ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རང་རྒྱལ་གྱི་སྤྱི་ཟླ་8པའི་དཔལ་འབྱོར་འཁོར་རྒྱུག་བརྟན་པོའི་ངང་སླར་གསོ་བྱུང་བ་དང་། དམིགས་ཚད་གཙོ་བོ་མུ་མཐུད་བསྐྱར་འཕར་བྱུང་བ།

2020-09-16 16:26:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ཚེས་15ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱིས་སྤྱི་ཟླ་བརྒྱད་པའི་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་000གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད། གྲངས་གཞི་ལས་མངོན་པར། སྤྱི་ཟླ་བརྒྱད་པར། ཀྲུང་གོའི་དཔལ་འབྱོར་གྱིས་རིམས་ནད་དང་འབྲུབ་ཆུ་རྒྱས་པའི་ཤུགས་རྐྱེན་ངན་པ་ཁྱད་དུ་བསད་དེ་ཐོན་སྐྱེད་ཀྱི་དགོས་མཁོ་མུ་མཐུད་བསྐྱར་འཕར་བྱུང་བ་དང་། ལས་ཞུགས་དང་ཟོག་གོང་སྤྱིའི་ཆ་ནས་བརྟན་པོ་བྱུང་བ། འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད།

སྤྱི་ཟླ་བརྒྱད་པར། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་པོའི་སིལ་ཚོང་བསྡོམས་འབོར་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ་ཀླད་ཀོར་དང་གྲངས་ཆུང་ལྔ་འཕར་བ་དང་འཕར་ཚད་ལོ་འདིའི་ནང་ཐེངས་དང་པོར་གཙང་འཕར་བྱུང་ཡོད། གྲུབ་ཆ་རིམ་སྤར་གྱི་རྣམ་པ་རྒྱུན་མཐུད་བཞིན་ཡོད་དེ། མཛེས་འཆོས་བྱུག་རྫས་ཀྱི་རིགས་དང་། འཕྲིན་གཏོང་ཡོ་བྱད་ཀྱི་རིགས། གསེར་དངུལ་ནོར་བུའི་རིགས་བཅས་གྲངས་གནས་གཉིས་ཡན་འཕར་བ་དང་དུས་མཚུངས་སུ། དྲ་འོག་གི་འཛད་སྤྱོད་ཀྱང་སླར་གསོ་བྱེད་བཞིན་ཡོད། ཟླ་དང་པོ་ནས་བརྒྱད་པའི་བར། རྒྱལ་ཡོངས་ཀྱི་དངོས་པོའི་ཚོང་ཟོག་དྲ་ཐོག་ནས་སིལ་ཚོང་བྱེད་ཚད་བརྒྱ་ཆ་བཅོ་ལྔ་དང་གྲངས་ཆུང་བརྒྱད་འཕར་ནས། ཟླ་གོང་མ་ལས་མུ་མཐུད་མགྱོགས་སུ་ཕྱིན་ཡོད་པ་རེད།

རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱི་གསར་འགྱུར་མགྲིན་ཚབ་པ་ཧྥུའུ་ལིན་ཧུའེ་ཡིས། དགོས་མཁོའི་སྐུལ་ཁྲིད་འོག སྤྱི་ཟླ་བརྒྱད་པར་བཟོ་ལས་ཐོན་སྐྱེད་ཐད་དགེ་མཚན་ལྡན་པའི་འགྱུར་ལྡོག་བྱུང་ནས་རིམ་རྩིས་བྱས་ན་འཕར་ཚད་འདི་ལོའི་ནང་ཐེངས་དང་པོར་ཆག་པ་ནས་འཕར་བའི་བར་འགྱུར་ལྡོག་བྱུང་ཡོད། སྤྱི་ཟླ་བརྒྱད་པར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་གནས་ཐང་འཕར་ཚད་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་བརྒྱ་ཆ་ལྔ་དང་གྲངས་ཆུང་དྲུག་འཕར་བ་དང་། ལས་རིགས་ཆེ་གྲས་བཞི་བཅུ་ཞེ་གཅིག་གི་ཁྲོད་འཕར་སྣོན་བྱུང་བའི་ལས་རིགས་བཅུ་ཆ་བདུན་ལས་བརྒལ་བ་དང་། ཐོན་རྫས་བཅུ་ཆ་དྲུག་འཕར་སྣོན་བྱུང་ཡོད་ཅེས་བརྗོད་ཡོད་པ་རེད།

ལས་ཞུགས་ཀྱི་དུས་བབ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ཟླ་དང་པོ་ནས་བརྒྱད་པའི་བར་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ས་ཡ་བདུན་དང་བརྒྱད་འབུམ་ཆིག་ཁྲི་ཙམ་གསར་དུ་ལས་ཞུགས་ཐུབ་ནས། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི་བརྒྱ་ཆ་86དང་གྲངས་ཆུང་8ལེགས་གྲུབ་བྱུང་ཡོད། ཟླ་བརྒྱད་པར་གྲོང་ཁྱེར་དང་གྲོང་རྡལ་དུ་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད་བརྒྱ་ཆ་ལྔ་དང་གྲངས་ཆུང་དྲུག་ཟིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གནས་ཀླད་ཀོར་དང་གྲངས་ཆུང་གཅིག་ཆག་ཡོད། དེ་དང་དུས་མཚུངས་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ཕན་འབྲས་མུ་མཐུད་མངོན་གསལ་དོད་དུ་ཕྱིན་པ་དང་། སྤྱི་ཟླ་བརྒྱད་པར་གྲོང་མིའི་འཛད་སྤྱོད་རིན་གོང་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་བརྒྱ་ཆ་གཉིས་དང་གྲངས་ཆུང་བཞི་འཕར་བ་དང་། སྤྱིའི་ཆ་ནས་དལ་པོའི་ངང་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག སྐྱིད་པོ།
ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

ཅན་དབྱི་ཝེ་འཇར་པན་རང་དབང་དམངས་གཙོ་ཏང་གི་འགོ་འཛིན་ལ་བདམས་ཐོན་བྱུང་བ།

ད་ཐེངས་ཀྱི་འདེམས་བསྐོ་ནི་རང་དབང་དམངས་གཙོ་ཏང་གི་རྒྱལ་ཚོགས་ཀྱི་གྲོས་མིས་འདེམས་ཤོག་འཕེན་པ་དང་ས་གནས་ཀྲི་པུའུ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིས་འདེམས་ཤོག་འཕངས་ནས་གྲུབ་པའི“ཁང་གཉིས་ཀྱི་གྲོས་མིའི་སྤྱི་ཁྱབ་ཚོགས་པའི”བྱ་ཐབས་སྤྱད་དེ་འདེམས་ཤོག་འཕངས་པ་རེད། འདེམས་ཤོག་ཁྱོན་བསྡོམས་535ཡོད། དེའི་ཁྲོད་དུ་རྒྱལ་ཚོགས་གྲོས་མིའི་འདེམས་ཤོག་394ཡོད་པ་དང་། ས་གནས་ཀྱི་འདེམས་ཤོག་141ཡོད། འདེམས་བསྐོའི་གྲུབ་འབྲས་ལས་མངོན་གསལ། ཉིན་

中央广播电视总台 央广网 版权所有

རང་རྒྱལ་གྱི་སྤྱི་ཟླ་8པའི་དཔལ་འབྱོར་འཁོར་རྒྱུག་བརྟན་པོའི་ངང་སླར་གསོ་བྱུང་བ་དང་། དམིགས་ཚད་གཙོ་བོ་མུ་མཐུད་བསྐྱར་འཕར་བྱུང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ཚེས་15ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱིས་སྤྱི་ཟླ་བརྒྱད་པའི་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་000གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད། གྲངས་གཞི་ལས་མངོན་པར། སྤྱི་ཟླ་བརྒྱད་པར། ཀྲུང་གོའི་དཔལ་འབྱོར་གྱིས་རིམས་ནད་དང་འབྲུབ་ཆུ་རྒྱས་པའི་ཤུགས་རྐྱེན་ངན་པ་ཁྱད་དུ་བསད་དེ་ཐོན་སྐྱེད་ཀྱི་དགོས་མཁོ་མུ་མཐུད་བསྐྱར་འཕར་བྱུང་བ་དང་།