ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གིས་ཆོས་ལུགས་ལས་རིགས་མི་སྣའི་བརྗོད་དོན་གཙོ་བོའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་ཝང་ཡང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་བ།

2020-07-28 16:36:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་27ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་དུ་ཆོས་ལུགས་ལས་རིགས་མི་སྣའི་བརྗོད་དོན་གཙོ་བོའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་གཞིགས་ཏེ་བཞུགས་མོལ་དང་སྤེལ་རེས་གནང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གནང་ཡོད།

ཁོང་གིས། ཆོས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་ནི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཡིན་པ་དང་། དུས་བབ་གསར་པའི་འོག་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འགག་རྩའི་གནད་དོན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་རྟོགས་པ་མཐོ་བ། ཀུན་སྤྱོད་ཐད་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་ཀྱི་ཚད་གཞི་རྒྱུན་འཁྱོངས་བྱེད་པ། གནད་དོན་གྱི་སྟོན་ཕྱོགས་འབུར་དུ་ཐོན་པ། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཚད་ལོན་པའི་རྒྱལ་གཅེས་ཆོས་ལུགས་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་པ། ཆོས་ལུགས་ཁག་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ནས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཆོས་ལུགས་དེས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཤེས་ལྡན་མི་སྣའི་འདེགས་སྐྱོར་སྲ་ཞིང་བརྟན་པ་མཁོ་འདོན་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།

སྲིད་གྲོས་ཨུ་ཡོན་དང་ཆོས་ལུགས་ལས་རིགས་མི་སྣའི་དར་མ་དང་གཞོན་ནུའི་འཐུས་མི། རིགས་གཅིག་མཁས་པ་དང་རིག་གནས་པ་བཅས་བཅུ་གཅིག་གིས་ལས་དོན་ཉམས་མྱོང་སྤེལ་རེས་བྱས་པ་དང་བསམ་འཆར་དང་གྲོས་འགོ་བཏོན་ཡོད། ཚང་མས། ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་དོན་དང་ཆོས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་པོ་གནང་གི་ཡོད་པ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་ཐུབ་པ། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་འབྲེལ་ཡོད་སྲིད་ཇུས་ཁྲིམས་སྲོལ་རིམ་བཞིན་འཐུས་སྒོ་ཚང་དུ་འགྲོ་བ། ཆོས་ལུགས་སློབ་གླིང་གི་འཛུགས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པ། དགེ་རྒན་ལས་བཟོ་བའི་དཔུང་ཁག་ཟམ་མི་ཆད་པར་སྟོབས་ཆེར་བཏང་ཡོད། དུས་མཚུངས་སུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་ཉམས་ཞན་ལྷུ་ཚིགས་སྔར་བཞིན་གནས་ཡོད། དེ་ནི་ཆོས་ལུགས་ལས་དོན་ཁྲོད་ཀྱི་ཞན་ཆ་ཡིན་པས་སྣང་ཆེན་བྱེད་དགོས་པའི་ངོས་འཛིན་བྱས་ཡོད།

ཚང་མས། དུས་རབས་གསར་པའི་ཆོས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་པར་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས། བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དེ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ། ཆོས་ལུགས་ལས་རིགས་མི་སྣས་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་འདུ་ཤེས་བཅས་ཆགས་པ་བྱ་རྒྱུར་ཁྲིད་སྟོན་བྱེད་པ། ངོས་འཛིན་ལྔ་ཟམ་མི་ཆད་པར་ཤུགས་ཆེར་གཏོང་དགོས། ཆོས་ལུགས་ལས་རིགས་མི་སྣའི་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཏེ་སྟོབས་ཤུགས་གཅིག་སྡུད་ངང་ཆོས་ལུགས་སློབ་གླིང་ཡག་པོ་གཉེར་དགོས། སྤུས་ཚད་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་ཀྱིས་ཆོས་ལུགས་མི་སྣའི་བང་རིམ་དང་གྲུབ་གཞི་ལེགས་སྒྱུར་བྱེད་དགོས། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐབས་ལམ་རྒྱ་ཆེར་བཏང་ནས། རྒྱལ་དམངས་སློབ་གསོའི་ཐོན་ཁུངས་བེད་སྤྱད་དེ་ཆོས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་མུ་མཐུད་འཚོལ་ཞིབ་བྱེད་དགོས། ཆོས་ལུགས་ལས་རིགས་མི་སྣས་ཕྱི་ཕྱོགས་སུ་སྤེལ་རེས་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་བཅས་ཀྱི་གྲོས་འགོ་བཏོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།

中央广播电视总台 央广网 版权所有

རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གིས་ཆོས་ལུགས་ལས་རིགས་མི་སྣའི་བརྗོད་དོན་གཙོ་བོའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་ཝང་ཡང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་27ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་དུ་ཆོས་ལུགས་ལས་རིགས་མི་སྣའི་བརྗོད་དོན་གཙོ་བོའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་གཞིགས་ཏེ་བཞུགས་མོལ་དང་སྤེལ་རེས་གནང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་