ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

2020-07-30 16:08:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༩ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། སྒོ་དབྱེ་སྔར་བར་རྒྱ་ཆེར་གཏོང་བ་དང་ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་དངུལ་བརྟན་པོ་ཡོང་བའི་ཐད་བཀོད་སྒྲིག་སྔར་ལས་ལྷག་པ་དང་། ཞབས་ཞུའི་ཉོ་ཚོང་གསར་སྐྲུན་གྱི་འཕེལ་རྒྱས་ཚོད་ལྟའི་ས་ཚིགས་མང་དུ་གཏོང་རྒྱུའི་གཏན་འབེབས་བྱས་པ། ཞིང་པ་ལས་མིའི་ལས་ཞུགས་ལས་གཏོད་བྱེད་པའི་བྱ་ཐབས་གསར་པ་བཏོན་པ། ལས་ཞུགས་འགན་སྲུང་དང་དམངས་འཚོ་འགན་སྲུང་ལ་རོགས་འདེགས་བྱེད་པ། རིམས་འགོག་དང་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་དང་འགན་སྲུང་བྱ་ཆེད། ཉིང་སྐྱུར་བརྟག་བཤེར་ནུས་པ་འཛུགས་སྐྱོང་ཐད་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་བཀོད་སྒྲིག་བྱས་ཡོད།

གྲོས་ཚོགས་ཐོག ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་དང་ཕྱི་དངུལ་བརྟན་པོ་ཡོང་བ་བྱ་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྟན་པོ་དྲུག་གི་ལས་ཀའི་བྱེད་ཕྱོགས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་རེད། ཕྱི་ཕྱོགས་ཉོ་ཚོང་གི་གཙོ་གཟུགས་དང་ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་ཡོང་བར་དམིགས་ཏེ། གཅིག་ནས་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱི་ཉེན་འགོག་ནུས་པ་ཤུགས་ཆེར་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཁེ་ལས་ཀྱི་མངགས་ཐོ་ཇེ་ཉུང་དུ་འགྲོ་བ་སོགས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས། ནུས་པ་ལྡན་པའི་བྱ་ཐབས་བཏོན་ནས་ཁྲོམ་ར་རྒྱ་སྐྱེད་དང་མངགས་ཐོ་མང་གཏོང་ལ་རྒྱབ་སྐྱོར་བྱེད་པ། གཉིས་ནས་དབུས་ནུབ་རྒྱུད་དང་བྱང་ཤར་ས་ཁུལ་གྱིས་ངལ་རྩོལ་རུབ་བསྡུས་ཆེ་བའི་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ལ་སྐུལ་ལྕག་བྱེད་པ། རྒྱལ་ཁོངས་ལས་སྒྲོལ་བའི་གློག་རྡུལ་ཚོང་དོན་དང་། ཕྱི་རྒྱལ་དུ་མཛོད་ཁང་འཛུགས་པ་དང་ཁྲོམ་རའི་ཉོ་སྒྲུབ་ཉོ་ཚོང་ཐབས་ལམ་སོགས་ཀྱི་ལས་རྣམ་གསར་པ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། ཁེ་ལས་འབྲིང་བ་དང་། ཆུང་བ། ཆེས་ཆུང་བ་བཅས་ཀྱི་ཕྱིར་གཏོང་ལ་སྐུལ་ཁྲིད་བྱེད་པ། གསུམ་ནས་ཕྱི་དངུལ་རྣམ་གྲངས་གལ་ཆེན་ལ་ལྟ་སྟངས་གཅིག་པའི་ཐོག་ནས་ས་ཆ་སྤྱོད་པ་སོགས་ཀྱི་འགན་སྲུང་ཤུགས་ཆེར་གཏོང་བ། སླར་ཡང་བུ་ལོན་གཏོང་བ་དང་སླར་ཡང་དངུལ་སྤྲོད་པའི་ཆེད་དོན་དངུལ་གྲངས་དང་། ཕྱིར་གཏོང་ནང་འདྲེན་དངུལ་ཁང་གི་དངུལ་བུན་གཞི་ཁྱོན་ཆེ་རུ་གཏོང་བ་སོགས་ཐོབ་ཐང་གཅིག་པའི་ཐོག་ནས་ཕྱི་དངུལ་ཁེ་ལས་ལ་རོགས་རམ་བྱེད་པ། བཞི་ནས་ཞབས་ཞུའི་ཉོ་ཚོང་གིས་ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་དང་ཕྱི་དངུལ་བརྟན་པོ་ཡོང་བའི་ཁྲོད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ཞབས་ཞུའི་ཉོ་ཚོང་གསར་སྐྲུན་འཕེལ་རྒྱས་ཀྱི་ཚོད་ལྟའི་ས་ཚིགས་ཞིང་ཆེན་ཉི་ཤུ་རྩ་གཅིག་གི་ས་ཁུལ་ཁ་ཤས་བར་རྒྱ་སྐྱེད་གཏོང་བ། སྒོ་དབྱེའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་སོགས་ལ་དམིགས་ནས་སྒྱུར་བཅོས་འཚོལ་ཞིབ་བྱེད་པ་དང་། དེའི་ནང་རྒྱལ་ཁོངས་ལས་སྒྲོལ་བའི་ཚོང་ལས་སྨན་བཅོས་འགན་བཅོལ་གོང་འཕེལ་གཏོང་བ་དང་རྒྱལ་ཁབ་ཕྱི་ནང་མཉམ་ལས་ཐོག་སློབ་གྲྭ་གཉེར་རྒྱུར་སྐུལ་འདེད་གཏོང་བ་སོགས་ཚུད་ཡོད་ཅེས་བསྟན་ཡོད།

གྲོས་ཚོགས་ཐོག ཞིང་པ་ལས་མིའི་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པ་ནི། ལས་ཞུགས་བརྟན་པོ་དང་ཞིང་པ་ལས་མིའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་རེད། གཅིག་ནས་ས་གནས་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་ཞིང་པ་ལས་མིའི་ལས་ཞུགས་བརྟན་པོ་ཡོང་བར་བྱེད་པ། ཞིང་པ་ལས་མི་ལས་ཞུགས་དེ་བས་མང་བ་བྱེད་པའི་འཚོ་བའི་ཞབས་ཞུའི་ལས་རིགས་དང་ངལ་རྩོལ་རུབ་བསྡུས་རྣམ་པའི་ཐོན་ལས་ལ་སྲིད་ཇུས་ཀྱི་སྐུལ་ལྕག་བྱེད་པ། སྟབས་བསྟུན་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་དང་ཞིང་པ་ལས་མི་ཚང་མར་ལྟ་སྟངས་གཅིག་པའི་ཐོག་ནས་སྤྱོད་པ། གཉིས་ནས་ཞིང་པ་ལས་མི་ཐག་ཉེ་སར་ལས་ཞུགས་ཐུབ་རྒྱུར་རྒྱབ་སྐྱོར་བྱེད་པ། རྫོང་གྲོང་གཞི་རྟེན་དུ་བྱས་པའི་རྣམ་པ་གསར་པའི་གྲོང་རྡལ་ཅན་དང་། གྲོང་གསེབ་ཆུ་བེད་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། དེ་བཞིན་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་སོགས་ལ་སྐུལ་འདེད་གཏོང་བ་དང་ཟུར་འབྲེལ་བྱས་ཏེ། ཞིང་པ་ལས་མི་རྣམས་ལ་ལས་ཞུགས་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱ་དགོས། གུན་གསབ་ལས་སྤྲོད་ཀྱི་མ་འཇོག་ཆེ་རུ་གཏོང་བ། ངལ་རྩོལ་ཐོབ་ཆ་སྤྲོད་པའི་མ་དངུལ་གྱི་བསྡུར་གྲངས་དེ་༡༠%ནས་༡༥%ཡན་བར་མང་དུ་གཏོང་བ། ཞིང་པ་ལས་མི་དེ་བས་མང་བ་ལས་ཞུགས་ཐུབ་རྒྱུར་ཡིད་འགུག་བྱེད་པ། གསུམ་ནས་ལས་གཏོད་ཐོག་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ། ཞིང་པ་ལས་མིའི་དང་ཐོག་མའི་ལས་གཏོད་ཡིན་པ་མ་ཟད་རྒྱུན་གཏན་གྱི་ལས་གཉེར་ཟླ་བ་དྲུག་ཡན་ཟིན་པའི་རིགས་ལ། སྔོན་ལ་ཐེངས་གཅིག་རང་བཞིན་གྱི་ལས་གཏོད་ཁ་གསབ་ཀྱི་མ་དངུལ་ཕྱེད་ཀ་སྤྲོད་པ། བཞི་ནས་རོགས་སྐྱོར་བྱ་ཤུགས་ཆེ་རུ་གཏོང་བ། དབུལ་ཕོངས་ངལ་རྩོལ་ནུས་པའི་ལས་གནས་བརྟན་པོ་དང་ལས་ཞུགས་བྱ་རྒྱུ་སྔོན་ལ་འགན་ལེན་བྱ་དགོས་ཞེས་བསྟན་ཡོད།

གྲོས་ཚོགས་ཐོག རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བ་དང་། ཏོག་གསར་གློ་ཚད་རིམས་ནད་ཀྱི་བརྟག་བཤེར་ནུས་པ་ཆེ་རུ་གཏོང་བ་ནི་འགག་རྩའི་རང་བཞིན་བྱ་ཐབས་ཤིག་རེད། ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་བྱས་ཏེ། བརྟག་བཤེར་དུས་ཡུན་ཐུང་བ་དང་། ཡོ་བྱད་ཀྱི་ཚོར་ཤེས་ལེགས་པ། བཀོལ་སྤྱོད་སྟབས་བདེ་བ་བཅས་ཀྱི་ཐོན་རྫས་ཞིབ་བཟོ་དང་ཁྲོམ་རར་འདོན་པ། བརྟག་བཤེར་མི་སྣའི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། སྐབས་སྤྱོད་བརྟག་བཤེར་སྟོབས་ཤུགས་ཁ་སྣོན་ལུགས་མཐུན་རྒྱག་པ་བཅས་ཀྱི་ཐོག་ནས། སྟོན་ཁ་དང་དགུན་ཁའི་གོང་ནས་རྒྱལ་ཡོངས་ཀྱི་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་དང་། འགོས་ནད་སྨན་ཁང་། རིམ་ཁག་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་ཁུངས། དེ་བཞིན་རྫོང་ཁོངས་ཀྱི་རྫོང་རིམ་པའི་སྨན་ཁང་གཅིག་བཅས་ལ་ཉིང་སྐྱུར་བརྟག་དཔྱད་ནུས་པ་ལྡན་པ་བྱ་དགོས་པ་དང་། འབྲེལ་ཡོད་ཕྱོགས་ཁག་ནས་དུས་ཐོག་ཏུ་མ་དངུལ་སོགས་ཀྱི་འབྲེལ་ཡོད་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

中央广播电视总台 央广网 版权所有

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

གྲོས་ཚོགས་ཐོག ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་དང་ཕྱི་དངུལ་བརྟན་པོ་ཡོང་བ་བྱ་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྟན་པོ་དྲུག་གི་ལས་ཀའི་བྱེད་ཕྱོགས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་རེད། ཕྱི་ཕྱོགས་ཉོ་ཚོང་གི་གཙོ་གཟུགས་དང་ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་ཡོང་བར་དམིགས་ཏེ། གཅིག་ནས་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱི་ཉེན་འགོག་ནུས་པ་ཤུགས་ཆེར་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཁེ་ལས་ཀྱི་མངགས་ཐོ་ཇེ་ཉུང་དུ་འགྲོ་བ་སོགས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས། ནུས་པ་ལྡན་པའི་བྱ་ཐབས་བཏོན་