ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

སྐམ་དམག་ཚོགས་པ་74པའི་ལུའེ་ཤོག་ག་གེ་མོའི་བློ་སྟོབས་དཔའ་ངར་ཆེ་བའི་བརྒྱ་ཤོག་དྲུག་པས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ཏེ་བློ་སྟོབས་དཔའ་ངར་ཆེ་བའི་སྙིང་སྟོབས་དེ་ཟམ་མི་ཆད་པར་དར་སྤེལ་བཏང་བ།

2020-07-28 16:44:00     责编:sangjzm

སྐམ་དམག་ཚོགས་པ་74པའི་ལུའེ་ཤོག་ག་གེ་མོའི་བློ་སྟོབས་དཔའ་ངར་ཆེ་བའི་བརྒྱ་ཤོག་དྲུག་པས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་རྒྱལ་ཁ་ལེན་པའི་འཇོན་ཐང་ཆེ་རུ་གཏོང་ཆེད་འབད་བརྩོན་བྱས་ཏེ་བློ་སྟོབས་དཔའ་ངར་ཆེ་བའི་སྙིང་སྟོབས་དེ་ཟམ་མི་ཆད་པར་དར་སྤེལ་བཏང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ད་ལོའི་སྤྱི་ཟླ་1ཚེས་18ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐམ་དམག་གི་ཚོགས་པའི་དམག་74པའི་ལུའེ་ཤོག་ག་གེ་མོའི་བློ་སྟོབས་དཔའ་ངར་ཆེ་བའི་ བརྒྱ་ཤོག་དྲུག་པའི་དཔོན་དམག་ཡོངས་ལ་འཕྲིན་ལན་སྤྲིངས་ནས། ཁོང་ཚོས་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་བློ་ལ་བརྟན་པོར་ངེས་པ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ། རྒྱལ་ཁ་ལེན་པའི་འཇོན་ཐང་ཆེ་རུ་གཏོང་བ། དཔའ་སྟོབས་ཆེ་བའི་སྙིང་སྟོབས་དར་སྤེལ་གཏོང་བ། བརྒྱ་ཤོག་སྔར་བས་སྟོབས་ལྡན་དུ་འཛུགས་སྐྱོང་བྱེད་པ། དཔའ་སྟོབས་ཆེ་བའི་བརྒྱ་ཤོག་དྲུག་པའི་དཔོན་དམག་ཚོས་དམག་སྤྱིའི་བཀའ་མངགས་བློ་ལ་བརྟན་པོར་ངེས་པ་བཅས་བྱས་ཏེ། དམག་སྦྱོང་དམག་གྲབས་ལ་དམིགས་ནས་བློ་སྟོབས་དཔའ་ངར་ཆེ་བའི་སྙིང་སྟོབས་ཟམ་མི་ཆད་མེད་པར་དར་སྤེལ་གཏོང་དགོས་པའི་སྐུལ་མ་གནང་ཡོད།

བློ་སྟོབས་དཔའ་ངར་ཆེ་བའི་བརྒྱ་ཤོག་དྲུག་པ་དེ་ཉིད་ལྗར་འགོག་དམག་འཁྲུག་གི་མེ་ལྕེའི་ཁྲོད་དབུ་བརྙེས་པ་དང་། དམར་དམག་གི་རྐང་འཛིན་པ་14ལས་གྲུབ་པ་ཞིག་ཡིན། བརྒྱ་ཤོག་དབུ་བརྙེས་ནས་ལོ་ངོ་81སོང་རིང་། བརྒྱ་ཤོག་གི་བློ་སྟོབས་དཔའ་ངར་ཆེ་བ་དེ་དང་ཐོག་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་ཐོག་ནས་མཚོན་ཡོད། སློབ་སྟོན་པ་ཧྥེང་ཅེ་ཡིས། གཞི་ནིང་། ང་ཚོའི་འཐབ་འཛིང་པ་ལེའུ་སི་ཧྲི་ལ་འཐབ་ཁུལ་སྐམ་དམག་ཀྱི་ཞི་ཅིན་ཕིང་གི་དམག་སྟོབས་ཤུགས་ཆེར་གཏོང་བའི་དགོངས་པའི་སློབ་སྦྱོང་ཆེན་པོ་དང་། ཁྱབ་གདལ་ཆེན་པོ། འགྲན་བསྡུར་ཆེན་པོ་བཅས་ཀྱི་བྱེད་སྒོའི་ཐབ་འཛིང་ཚོགས་ཆུང་གི་ཨང་དང་པོ་རག་པ་དང་། ན་ནིང་ཚོགས་པའི་དམག་གིས་གཞི་རིམ་གྱི་རིགས་པའི་གཞུང་ལུགས་ཀྱི་རྐང་འཛིན་པའི་སྦྱོང་བརྡར་བྱས་པ་དང་། ལྡིང་དཔོན་གསུམ་པས་ཨང་དང་པོ་བླངས་པ་མ་ཟད་སྐར་མ་ཆ་ཚང་ཐོབ་པའི་ཁོངས་མི་ཉག་ཅིག་དེ་ཡང་ཡིན། ས་ཆ་གང་དུ་སླེབས་ཀྱང་། མི་གཞན་གྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་བྱང་ཆུབ་པོ་ཡོད་པ་དང་། བརྒྱ་ཤོག་དྲུག་པའི་དཔོན་དམག་ཚོའི་རིགས་གཞུང་ཆུ་ཚད་དངོས་གནས་གཏིང་ཟབ་པོ་འདུག་ཅེས་ཤོད་ཀྱི་ཡོད།

ཏང་གི་བཀོད་འདོམས་ལ་ཉན་པ་དང་ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་འགག་རྩ་ནི་དམག་གྲབས་དམག་རྒྱག་གི་བྱ་སྤྱོད་དངོས་ཀྱི་ནང་དོན་འཁྱོལ་བྱེད་པར་ཐུག་ཡོད། དམར་སྔོན་འགྲན་རྒོལ་གྱི་ནང་སྦྱོང་ཞིག་གི་ནང་། འགྲན་ཡའི་བར་ལངས་གཟུགས་ཕར་རྒོལ་བྱས་པ་དང་། བརྒྱ་ཤོག་དྲུག་པའི་དཔོན་དམག་ཚོས་སྲོག་འབེན་བཙུགས་ཀྱིས་ཕྱིར་བཤོལ་མི་བྱེད་པ་བཅས་བྱས་པས། སྔ་རྗེས་སུ་གཞི་རྒྱ་ཆེ་བའི་དཔུང་འཇུག་ཐེངས་བཞི་ཕམ་ཉེས་བཏང་ནས། དཔུང་ཆེན་གྱིས་མདོང་མཆོངས་ལ་འགོག་རྒོལ་བྱེད་རྒྱུར་རྩ་ཆེའི་དུས་ཚོད་བརྩོན་ལེན་བྱས་ཡོད། བརྒྱ་དཔོན་ཀྲའོ་སུང་གིས། འགྲན་ཡའི་མེ་ཤུགས་དང་དམག་ཤུགས་ནི་ང་ཚོའི་ལྡབ་གསུམ་ཡན་ཡིན། རུ་ཤོག་ནས་བརྒྱ་ཤོག་ལ་སྤྲད་པའི་ལས་འགན་ནི་མདུན་ཕྱོགས་ཀྱི་སྨི་500ཡོད་པའི་བགྲོད་ལམ་བདུན་གྱི་ཐོག མ་མཐར་ཡང་ཆུ་ཚོད་གཉིས་འགོག་སྲུང་བྱེད་དགོས་པ་དེ་ཡིན། བརྒྱ་ཤོག་གིས་འཐབ་རྩལ་ཇི་ལྟར་སྤྱོད་དགོས་པ་དང་། འགལ་རྐྱེན་ཇི་ལྟར་བཟོ་དགོས་པའི་ཐད་ལ་ཤུགས་བརྒྱབ་ནས་གོང་རིམ་གྱིས་ང་ཚོ་བརྒྱ་ཤོག་ལ་སྤྲད་པའི་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱས་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག སྐྱིད་པོ།
ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

སྐམ་དམག་ཚོགས་པ་74པའི་ལུའེ་ཤོག་ག་གེ་མོའི་བློ་སྟོབས་དཔའ་ངར་ཆེ་བའི་བརྒྱ་ཤོག་དྲུག་པས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ཏེ་བློ་སྟོབས་དཔའ་ངར་ཆེ་བའི་སྙིང་སྟོབས་དེ་ཟམ་མི་ཆད་པར་དར་སྤེལ་བཏང་བ།

སྐམ་དམག་ཚོགས་པ་74པའི་ལུའེ་ཤོག་ག་གེ་མོའི་བློ་སྟོབས་དཔའ་ངར་ཆེ་བའི་བརྒྱ་ཤོག་དྲུག་པས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་རྒྱལ་ཁ་ལེན་པའི་འཇོན་ཐང་ཆེ་རུ་གཏོང་ཆེད་འབད་བརྩོན་བྱས་ཏེ་བློ་སྟོབས་དཔའ་ངར་ཆེ་བའི་སྙིང་སྟོབས་དེ་ཟམ་མི་ཆད་པར་དར་སྤེལ་བཏང་བ།