ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་གསར་རྒྱག་བྱེད་བཞིན་པའི་T3འབབ་ཚུགས་ཀྱི་ལྕགས་སྒྲོམ་གྱི་ཐོག་བཀབ་པ།

2020-07-28 16:54:00     责编:sangjzm

འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས27ཉིན། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་གསར་རྒྱག་བྱེད་བཞིན་པའི་T3འབབ་ཚུགས་ཀྱི་ལྕགས་སྒྲོམ་གྱི་ཐོག་བཀབ་ཟིན་ཞིང་། དེའི་ཐོག་ནས་T3འབབ་ཚུགས་ཀྱི་གྲུབ་གཞི་གཙོ་བོའི་ལས་གྲྭ་དང་སྒྲོམ་གཞི་ཧྲིལ་པོའི་ལས་གྲྭ་ལེགས་གྲུབ་ཟིན་ཏེ། ལས་གྲྭ་དེ་ཉིད་ཁྱོན་ཡོངས་ནས་མཛེས་བཟོའི་དུས་རིམ་ནང་སླེབས་པ་མཚོན་ཡོད།

ལྷ་ས་གོང་དཀར་གནམ་ཐང་རྒྱས་སྐྲུན་བྱེད་པའི་ལས་གྲྭ་ནི་བོད་རང་སྐྱོང་ལྗོངས་ཀྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་གསུམ་པའི་གཙོ་གནད་ལས་གྲྭའི་རྣམ་གྲངས་ཤིག་ཡིན་པ་དང་། གནམ་ཐང་གི་མཚོ་འཕགས་མཐོ་ཚད་ལ་སྨི3570ཟིན་ཞིང་། དེ་ནི་རྒྱལ་ནང་དུ་བསྐྲུན་བཞིན་པའི་མཚོ་འཕགས་མཐོ་ཤོས་ཀྱི་ལམ་ཐིག་ཨ་མའི་གནམ་ཐང་གི་གྲས་ཤིག་རེད། ད་ཐེངས་གནམ་ཐང་རྒྱས་སྐྲུན་བྱེད་པའི་ལས་གྲྭ་ལེགས་གྲུབ་ཟིན་རྗེས། སྤྱི་ལོ2025ལོར་སླེབས་སྐབས་གནམ་ཐང་དུ་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ས་ཡ་9དང་། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི8ཟིན་པ་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།

中央广播电视总台 央广网 版权所有