ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཀྲེན་ཧྲུའུ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་རྒྱུ་སྦག་བཙོག་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་གྱི་ཞིབ་བཤེར་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་བ།

2020-07-28 16:32:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲེན་ཧྲུའུ་ཡིས་པེ་ཅིང་དུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་རྒྱུ་སྦག་བཙོག་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་གྱི་ཞིབ་བཤེར་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་བ་རེད། ལི་ཀྲེན་ཧྲུའུ་ཡིས། ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་དོན་དུ་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་ཐོག གཙོ་གནད་འབུར་ཐོན་དང་གནས་གཅིག་ཁྱོན་འཁྲིད། དོན་ཚན་རེ་རེ་བཞིན་དུ་བཅའ་ཁྲིམས་ཀྱི་གཏན་འབེབས་དང་བསྡུར་བ་བྱས་ནས་ཞིབ་བཤེར་བྱེད་དགོས་པ་དང་། ས་རྒྱུ་སྦག་བཙོག་འགོག་བཅོས་བཅའ་ཁྲིམས་ཀྱི་ཁྱོན་ཡོངས་ནུས་ཆོད་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་བ་རེད།

ལི་ཀྲེན་ཧྲུའུ་ཡིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྦག་བཙོག་འགོག་བཅོས་འགག་གཏོར་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུའི་ཐད་ཀྱི་ཇུས་ཐག་བཀོད་སྒྲིག་གལ་ཆེན་དང་། ཁྱོན་ཡོངས་ནས་གནམ་སྔོ་ཞིང་ཆུ་མོ་དྭངས་བ་དང་། ས་གཞི་རྡུལ་དྭགས་པའི་སྲུང་སྐྱོང་དམག་འཐབ་ལ་སྐུལ་འདེད་བཏང་ཐོག འབྱུང་ཁམས་ཁོར་ཡུག་སྤུས་ཚད་མུ་མཐུད་དེ་ལེགས་བཅོས་ཐུབ་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད།

ལི་ཀྲེན་ཧྲུའུ་ཡིས། ས་རྒྱུ་སྦག་བཙོག་འགོག་བཅོས་ཀྱི་བཅའ་ཁྲིམས་ནི་སྐབས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལོ་དང་པོར་གཏན་འབེབས་བྱས་པའི་བཅའ་ཁྲིམས་གལ་ཆེན་ཞིག་ཡིན། ད་ཐེངས་ཁྲིམས་བསྟར་ཞིབ་བཤེར་བྱེད་པ་དེ་གཙོ་བོ་ཕྱོགས་ལྔའི་ཐད་ནས་སྤེལ་རྒྱུ་སྟེ། གཅིག་ནི་བཅའ་ཁྲིམས་ཀྱི་དོན་ཚན་དང་གཏན་འབེབས་གལ་ཆེན་རེ་རེ་བཞིན་གྱི་དོན་འཁྱོལ་གནས་ཚུལ་དང་། ཞིང་སྤྱོད་ས་ཞིང་དང་འཛུགས་སྐྲུན་སྤྱོད་སའི་སྦག་བཙོག་འགོག་བཅོས་ལ་གཙོ་གནད་ཐོག་དོ་ཁུར་བྱེད་པ་དང་། གཉིས་ནི་སྲིད་གཞུང་གི་བཅའ་ཁྲིམས་གཏན་འབེབས་ཀྱི་འགན་དཀྲི་དོན་འཁྱོལ་གནས་ཚུལ་དང་། སྲིད་གཞུང་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་ཀྱི་འགན་དཀྲི་དང་ལྟ་སྐུལ་དོ་དམ་གྱི་འགན་དཀྲི། ལས་ཀའི་འགན་དཀྲི་བཅས་ལག་བསྟར་ནན་ཏན་བྱས་ཚུལ་ལ་སྐུལ་འདེད་གཏོང་རྒྱུ། གསུམ་ནི་བཅའ་ཁྲིམས་ལག་བསྟར་གྱི་འགན་ལེན་དང་ལྟ་སྐུལ་གནས་ཚུལ་ལ་གཞིགས་ནས་ནོར་སྲིད་དང་། ཁྲལ་བསྡུ། དངུལ་རྩ་སོགས་འགན་ལེན་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས་པ། བཞི་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་དང་ཁྲིམས་གཅོད་བྱས་ཚུལ་དང་། འབྲེལ་ཡོད་ཕྱོགས་ཀྱིས་བཅའ་ཁྲིམས་ལག་བསྟར་ནན་པོ་བྱེད་པར་ལྟ་སྐུལ་བྱས་ཏེ། ཁྲིམས་ལུགས་ལག་བསྟར་ནན་པོ་བྱེད་དགོས་པ་དང་། ཁྲིམས་དང་འགལ་ཚེ་ངེས་པར་དུ་རྩད་གཅོད་བྱེད་དགོས། ལྔ་ནི་ཆ་འགྲིག་གཏན་འབེབས་དང་ཚད་གཞི་གཏན་འབེབས་བྱས་ཚུལ་ཡིན་པས། འབྲེལ་ཡོད་སྡེ་ཁག་གིས་གང་མགྱོགས་ངང་འདོན་པ་དང་དོན་འཁྱོལ་དམ་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས་པ་བཅས་ཡིན།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཁག་གི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་བརྙན་ལམ་གྱི་རྣམ་པའི་ཐོག་ནས་ཚོགས་འདུར་ཞུགས་ཡོད་པ་རེད།

ད་ཐེངས་ཀྱི་ཁྲིམས་བསྟར་ཞིབ་བཤེར་ནི་ཨུ་ཡོན་ཀྲང་ལི་ཀྲེན་ཧྲུའུ་ཡིས་ཙུའུ་ཀྲང་གི་འགན་བཞེས་པ་དང་། ཞིབ་བཤེར་ཚོགས་ཆུང་3ལ་ཁག་བགོས་ཀྱིས་ཞིང་ཆེན་6ལ་བསྐྱོད་དེ་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱེད་པ་དང་དུས་མཚུངས་སུ་ཞིང་ཆེན་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞན་དག་ལ་ཞིབ་བཤེར་བྱ་རྒྱུའི་མངགས་བཅོལ་དང་། ཞིང་ཆེན་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་31ཡོངས་ལ་ཁེབས་པ་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།

中央广播电视总台 央广网 版权所有

ལི་ཀྲེན་ཧྲུའུ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་རྒྱུ་སྦག་བཙོག་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་གྱི་ཞིབ་བཤེར་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་བ།

སྤྱི་ཚེས་27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲེན་ཧྲུའུ་ཡིས་པེ་ཅིང་དུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་རྒྱུ་སྦག་བཙོག་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་གྱི་ཞིབ་བཤེར་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་བ་རེད། ལི་ཀྲེན་ཧྲུའུ་ཡིས། ཞི་ཅིན་ཕིང་གིས་དུས་རབས་