ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཧན་ཀྲེང་གིས་ཡོ་རབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་པོ་དང་བརྙན་ལམ་ཐོག་ནས་མཇལ་མོལ་གནང་བ།

2020-07-30 16:09:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༩ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་ཡོ་རབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་པོ་ཏི་མོ་མན་སི་དང་བརྙན་ལམ་ཐོག་ནས་མཇལ་མོལ་གནང་ཡོད་པ་རེད།

ཧན་ཀྲེང་གིས། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ཚུན། ཀྲུང་གོ་དང་ཡོ་རབ་བར་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། ཕན་ཚུན་རོགས་རེས་བྱེད་བཞིན་ཡོད་པས། ཀྲུང་གོ་དང་ཡོ་རབ་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་སྟོན་ཡོད་པ་དང་ཆབས་ཅིག་ཕུན་སུམ་ཚོགས་སུ་བཏང་ཡོད། ཀྲུང་གོ་དང་ཡོ་རབ་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས། རིམས་འགོག་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་མ་ཟད། འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་སླར་གསོ་གང་སྔ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། གནམ་གཤིས་འགྱུར་བ་ཁ་གཏད་གཅོག་པ་དང་། སྐྱེ་དངོས་སྣེ་མང་ཅན་གྱི་སྲུང་སྐྱོབ། དྭངས་གཙང་ནུས་ཁུངས་སོགས་ཀྱི་ཁྱབ་ཁོངས་སུ་ཀྲུང་གོའི་ཕྱོགས་ཀྱིས་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་རང་ཉིད་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན། ཆབས་ཅིག་ཡོ་རབ་ཕྱོགས་དང་སྐད་ཆ་ཤོད་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པ་དང་། ཀྲུང་གོ་དང་ཡོ་རབ་བར་གྱི་འབྲེལ་བ་ཆུ་ཚོད་མཐོ་པོ་ཞིག་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

ཏི་མོ་མན་སིས། ཡོ་རབ་དང་ཀྲུང་གོའི་དབར་རིམས་ནད་འགོག་རྒོལ་གྱི་མཉམ་ལས་ཡག་པོ་བྱས་པ་དེར་འཛམ་གླིང་ཧྲིལ་པོའི་དོན་སྙིང་ལྡན་ཡོད། ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཡིན་པའི་ངོས་ནས། ཡོ་རབ་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་ལྷན་དུ་སྤྱི་ཁོག་དཔལ་འབྱོར་མཐུན་སྦྱོར་དང་སྦགས་མེད་གོང་འཕེལ་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད་པ་དང་། ཕ་རི་སིའི་གྲོས་ཆོད་དོན་འཁྱོལ་ཧུར་ཐག་བྱེད་པ། ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་བ་བཅས་བྱས་ཏེ། ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་གཅོག་རྒྱུ་ཡིན་ཞེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

中央广播电视总台 央广网 版权所有

ཧན་ཀྲེང་གིས་ཡོ་རབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་པོ་དང་བརྙན་ལམ་ཐོག་ནས་མཇལ་མོལ་གནང་བ།

ཧན་ཀྲེང་གིས། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ཚུན། ཀྲུང་གོ་དང་ཡོ་རབ་བར་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། ཕན་ཚུན་རོགས་རེས་བྱེད་བཞིན་ཡོད་པས། ཀྲུང་གོ་དང་ཡོ་རབ་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་སྟོན་ཡོད་པ་དང་ཆབས་ཅིག་ཕུན་སུམ་ཚོགས་སུ་བཏང་ཡོད། ཀྲུང་གོ་དང་ཡོ་རབ་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས། རིམས་འགོག་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་མ་ཟད། འཛམ་གླིང་ཧྲིལ་པོའི་