ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཧན་ཀྲེང་གིས་རྒྱལ་ཡོངས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཐེངས་བདུན་པར་ཞུགས་པ།

2020-07-30 16:10:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཡོངས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཐེངས་བདུན་པ་སྤྱི་ཚེས་༢༩ཉིན་གྱི་ཕྱི་དྲོ་པེ་ཅིང་དུ་སྐོང་འཚོགས་བྱས་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཡོངས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་འགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་ཧན་ཀྲེང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུངས་བཤད་གནང་ཡོད་པ་རེད།

ཧན་ཀྲེང་གིས། རྒྱལ་ཡོངས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལས་དོན་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པ་དང་། གནད་དོན་གྱི་སྟོན་ཕྱོགས་དང་དམིགས་འབེན་གྱི་སྟོན་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཡོངས་ཁྱང་ཞིབ་བཤེར་གྱི་གྲོན་དངུལ་དངོས་ཟོག་འགན་ལེན་དང་། མཛུབ་ཁྲིད་པ་དང་ཡོངས་ཁྱབ་ཞིབ་བཤེར་བྱེད་མཁན་གཉིས་ཀྱི་འདེམས་སྒྲུག་གསོ་སྦྱོང་། ཐེམ་ཐོ་བསྐྱར་སྒྲིག ཡོངས་ཁྱབ་ཞིབ་བཤེར་བྱེད་སའི་ཁུལ་དབྱེ་བ་སོགས་ལས་དོན་བཅས་ཡག་པོ་བསྒྲུབ་ནས། གྲངས་གཞི་སྤུས་ཚད་ཀྱི་མ་མཐའི་ཚད་གཞི་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཡོངས་ཁྱབ་ཞིབ་བཤེར་བྱེད་པའི་ཇུས་གཞི་ལག་བསྟར་ནན་པོ་བྱེད་པ། གློག་རྡུལ་ཅན་གྱི་འཚོལ་བསྡུ་ཁྱོན་ཡོངས་ནས་བེད་སྤྱོད་བྱས་པ། སྲིད་འཛིན་ཐོ་འགོད་གྲངས་གཞི་ནུས་ལྡན་སྒོ་ནས་བེད་སྤྱོད་བྱེད་པ། ཡུལ་དངོས་ཀྱི་ཐོ་འགོད་སྒྲིག་འཛུགས་ནན་ཏན་བྱེད་པ། ཡོངས་ཁྱབ་ཞིབ་བཤེར་གྱི་གྲངས་གཞི་དེ་ཡང་དག་བདེན་པ་ཡིན་པ་འགན་ལེན་བྱེད་པ། ཁྲིམས་ལྟར་ཡོངས་ཁྱབ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཡོངས་ཁྱབ་ཞིབ་བཤེར་གྱི་གྲངས་གཞིར་ཐེ་ཇུས་བྱེད་པའི་བྱ་སྤྱོད་མཐའ་དག་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། ཡོངས་ཁྱབ་ཞིབ་བཤེར་བྱེད་སའི་མི་སྣའི་ཆ་འཕྲིན་ལ་སྲུང་སྐྱོང་ནན་པོ་བཅས་བྱེད་དགོས། ཡོངས་ཁྱབ་ཞིབ་བཤེར་གྱི་དྲིལ་བསྒྲགས་སྐུལ་སློང་ཡག་པོ་བྱེད་པ་དང་། མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱེད་པའི་དམིགས་འབེན་དང་། དོན་སྙིང་། ནུས་པ་བཅས་གསལ་འགྲེལ་གཏིང་ཟབ་བྱས་ཏེ། མི་འབོར་ཡོངས་ཁྱབ་ཞིབ་བཤེར་དེ་ཉིད་ཁྱིམ་དུད་ཡོངས་སུ་ཁྱབ་པ་དང་། མི་སྣ་ཡོངས་ཀྱི་རྒྱབ་སྐྱོར་ཐོབ་པ་བྱེད་དགོས། རྒྱལ་ཡོངས་ཀྱི་གཅིག་འགྱུར་འགོ་ཁྲིད་དང་། ཚན་པའི་ལས་འགན་ཁག་བགོས་དང་མཉམ་ལས། ས་གནས་རིམ་དབྱེའི་འགན་འཁྲི་འཁུར་བ། ཕྱོགས་ཁག་གི་ཐུན་མོང་ཐོག་ཞུགས་རྒྱུའི་བླང་བྱ་གཞིར་བཟུང་། སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལས་དོན་གྱི་འགན་འཁྲི་ནན་དུ་གཏོང་བ། མཐུན་སྦྱོར་གཞོགས་འདེགས་ཟབ་པོ་བྱེད་པ། སྐུལ་འདེད་བརྟག་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་ལས་དོན་ལེགས་སྒྲུབ་ལྡན་པའི་སྒོ་ནས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱི་འགན་འཁུར་མི་སྣས་རྒྱལ་ཡོངས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱེད་ཐེངས་བདུན་པའི་གྲ་སྒྲིག་དང་ལས་དོན་བཀོད་སྒྲིག་གི་གནས་ཚུལ་སྙན་གསེང་ཞུས་ཡོད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། སྤྱི་བདེ་པུའུ། འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། པེ་ཅིང་གྲོང་ཁྱེར། ཅང་སུའུ་ཞིང་ཆེན། ཧྥུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་མི་སྣས་ཚོགས་འདུའི་ཐོག་གཏམ་བཤད་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

中央广播电视总台 央广网 版权所有

ཧན་ཀྲེང་གིས་རྒྱལ་ཡོངས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཐེངས་བདུན་པར་ཞུགས་པ།

ཧན་ཀྲེང་གིས། རྒྱལ་ཡོངས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལས་དོན་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པ་དང་། གནད་དོན་གྱི་སྟོན་ཕྱོགས་དང་དམིགས་འབེན་གྱི་སྟོན་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཡོངས་ཁྱང་ཞིབ་བཤེར་གྱི་གྲོན་དངུལ་དངོས་ཟོག་འགན་ལེན་དང་། མཛུབ་ཁྲིད་པ་དང་ཡོངས་ཁྱབ་ཞིབ་བཤེར་བྱེད་མཁན་གཉིས་ཀྱི་འདེམས་སྒྲུག་གསོ་སྦྱོང་། ཐེམ་ཐོ་བསྐྱར་སྒྲིག ཡོངས་ཁྱབ་ཞིབ་བཤེར་བྱེད་སའི་ཁུལ་དབྱེ་བ་སོགས་ལས་དོན་བཅས་ཡག་