ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།《དངུལ་རྩའི་མ་རྐང་ཚོད་འཛིན་ཀུང་སིར་འཇུག་འཐུས་དོ་དམ་ལག་བསྟར་བྱ་རྒྱུའི་སྐོར་གྱི་གཏན་འབེབས》བཀྲམ་པ།

2020-09-16 09:37:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་བཀའ་ལན་གནང་བ་བརྒྱུད། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དངུལ་རྩའི་མ་རྐང་ཚོད་འཛིན་ཀུང་སིར་འཇུག་འཐུས་དོ་དམ་ལག་བསྟར་བྱ་རྒྱུའི་སྐོར་གྱི་གཏན་འབེབས》(གཤམ་དུ《གཏན་འབེབས》ཅེས་བསྡུ་རྒྱུ)བཀྲམ་པ་རེད། དངུལ་རྩའི་མ་རྐང་ཚོད་འཛིན་ཀུང་སིར་འཇུག་འཐུས་དོ་དམ་ལག་བསྟར་བྱས་པ་ནི་ལྟ་འདོམས་ཀྱི་ཞན་ཆ་གསབ་པ་དང་དངུལ་རྩའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། ཁྲོམ་རའི་སྒྲིག་ལམ་ཚད་ལྡན་བཟོ་བ་དང་། ཉེན་ཁ་འགོག་ཟོན་དང་སེལ་བ། དངུལ་རྩའི་ཞབས་ཞུའི་དངོས་ཚན་དཔལ་འབྱོར་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་ལ་ཕན་ཐོགས་ཡོད་པ་རེད།

《གཏན་འབེབས》ནང་རང་རྒྱལ་མངའ་ཁོངས་ཀྱི་དངུལ་རྩ་མ་ཡིན་པའི་ཁེ་ལས་དང་རང་བྱུང་མི་དང་དེ་བཞིན་ཁས་ལེན་ཐོབ་པའི་ཁྲིམས་མིས་མ་རྐང་ཚོད་འཛིན་ནམ་ཡང་ན་དངོས་སུ་ཚོད་འཛིན་བྱས་པའི་རིགས་མི་འདྲ་བ་གཉིས་སམ་གཉིས་ཡན་གྱི་དངུལ་རྩའི་སྒྲིག་གཞིར་གཏན་འབེབས་བྱས་རིགས་ཀྱི་ཆ་རྐྱེན་ལྡན་ཚེ། ཀྲུང་གོ་མི་དམངས་དངུལ་ཁང་ལ་རེ་འདུན་ཞུ་ཆོག་པ་དང་ཆོག་མཆན་ཐོབ་རྗེས་དངུལ་རྩའི་མ་རྐང་ཚོད་འཛིན་གྱི་ཀུང་སི་འཛུགས་ཆོག་པ་ཁ་གསལ་བཏོན་ཡོད།

《གཏན་འབེབས》ནང་དངུལ་རྩའི་མ་རྐང་ཚོད་འཛིན་གྱི་ཀུང་སི་འཛུཌ་རྒྱུའི་རེ་འདུན་ཞུ་བའི་ཆ་རྐྱེན་ལྡན་མཁན་གྱིས《གཏན་འབེབས》ལག་བསྟར་བྱས་པའི་ཉིན་ནས་བརྩིས་པའི་ཟླ་བཅུ་གཉིས་ནང་ཀྲུང་གོ་མི་དམངས་དངུལ་ཁང་ལ་དངུལ་རྩའི་མ་རྐང་ཚོད་འཛིན་གྱི་ཀུང་སི་འཛུགས་རྒྱུའི་རེ་འདུན་ཞུ་ཆོག་པ་ཁ་གསལ་བཏོན་ཡོད།

འཛམ་གླིང་སྐར་ཁུངས།

ཅན་དབྱི་ཝེ་འཇར་པན་རང་དབང་དམངས་གཙོ་ཏང་གི་འགོ་འཛིན་ལ་བདམས་ཐོན་བྱུང་བ།

ད་ཐེངས་ཀྱི་འདེམས་བསྐོ་ནི་རང་དབང་དམངས་གཙོ་ཏང་གི་རྒྱལ་ཚོགས་ཀྱི་གྲོས་མིས་འདེམས་ཤོག་འཕེན་པ་དང་ས་གནས་ཀྲི་པུའུ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིས་འདེམས་ཤོག་འཕངས་ནས་གྲུབ་པའི“ཁང་གཉིས་ཀྱི་གྲོས་མིའི་སྤྱི་ཁྱབ་ཚོགས་པའི”བྱ་ཐབས་སྤྱད་དེ་འདེམས་ཤོག་འཕངས་པ་རེད། འདེམས་ཤོག་ཁྱོན་བསྡོམས་535ཡོད། དེའི་ཁྲོད་དུ་རྒྱལ་ཚོགས་གྲོས་མིའི་འདེམས་ཤོག་394ཡོད་པ་དང་། ས་གནས་ཀྱི་འདེམས་ཤོག་141ཡོད། འདེམས་བསྐོའི་གྲུབ་འབྲས་ལས་མངོན་གསལ། ཉིན་

中央广播电视总台 央广网 版权所有

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།《དངུལ་རྩའི་མ་རྐང་ཚོད་འཛིན་ཀུང་སིར་འཇུག་འཐུས་དོ་དམ་ལག་བསྟར་བྱ་རྒྱུའི་སྐོར་གྱི་གཏན་འབེབས》བཀྲམ་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་བཀའ་ལན་གནང་བ་བརྒྱུད། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དངུལ་རྩའི་མ་རྐང་ཚོད་འཛིན་ཀུང་སིར་འཇུག་འཐུས་དོ་དམ་ལག་བསྟར་བྱ་རྒྱུའི་སྐོར་གྱི་གཏན་འབེབས》(གཤམ་དུ《གཏན་འབེབས》ཅེས་བསྡུ་རྒྱུ)བཀྲམ་པ་རེད། དངུལ་རྩའི་མ་རྐང་ཚོད་འཛིན་ཀུང་སིར་འཇུག་འཐུས་དོ་དམ་ལག་བསྟར་བྱས་པ་ནི་ལྟ་འདོམས་ཀྱི་ཞན་ཆ་གསབ་པ་དང་དངུལ་རྩའི་སྒྱུར་བཅོས་གཏིང་ཟབ་