ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས་༼ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར༽པར་འགྲེམས་བྱས་པ།

2020-09-15 15:43:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས༼ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར༽པར་འགྲེམས་བྱས་ཡོད་པ་རེད།

༼བསམ་འཆར་༽ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲས་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མ་རྩོམ་ཀློག་པ་དང་། མ་ཡིག་སྦྱོང་བ། རྩ་བའི་རིགས་པ་རྟོགས་པ་བཅས་རྒྱུན་འཁྱོངས་བྱེད་པ། སློབ་སྦྱོང་དང་། ཤེས་རྟོགས། དངོས་སྒྲུབ་བཅས་ཀྱི་ཐད་མུ་མཐུད་ཤུགས་རྒྱག་པ་བཅས་བྱས་ཏེ། ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་བསམ་བློ་གཅིག་གྱུར་དང་། བློ་རྩ་བརྟན་པོ། བྱ་སྤྱོད་མཐུན་སྦྱོར། འཐབ་འཛིང་གི་སྟོབས་ཤུགས་ཆེན་པོ་བཅས་རྒྱུན་འཁྱོངས་ཐུབ་པ་བྱ་དགོས།

ཕུགས་བསམ་དད་སེམས་ཀྱི་སློབ་གསོ་དང་ཏང་གཤིས་ཀྱི་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། གཅིག་སྡུད་གསོ་སྦྱོང་དང་རྒྱུན་གཏན་གྱི་སློབ་གསོ་གཉིས་ཟུང་འབྲེལ་དང་རྩ་འཛུགས་སློབ་གསོ་དང་རང་ངོས་མཐོར་གཏོང་གཉིས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་ཡོན་དང་ལས་བྱེད་པར་ཁྲིད་སྟོན་གྱིས་དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། བསམ་པའི་འཚོ་བཅུད་ཁ་གསབ་བྱེད་པ། བསམ་བློའི་ཁ་ཕྱོགས་བརྟན་དུ་གཏོང་བ་བཅས་བྱེད་དགོས། ཉེ་འགྲམ་དང་སྟབས་བདེ་སར་གསར་བརྗེའི་ཐོན་ཁུངས་དང་ཏང་གཤིས་སློབ་གསོའི་རྟེན་གཞི་སོགས་བེད་སྤྱོད་ཡག་པོ་བཏང་ནས། གསར་བརྗེའི་སྲོལ་རྒྱུན་སློབ་གསོ་སྤེལ་བ་དང་། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་གོང་འཕེལ་ལོ་རྒྱུས་བཅས་ཀྱི་ཆེད་དོན་སློབ་གསོ་སྤེལ་ཏེ། ཏང་ཡོན་དང་ལས་བྱེད་པར་ཏང་དབུ་བརྙེས་ཚུན་གྱི་བྱ་དོན་གལ་ཆེན་དང་། གྲོས་ཚོགས་གལ་ཆེན། ཡིག་ཆ་གལ་ཆེན། མི་སྣ་གལ་ཆེན་བཅས་སློབ་སྦྱོང་དང་ཤེས་རྟོགས་བྱེད་དུ་བཅུག་པ་དང་། ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་། རྩ་ཆེའི་ཉམས་མྱོང་། རླབས་ཆེའི་གྲུབ་འབྲས་བཅས་ལ་རྒྱུས་ལོན་བྱེད་ཏུ་བཅུག་སྟེ། ལོ་རྒྱུས་ཤེས་ནས་ཏང་ལ་དགའ་པོ་དང། ལོ་རྒྱུས་ཤེས་ནས་རྒྱལ་ཁབ་ལ་དགའ་པོ་ཡོང་བ་བྱེད་དགོས།

རྒྱུན་ལྡན་རང་བཞིན་གྱི་ཆབ་སྲིད་བརྟག་བཤེར་བྱ་དགོས། རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་མཚོན་ཆ་རྣོ་པོ་འདི་བེད་སྤྱོད་གང་ལེགས་བྱས་ཏེ། ཐོག་མའི་བསམ་འདུན་དང་འགན་འཁྲི་གཉིས་དང་རྒྱབ་འགལ་ཡིན་པའི་གནད་དོན་སྣ་ཚོགས་ལ་དུས་ཐོག་ཏུ་ཞིབ་ལྟ་བྱས་ཏེ་དག་ཐེར་ཡོ་བསྲང་བྱེད་དགོས་པ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་སྲུང་འཛིན་བྱ་དགོས།

ཏང་ཡོན་དང་ལས་བྱེད་པས་རང་འགན་གཙང་སྒྲུབ་དང་འགན་འཁྲི་འཁུར་ཕོད་པ། བྱས་རྗེས་འཇོག་ཐུབ་པ་བཅས་ལ་སྐུལ་འདེད་བཏང་སྟེ། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་འཇོག་དགོས། ཐོལ་བྱུང་དོན་རྐྱེན་ཚབས་ཆེན་གྱི་འགོ་ཁྲིད་ཚན་པའི་འཕྲལ་སྒྲུབ་ཐག་གཅོད་ལམ་སྲོལ་དང་ཏང་ཡོན་དང་ལས་བྱེད་པའི་འཕྲལ་སྒྲུབ་སྐུལ་སློང་གི་ནུས་པ་འདོན་སྤེལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་བྱེད་པས་འགན་འཁུར་ཕོད་པ་དང་བྱས་རྗེས་འཇོག་རྒྱུར་སྐུལ་ལྕག་དང་སྲུང་སྐྱོང་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་བྱེད་པས་འགན་འཁུར་ཕོད་པ་དང་བྱས་རྗེས་འཇོག་པའི་གནས་ཚུལ་དེ་སྐོར་ཞིབ་སྐོར་དཔྱོད་དང་ཟུང་འབྲེལ་བྱས་ཏེ་མི་འདེམས་པ་དང་མི་སྣ་བཀོལ་སྤྱོད་ཀྱི་ཆེད་དོན་ཞིབ་བཤེར་བྱེད་པའི་ནང་དོན་གལ་ཆེན་དུ་བརྩི་དགོས། གནད་དོན་ཐག་གཅོད་བྱེད་མི་ཕོད་པ་དང་འགལ་ཟླ་སེལ་མི་ཕོད་པ། ལས་ཀའི་ཐད་དུས་ཡུན་རིང་པོར་ངོ་བོའི་རང་བཞིན་གྱི་འཕེལ་རིམ་མེད་པ། མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་བཏོན་པའི་གནད་དོན་དུས་ཡུན་རིང་པོར་ཐག་གཅོད་བྱེད་མ་ཐུབ་པའི་འགོ་ཁྲིད་ཚན་པ། སྲིད་སྐྱོང་ནུས་མེད་དང་སྲིད་སྐྱོང་སྒྱིད་ལུག ཁྲལ་སེལ་སླ་བཅོས་བཅས་བྱེད་མཁན་འགོ་ཁྲིད་ལས་བྱེད་པ། མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་བྱེད་སྐབས་ཁ་གཡར་འགན་དབྱུག་བྱེད་མཁན་ཏང་ཡོན་དང་ལས་བྱེད་པ་བཅས་ལ་སྒྲིག་སྲོལ་དང་སྒྲིག་ཁྲིམས། བཅའ་ཁྲིམས་བཅས་གཞིར་བཟུར་འགན་འཁྲི་རྩད་གཅོད་བྱེད་དགོས།

གཙོ་གནད་དང་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་སྲོལ་དར་སྤེལ་ཤུགས་ཆེན་བཏང་ནས། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དེ་ལས་ཀའི་ཇུས་འགོད་དང་། ཐབས་ཇུས། ལག་བསྟར་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས་པ་དང་། དེ་ཉིད་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱ་རྒྱུ་དང་། ཏང་དང་མང་ཚོགས། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་ཟབ་ཏུ་གཏོང་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་གི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། རུབ་སྡུད་བརྟག་དཔྱད་ཞིབ་འཇུག་དང་ཕྱི་ཚུལ་རྣམ་པའི་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་སྔོན་འགོག་བྱས་ནས། གཞི་རིམ་གྱི་ཁུར་པོ་ལྕི་རུ་གཏོང་མི་རུང་།

མང་ཚོགས་ལ་ལས་དོན་དངོས་སྒྲུབ་པ་དང་། བྱ་བཟང་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱ་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ཀྱི་ཏང་སྲིད་འགོ་ཁྲིད་ཚན་པས་མི་དམངས་མང་ཚོགས་ཀྱི་སེམས་ཁྲལ་ཆེ་ཤོས་དང་རེ་སྒུག་ཆེ་ཤོས་བྱེད་སའི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ཏེ་ལོ་འཁོར་གྱི་དམངས་འཚོའི་བྱ་བ་དངོས་ཀྱི་འཆར་གཞི་བཟོ་དགོས་པ་དང་། ཏང་ཡོན་དང་ལས་བྱེད་པས་མང་ཚོགས་དང་ཐད་ཀར་འབྲེལ་གཏུག་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས།

ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་དགོས་པ་དང་། ས་ཁུལ་ཁག་དང་སྡེ་ཁག་ཁག ཚན་པ་ཁག་བཅས་ཀྱིས་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་རྒྱུའི་བླང་བྱ་ཞིབ་ཕྲ་ཅན་དུ་བསྒྱུར་ཏེ། འགོ་ཁྲིད་བྱེད་སྟངས་དང་ལས་ཀ་བྱེད་སྟངས་ལེགས་བཅོས་བྱས་ནས། འགོ་ཁྲིད་ཀྱི་བློ་ལ་བབ་ཀྱང་མང་ཚོགས་ལ་རེ་ཐག་ཆད་དུ་འཇུག་པའི་གླེན་རྟགས་སྟོན་པའི་བྱ་བ་གཏན་ནས་བྱེད་མི་རུང་བ་བཅས་བཏོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག ཟླ་བ་ཚེ་རིང་།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས་༼ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར༽པར་འགྲེམས་བྱས་པ།

༼བསམ་འཆར་༽ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲས་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མ་རྩོམ་ཀློག་པ་དང་། མ་ཡིག་སྦྱོང་བ། རྩ་བའི་རིགས་པ་རྟོགས་པ་བཅས་རྒྱུན་འཁྱོངས་བྱེད་པ། སློབ་སྦྱོང་དང་། ཤེས་རྟོགས། དངོས་སྒྲུབ་བཅས་ཀྱི་ཐད་མུ་མཐུད་ཤུགས་རྒྱག་པ་བཅས་བྱས་ཏེ། ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་བསམ་བློ་གཅིག་གྱུར་དང་། བློ་རྩ་བརྟན་པོ། བྱ་སྤྱོད་མཐུན་སྦྱོར། འཐབ་འཛིང་གི་སྟོབས་ཤུགས་ཆེན་པོ་བཅས་རྒྱུན་འཁྱོངས་ཐུབ་