ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

སྤྱི་མཐུན་རྒྱལ་ཁབ་ཀྱིས་བརྗེད་མི་སྲིད། ཨ་འགོག་ཁྲའོ་རོགས་ཀྱི་བུད་མེད་དཔའ་བོ་ཝུའུ་ཅུང་།

2020-09-14 15:55:00     责编:sangjzm

དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པར། གློག་བརྙན་ཧྲང་ཀན་ལིང་ཞེས་པའི་ནང་། དང་བླངས་དམག་གི་འཐབ་འཛིང་པས་ཁྲའོ་ཞན་གྱི་གཡུལ་སར་ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་དཔའ་བོའི་བྱས་རྗེས་ཇི་མ་ཇི་བཞིན་བཀོད་ཡོད། འོན་ཀྱང་གློག་བརྙན་དེའི་ནང་དོང་ལམ་དུ་རྨས་སྐྱོན་ཚབས་ཆེན་ཕོག་མཁན་ཚོར་བརྩེ་སེམས་ཟབ་མོས་གཞས་གཏོང་མཁན་འཕྲོད་བསྟེན་པ་ཝང་ལན་ལྟ་བུ་ད་ལྟའི་འཚོ་བའི་ནང་དུ་ཡང་ཁོང་ལྟ་བུའི་མི་སྣ་དངོས་སུ་མཐོང་རྒྱུ་ཡོད། གློག་བརྙན་དེའི་ནང་མཚོན་པའི་མི་སྣའི་གྲས་ཤིག་ཡིན་པ་ནི་ཨ་འགོག་ཁྲའོ་རོགས་ཀྱི་བུད་མེད་དཔའ་བོ་ཝུའུ་ཅུང་ཡིན། གཡུལ་སའི་ཐོག་ཁོང་གི་ནད་བཅོས་སྲོག་སྐྱོབ་གནང་བ་དང་ཚེ་མཇུག་ཏུ་ཁོང་སླར་ཡང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་མཁན་གྱི་དང་བླངས་པར་གྱུར་ཡོད།

མ་གཞི་ཐེན་ཅིན་དུ་འཚོ་བ་བསྐྱལ་ནས་ལོ་60ལྷག་ཙམ་སོང་རུང་། ཝུའུ་ཅུང་གི་ལུས་ཐོག་ཏུ་སི་ཁྲོན་བའི་ཁྱད་ཆོས་སྔར་བཞིན་མངོན་བཞིན་ཡོད། ད་ཆ་དགུང་ལོ་87ལ་ཕེབས་པའི་ཁོང་གིས་དགུང་ལོ་17སྐབས་དམག་ནང་ཞུགས་སྐབས་ཀྱི་རྣམ་པ་སྔར་བཞིན་གསལ་ལྷང་ངེར་འཆར་བཞིན་ཡོད། སྐབས་དེ་དུས་དམག་དཔུང་གི་འགོ་ཁྲིད་ཀྱིས་ལོ་ན་ཆུང་བའི་རྐྱེན་གྱིས་ཁོང་དམག་ནང་ཞུགས་རྒྱུར་མུས་མཐུན་གནང་མེད། འོན་ཀྱང་གཤིས་ཀ་གྱོང་བའི་ཁོང་གིས་ཁྲག་ཡིག་བྲིས་ནས་ཆོད་སེམས་མཚོན་པ་གནང་བས། མཐར་འགོ་ཁྲིད་ནས་མོས་མཐུན་གནང་ཡོད།

སྤྱི་ལོ་1951ལོར། ཝུའུ་ཅུང་དང་བླངས་དམག་གི་དམག་སྡེ་15པའི་ཧྲི་ཤོག་45འི་ལྟ་ཞིབ་ལས་ཀའི་ལན་ཤོག་དང་པོའི་འཕྲོད་བསྟེན་པ་ཞིག་ཡིན་པའི་ཆ་ནས། ཨ་འགོག་ཁྲའོ་རོགས་ཀྱི་འཐབ་ས་དང་པོར་ཕེབས་ཡོད། སྤྱི་ལོ་1952ལོའི་ལོ་མཇུག་ཏུ། ཧ་ཅང་ཛ་དྲག་པའི་ཧྲང་ཀན་ལིན་གྱི་གཡུལ་སར། ཝུའུ་ཅུང་གིས་མེར་བསྲེགས་ཏེ་ངོ་མི་ཆོད་པའི་གནས་སུ་གྱར་བའི་འཐབ་འཛིང་པ་ཞིག་ལ་ད་དུང་འཕར་རྩ་ལྡན་པ་མཁྱེན་སྐབས། ཁོང་གིས་འཁྱགས་པ་བཞེས་ནས་འཐབ་འཛིང་པའི་དེའི་ཞལ་དུ་ཐིགས་པ་རེ་རེ་བཞིན་སྦྱིན་ཡོད། ལོ་ངོ་45ཡི་རྗེས་སུ། མཚན་ལ་ཞུས་ཏ་ཟེར་བའི་འཐབ་འཛིང་པ་དེས་ཐེངས་ཤེས་སྣ་ཚོགས་བཙལ་ནས་ཝུའུ་ཅུང་ལགས་རྙེད་པ་དང་། བྲང་སྟེང་དུ་དམག་འཐབ་ཀྱི་བྱས་རྗེས་གཟེངས་རྟགས་ཀྱིས་ཁེངས་པའི་འཐབ་གྲོགས་རྙིང་པ་གཉིས་སེམས་འགུལ་ཐེབས་ནས་སྐད་ཆ་ཤོད་མི་ཐུབ་པར་གྱུར། སྤྱི་ལོ་1954ལོར། ཁྲང་ཁྲུན་གློག་བརྙན་པར་གཞི་བཟོ་གྲྭས་གློག་བརྙན་༼ཧྲང་ཀན་ལིང་༽ཞེས་པ་པར་ལེན་གྲ་སྒྲིག་བྱས་པ་དང་། རྩོམ་སྒྲིག་པ་དང་འཁྲབ་ཁྲིད་པ་ཚོས་ཁོང་དང་འཐབ་གྲོགས་ཝང་ཆིང་ཀྲེན་གྱི་བྱས་རྗེས་ལ་གཞིགས་ནས་ཝང་ལན་ཞེས་པའི་གཟུགས་བརྙན་ཞིག་གསར་བཞེངས་གནང་ཡོད། ཝུའུ་ཅུང་གིས། གློག་བརྙན་ལྟ་ཐེངས་རེར་རང་ཉིད་ནས་དམག་འཐབ་བྱེད་པའི་ལོ་ཟླ་དྲན་གྱི་འདུག་ཅེས་གསུངས།

དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས། སྔ་རྗེས་སུ་བྱས་རྗེས་རིམ་པ་གསུམ་པ་ཐེངས་གཉིས་བཞག་པ་དང་། བྱས་རྗེས་རིམ་པ་གཉིས་པ་ཐེངས་གཅིག་བཞག་མྱོང་བའི་ཝུའུ་ཅུང་ཝུའུ་ཧན་གྱི་དམག་དཔུང་སྨན་ཁང་ཞིག་ཏུ་ལས་འཁྱུར་གནང་ཡོད། ལས་སྒྱུར་གནང་རྗེས་ཝུའུ་ཅུང་ལགས་ཁོང་གི་བཟའ་ཟླ་དང་ལྷན་དུ་ཐེན་ཅིན་དུ་ཕྱག་ལས་གནང་བར་ཕེབས་ཡོད། སྤྱི་ལོ་1989ལོར། རྒན་ཡོལ་ཞུས་ནས་ཡུན་རིང་མ་སོང་བའི་ཝུའུ་ཅུང་ལགས་ཐེན་ཅིན་གྲོང་ཁྱེར་ཞི་བདེ་ཁུལ་དང་བླངས་པའི་མཐུན་ཚོགས་ནང་ཞུགས་རྒྱུའི་མིང་ཐོ་བཀོད་ནས། དང་བླངས་པ་ཁག་དང་པོ་དེར་གྱུར། དུས་དེ་ནས་བཟུང་། མི་རྣམས་ནས་དབུ་སྐྲ་དུང་ལྟར་དཀར་པོར་གྱུར་བའི་རྒན་རྒོན་ཁོང་གིས་ལུས་ལ་སྨན་པའི་གོས་དཀར་བཞེས་པ་དང་། ཕྲག་སྟེང་དུ་སྨན་སྒམ་བསྣམས་ཏེ་སྡེ་ཁུལ་ཁག་ཏུ་ཕར་འགྲོ་ཚུར་འོང་གནང་བ་མཐོང་གི་ཡོད། ད་ཆ། ཝུའུ་ཅུང་གི་ཉེ་འགྲམ་དུ་ལག་ཁྱེར་ཉན་ཆས་ཤིག་འཇོག་གི་ཡོད་པ་དང་། ཁོང་གིས་རྒྱུན་དུ་གློག་བརྙན་རྙིང་པ་ཁག་ཅིག་གཏོང་གི་ཡོད། ཁོང་གིས། ༼ཧྲང་ཀན་ལིན་༽ཞེས་པའི་གློག་བརྙན་དེ་ངས་ཐེངས་མང་བལྟས་མྱོང་། དེའི་བརྗོད་གཙོའི་གླུ་གཞས་ནི་༼ངའི་མེས་རྒྱལ་༽ཞེས་པ་དེ་ཡིན་ཞིང་། དེ་ངའི་སེམས་ནང་གི་གླུ་གཞས་ཡིན་ཞེས་གསུངས་ཀྱི་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

སྤྱི་མཐུན་རྒྱལ་ཁབ་ཀྱིས་བརྗེད་མི་སྲིད། ཨ་འགོག་ཁྲའོ་རོགས་ཀྱི་བུད་མེད་དཔའ་བོ་ཝུའུ་ཅུང་།

དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པར། གློག་བརྙན་ཧྲང་ཀན་ལིང་ཞེས་པའི་ནང་། དང་བླངས་དམག་གི་འཐབ་འཛིང་པས་ཁྲའོ་ཞན་གྱི་གཡུལ་སར་ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་དཔའ་བོའི་བྱས་རྗེས་ཇི་མ་ཇི་བཞིན་བཀོད་ཡོད། འོན་ཀྱང་གློག་བརྙན་དེའི་ནང་དོང་ལམ་དུ་རྨས་སྐྱོན་ཚབས་ཆེན་ཕོག་མཁན་ཚོར་བརྩེ་སེམས་ཟབ་མོས་གཞས་གཏོང་མཁན་འཕྲོད་བསྟེན་པ་ཝང་ལན་ལྟ་བུ་ད་ལྟའི་འཚོ་བའི་ནང་དུ་ཡང་ཁོང་ལྟ་བུའི་མི་སྣ་དངོས་སུ་མཐོང་རྒྱུ་ཡོད། གློག་བརྙན་དེའི་ནང་མཚོན་པའི་མི་སྣའི་