་འཕྲི་ཉིན་མོ”ཐེངས31པ་ཡིན་ཞིང་། གནོད་འཚེའི་ཉེན་ཁ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་ཟབ་ཞུགས་བྱེད་པའི་གནོད་འཚེའི་ཉེན་ཁ་བཅོས་སྐྱོང་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་