ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་གཞི་རིམ་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་དེ་པེ་ཅིང་དུ་སྐོང་འཚོགས་བྱས་པ།

2020-09-16 15:52:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་15ཉིན་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་གཞི་རིམ་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་དེ་པེ་ཅིང་དུ་སྐོང་འཚོགས་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུངས་བཤད་ཀྱང་གནང་བ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཏོག་གསར་གློད་ཚད་རིམས་ནད་འགོག་བཅོས་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་ཏེ། རིམས་ནད་འགོག་བཅོས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་ངེས་ཐོག རྒྱང་བསྐྱོད་ཀྱི་ལམ་བུ་གསར་པའི་ཐོག་གདོང་ལེན་པ་བྱེད་ཕོད་པ་དང་བྱས་རྗེས་གསར་པ་འཇོག་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

ཝང་ཧུའུ་ཉིང་གིས། རིམས་ནད་འགོག་བཅོས་བྱེད་པའི་འཐབ་རྩོད་ཁྲོད་རྒྱ་ཆེའི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན། ལས་བྱེད་པ་བཅས་ཀྱིས་གདོང་མཆོང་དང་སྙིང་རུས་ཆེན་པོས་བརྩོན་ལེན་བྱས་པས། ཏང་དར་དེ་ཉིད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་མཐོན་པོར་ལྷབ་ལྷུབ་ཏུ་གཡོས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་གོ་བ་ལོན་ཐུབ་པ་དང་ཤེས་རྟོགས་ཐུབ་པ། ལག་ལེན་བསྟར་ཐུབ་པ་བཅས་དང་། ཕུགས་འདུན་གྱི་དད་སེམས་བརྟན་དུ་གཏོང་བ་དང་འགན་འཁྲི་འཁུར་ཕོད་པ་བྱས་ནས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་བརྟན་པོ་དྲུག་དང་། འགན་ལེན་དྲུག་གི་ལས་དོན་ཁག་ཡག་པོ་བསྒྲུབ་དགོས། མི་དམངས་ལྟེ་བར་བྱེད་པ་རྒྱུན་འཁྱོངས་དང་མང་ཚོགས་ཀྱི་དོན་དུ་བྱ་བཟང་དང་ལས་བཟང་བསྒྲུབ་པ་དང་དཀའ་གནད་སེལ་རོགས་བྱེད་དགོས། ཁྱོན་ཡོངས་ནས་ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། གཞི་རིམ་གྱི་ཁ་ཕྱོགས་གསལ་སྟོན་དམ་འཛིན་གང་ལེགས་རྒྱུན་འཁྱོངས་ཀྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་པའི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་གསུངས་པ་རེད།

ཁྲེན་ཞི་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། སུན་ཁྲུན་ལན་དང་ཡང་ཞའོ་ཏུའུ། ཧོང་ཁུན་མིང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།

གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་འཐུས་མི་དང་རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་འཁུར་བའི་འཐུས་མི། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཁྲོད་མཚོན་ཚུལ་མངོན་གསལ་དོད་པས་གསར་དུ་སྐྱེད་སྲིང་བྱས་པའི་ཏང་ཡོན་གྱི་འཐུས་མི། གནས་སྤར་གལ་ཆེར་བཀོད་པའི་ཕུལ་བྱུང་གི་གཞི་རིམ་ལས་བྱེད་པའི་འཐུས་མི་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད། ཀྲུང་གོ་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་གི་འགོ་འཛིན་ཧོང་ལུའུ་ཇི་སོགས་བློ་མཐུན་བརྒྱད་ཀྱི་གཏམ་བཤད་སྤེལ་བ་རེད། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

ཅན་དབྱི་ཝེ་འཇར་པན་རང་དབང་དམངས་གཙོ་ཏང་གི་འགོ་འཛིན་ལ་བདམས་ཐོན་བྱུང་བ།

ད་ཐེངས་ཀྱི་འདེམས་བསྐོ་ནི་རང་དབང་དམངས་གཙོ་ཏང་གི་རྒྱལ་ཚོགས་ཀྱི་གྲོས་མིས་འདེམས་ཤོག་འཕེན་པ་དང་ས་གནས་ཀྲི་པུའུ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིས་འདེམས་ཤོག་འཕངས་ནས་གྲུབ་པའི“ཁང་གཉིས་ཀྱི་གྲོས་མིའི་སྤྱི་ཁྱབ་ཚོགས་པའི”བྱ་ཐབས་སྤྱད་དེ་འདེམས་ཤོག་འཕངས་པ་རེད། འདེམས་ཤོག་ཁྱོན་བསྡོམས་535ཡོད། དེའི་ཁྲོད་དུ་རྒྱལ་ཚོགས་གྲོས་མིའི་འདེམས་ཤོག་394ཡོད་པ་དང་། ས་གནས་ཀྱི་འདེམས་ཤོག་141ཡོད། འདེམས་བསྐོའི་གྲུབ་འབྲས་ལས་མངོན་གསལ། ཉིན་

中央广播电视总台 央广网 版权所有

རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་གཞི་རིམ་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་དེ་པེ་ཅིང་དུ་སྐོང་འཚོགས་བྱས་པ།

སྤྱི་ཚེས་15ཉིན་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་གཞི་རིམ་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་དེ་པེ་ཅིང་དུ་སྐོང་འཚོགས་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུངས་བཤད་ཀྱང་གནང་བ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཏོག་གསར་གློད་ཚད་རིམས་ནད་འགོག་བཅོས་བྱེད་པའི་གཟེངས་