ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཝང་དབྱང་གིས་མཚོ་སྔོན་དུ་བརྟག་ཞིབ་གནང་བ།

2020-09-16 15:48:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་དུས་མཚོ་སྔོན་དུ་བརྟག་ཞིབ་གནང་ཡོད། ཁོང་གིས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ནི་རང་རྒྱལ་གྱིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པ་འགོ་འཛུགས་གྲབས་ཡོད་པའི་ལོ་རྒྱུས་ཀྱི་དུས་སྐབས་འདིར་འཚོགས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་ཞིང་། དེར་གལ་ཆེ་གཏིང་ཟབ་ཀྱི་དོན་སྙིང་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དེར་གོ་བ་གཏིང་ཟབ་ལོན་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་པ། བོད་འབྲེལ་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པ་ཁོང་དུ་ཡང་དག་ཆུད་པ། དོན་དངོས་ལ་གཞིགས་པ་དང་གསར་གཏོད་རང་བཞིན་སྒོ་ནས་ལས་དོན་སྤེལ་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་ལེན་དང་བོད་ལྗོངས་དང་བོད་འབྲེལ་གྱི་ཁུལ་དང་རྫོང་གི་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

སྤྱི་ཚེས་14ཉིན་ནས་15ཉིན་བར། ཝང་དབྱང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་ཕེབས་ཏེ། མི་རིགས་སློབ་འབྲིང་དང་། ཡུལ་གཞན་ལ་གནས་སྤོ་བཀོད་སྒྲིག་བྱེད་ས། ཆོས་ལུགས་བྱེད་སྒོ་སྤེལ་ས། ཁུལ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བཅས་སུ་ཟབ་ཞུགས་གནང་ནས་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། མཚོ་སྔོན་ཞིང་ཨུད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཚུལ་གྱི་སྙན་སེང་གསན་གནང་བ་རེད།

ཝང་དབྱང་གིས། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱི་བོད་འབྲེལ་ལས་དོན་ཐད་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ཁས་ལེན་གང་ལེགས་གནང་ཡོད། ཁོང་གིས། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུ་ནི་མིག་སྔའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་ལ་གོམ་སྟབས་རྗེས་མའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྔོན་འགྲོ་ཞིག་ཀྱང་རེད། ཆེད་མངག་དུས་ཚོད་བཀོད་སྒྲིག་བྱས་ཏེ་སློབ་སྦྱོང་དང་ཞིབ་འཇུག་གྲོས་བསྡུར་གཏིང་ཟབ་བྱེད་པ་དང་། མ་རྩོམ་སློབ་སྦྱོང་བྱེད་དགོས་ལ་རྩ་བའི་རིགས་པ་ཤེས་པ་དང་། དེ་འདྲ་ཡིན་པ་ཤེས་དགོས་ལ་དེ་འདྲ་ཡིན་ལུགས་ཤེས་པ་བྱས་ཏེ། དགོངས་དོན་གྱི་ངོ་བོ་དང་ནང་དོན་གཙོ་བོར་གོ་བ་ངོ་མ་ལོན་པ་བྱེད་དགོས། རྣམ་པ་སྣ་ཚོགས་དང་སྣ་མང་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་སྒྲོག་འགྲེལ་བྱེད་པ་དང་། མང་ཚོགས་ནས་ཉན་སྤྲོ་བ་དང་གོ་བདེ་བའི་སྐད་ཆ་དང་བལྟ་འདོད་མཐོང་འདོད་བྱེད་པའི་རྣམ་པའི་ཐོག་ནས་འགྲེལ་བརྗོད་མཁས་པོ་བྱས་ཏེ། གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་གྱི་ལས་བྱེད་མང་ཚོགས་ཁྲོད་མི་སེམས་ལ་གཏིང་ཟབ་ཟུག་པ་བྱེད་དགོས། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལ་གཞིགས་པ་དང་དོན་དངོས་དང་ཟུང་འབྲེལ་གྱིས་ཞན་ཆ་འཚོལ་བ་དང་། ལས་ཀའི་ལས་འགན་ཞིབ་ཕྲ་བཟོ་བ། ལས་ཀའི་བཀོད་སྒྲིག་ཟིན་ཐོ་འགོད་པ། དུས་བཀག་ལྟར་ཞིབ་བཤེར་དང་བལྟ་སྡུར། མཇུག་རྩིས་དང་མཇུག་སྡོམ་བཅས་བྱེད་དགོས། ཞིབ་ཕྲའི་ལས་དོན་ཐད་གཟབ་ནན་དང་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས་བྱེད་པ། ལེགས་སྒྲིག་བྱེད་དགོས་པའི་སྲིད་ཇུས་དག་ཕྱོགས་མང་པོས་རིགས་པས་ཁུངས་སྐྱེལ་དང་གཏན་འཁེལ་བྱས་རྗེས་ལེགས་སྒྲིག་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

ཝང་དབྱང་གིས། ཏང་ཀྲུང་དབྱང་གིས་བོད་ལྗོངས་དང་བོད་འབྲེལ་གྱི་ཁུལ་དང་རྫོང་གི་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུར་གཞིགས་ཏེ་ལས་འགན་གལ་ཆེན་རབ་དང་རིམ་པ་བཀོད་སྒྲིག་གནང་ཡོད་པས། ལས་དོན་དེ་དག་ལ་མཐོ་རིམ་ཇུས་འགོད་དང་གཞི་རིམ་གྱི་འཚོལ་ཞིབ་གཉིས་ཟུང་འབྲེལ་བྱེད་དགོས་པ་དང་། འབད་བརྩོན་ལྷོད་མེད་ཀྱིས་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས། ཡུན་རིང་རྒྱུན་འཁྱོངས་བྱེད་པར་ངེས་པར་དུ་ཉིན་ལྟར་ལས་དོན་སྤེལ་དགོས་ཤིང་། དེ་ལྟར་བྱས་ན་གཞི་ནས་རྒྱུག་ཆུའི་ཤུལ་ལ་ཡུར་བུ་ཆགས་པའི་དཔེ་བཞིན་ཡོང་ཐུབ། བོད་འབྲེལ་ལས་དོན་ཁྲོད་ཀྱི་མི་རིགས་ཆོས་ལུགས་ལས་དོན་གྱི་འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་གནས་བབ་མངོན་གསལ་དོད་པོ་ཡོང་བ་བྱ་དགོས་པ་དང་། ཡུན་རིང་གི་ཐབས་ཇུས་མང་ཙམ་འདོན་པ། རྩ་བ་བརྟན་ཚུགས་ཀྱི་བྱེད་ཐབས་མང་ཙམ་སྤྱོད་པ། ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པའི་བང་རིམ་ཟབ་པའི་འགལ་བ་དང་གནད་དོན་ཐག་གཅོད་མང་ཙམ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དང་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་བྱེད་པའི་ཐད་ལས་དོན་དངོས་སྤེལ་བ་དང་ཕན་འབྲས་དངོས་ཐོན་ཐབས་བྱེད་པ། ཉམས་མྱོང་སྔར་ལས་མང་བ་འཚོལ་ཞིབ་དང་གསོག་འཇོག་བྱ་དགོས། སྤྱོད་གོ་ཆོད་པའི་སྤྱི་ཚོགས་བཅོས་སྐྱོང་བྱེད་ཐབས་ཕྱོགས་བསྡོམས་ནན་ཏན་བྱས་ནས། ས་གནས་དེ་གའི་དོན་དངོས་དང་འཚམ་པའི་དེང་རབས་ཅན་གྱི་བཅོས་སྐྱོང་མ་ལག་ཆ་ཚང་ཞིག་ཆགས་པ་བྱས་ཏེ། ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་རྣམ་པ་སྲུང་སྐྱོང་ཡག་པོ་བྱ་དགོས། འབྱུང་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་ལམ་བུའི་ཐོག་བསྐྱོད་ནས། འབྱུང་ཁམས་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག སྒྲིག་བཀོད་ཞིང་ལས་དང་། ལུང་གཞུང་དཔལ་འབྱོར། ཡུལ་སྐོར་ཐོན་ལས་བཅས་བརྟན་པོའི་ངང་གོང་འཕེལ་གཏོང་དགོས། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། མང་ཚོགས་དེ་བས་མང་བ་རིམ་བཞིན་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

མཚོ་སྔོན་དུ་བཞུགས་རིང་། ཝང་དབྱང་མགོ་ལོག་ཁུལ་གྱི་སྲིད་གྲོས་ལས་ཁུངས་སུ་འཚམས་འདྲིར་ཕེབས་ནས། སྲིད་གྲོས་དང་། འཐབ་ཕྱོགས་གཅིག་གྱུར། ཆོས་ལུགས་ལས་དོན་བཅས་ཀྱི་ལས་བྱེད་ལས་བཟོ་པར་འཚམས་འདྲི་གནང་བ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཚང་མས་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་བླང་བྱ་བཏོན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས།
ཞུ་དག སྐལ་བཟང་བདེ་སྐྱིད།
ཡིག་སྒྱུར། མིག་དམར་རྒྱ་མཚོ།

འཛམ་གླིང་སྐར་ཁུངས།

ཅན་དབྱི་ཝེ་འཇར་པན་རང་དབང་དམངས་གཙོ་ཏང་གི་འགོ་འཛིན་ལ་བདམས་ཐོན་བྱུང་བ།

ད་ཐེངས་ཀྱི་འདེམས་བསྐོ་ནི་རང་དབང་དམངས་གཙོ་ཏང་གི་རྒྱལ་ཚོགས་ཀྱི་གྲོས་མིས་འདེམས་ཤོག་འཕེན་པ་དང་ས་གནས་ཀྲི་པུའུ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིས་འདེམས་ཤོག་འཕངས་ནས་གྲུབ་པའི“ཁང་གཉིས་ཀྱི་གྲོས་མིའི་སྤྱི་ཁྱབ་ཚོགས་པའི”བྱ་ཐབས་སྤྱད་དེ་འདེམས་ཤོག་འཕངས་པ་རེད། འདེམས་ཤོག་ཁྱོན་བསྡོམས་535ཡོད། དེའི་ཁྲོད་དུ་རྒྱལ་ཚོགས་གྲོས་མིའི་འདེམས་ཤོག་394ཡོད་པ་དང་། ས་གནས་ཀྱི་འདེམས་ཤོག་141ཡོད། འདེམས་བསྐོའི་གྲུབ་འབྲས་ལས་མངོན་གསལ། ཉིན་

中央广播电视总台 央广网 版权所有

ཝང་དབྱང་གིས་མཚོ་སྔོན་དུ་བརྟག་ཞིབ་གནང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་དུས་མཚོ་སྔོན་དུ་བརྟག་ཞིབ་གནང་ཡོད། ཁོང་གིས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ནི་རང་རྒྱལ་གྱིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་