ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལས་ཁུངས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་མུ་མཐུད་སྐོང་འཚོགས་བྱས་ནས་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ།

2020-02-14 10:59:00     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་13ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལས་ཁུངས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་མུ་མཐུད་སྐོང་འཚོགས་བྱས་ནས་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།

རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ་སྨི་ཧྥུང་གིས། ཏོག་གསར་གློ་ཚད་ཕོག་པའི་ནད་པ་སྔ་ཙམ་ནད་དཔྱད་དང་སྔ་ཙམ་སྨན་བཅོས་ཡག་པོ་བྱེད་པ་དང་། ཧུའུ་པེའི་ནད་དཔེ་བསྡུ་དགོས་རིགས་ཚང་མ་བསྡུ་རྒྱུ་དོན་འཁྱོལ་ཡག་པོ་བྱེད་པ། བཅོས་དགོས་ངེས་ཀྱི་ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱ་ཆེད། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་སྨན་བཅོས་ཇུས་གཞིའི་ཚོད་ལྟའི་ལག་བསྟར་པར་གཞི་5པའི་དཔར་མར་གཞིགས་ནས་ཧུའུ་པེ་ཞིང་ཆེན་དང་དེ་བཞིན་ཧུའུ་པེ་ཞིང་ཆེན་ཕུད་པའི་ཞིང་ཆེན་གཞན་དག་གི་ནད་དཔེ་བརྟག་དཔྱད་ཀྱི་ཚད་གཞིར་དབྱེ་འབྱེད་བྱས་ཡོད་ཅེས་གསུངས་པ་རེད།

ཧུའུ་པེ་ཞིང་ཆེན་གྱིས་ནད་ཐོག་བརྟག་དཔྱད་ཀྱི་ནད་དཔེ་རིགས་དབྱེ་མང་དུ་བཏང་བ་དང་། ནད་དཔེ་འདྲ་བའི་ནད་རྟགས་ལ་གློ་ཚད་ཀྱི་བརྙན་པར་རིག་པའི་ཁྱད་ཆོས་ལྡན་མཁན་ནད་ཐོག་བརྟག་དཔྱད་ཀྱི་ནད་དཔེར་གཏན་འཁེལ་བྱས་ཤིང་། མིག་སྔར་ཧུའུ་པེ་ཞིང་ཆེན་གྱིས་སྙན་ཞུ་བྱས་པའི་ནད་ཐོག་སྨན་བཅོས་ཀྱི་ནད་དཔེ་13332དེ་ནད་དཔེ་གཏན་འཁེལ་བསྡོམས་རྩིས་ནང་བཅུག་ནས་ནད་དཔེའི་སྨན་བཅོས་ལ་ཤུགས་སྣོན་རྒྱག་པ་དང་། ནད་གཞི་ལྕི་རིགས་ནུས་ཤུགས་ཡོད་རྒུས་ཉུང་དུ་བཏང་ནས་གྲོངས་ཚད་ཉུང་དུ་གཏོང་བཞིན་ཡོད་པ་རེད། རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་29དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་ནས་སྨན་དོན་མི་སྣ་ཁྲི་2ལྷག་ཙམ་བསྡུ་རུབ་བྱས་ནས་སྨན་བཅོས་རུ་ཁག་180ལྷག་ཙམ་གྱིས་ཧུའུ་པེ་དང་ཝུའུ་ཧན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་རེད།

མཉམ་འགོག་མཉམ་བཅོས་ལས་ཁུངས་ཀྱི་དངོས་ཟོག་འགན་ལེན་ཚོགས་ཆུང་གིས་སྨན་སྤྱོད་འགོག་སྲུང་གྱོན་ཆས་དང་། སྨན་སྤྱོད་ཟུར་འཇོག་གདོང་ཁེབས། ལྡོག་གནོན་མྱུར་སྐྱོབ་རླངས་འཁོར་གྱི་འབྲེལ་ཡོད་སྨན་རྫས་སོགས་གཙོ་གནད་སྨན་བཅོས་དངོས་ཟོག་ལ་གཅིག་གྱུར་དོ་དམ་དང་གཅིག་གྱུར་གཏོང་སྤྲོད་བྱེད་བཞིན་ཡོད། བཟོ་ལས་དང་ཆ་འཕྲིན་ཅན་པུའི་འཛད་སྤྱོད་དངོས་རྫས་བཟོ་ལས་སིའི་སི་ཀྲང་གཞོན་པ་ཚའོ་ཞུའེ་ཅུན་གྱིས། གཙོ་གནད་ཐོན་སྐྱེད་ཁེ་ལས་བསྐྱར་དུ་ཐོན་སྐྱེད་སླར་གསོ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གིས་ཐོན་འབབ་མང་དུ་བཏང་སྟེ། ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོ་ནུས་ཤུགས་ཡོད་རྒུས་བསྐངས་ཡོད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

མེ་སྐྱོན་གྱི་གནོད་འཚེ་ཕོག་པའི་རྐྱེན་གྱིས་ཨོ་སི་ཁྲུ་ལི་ཡའི་ས་གནས་དེ་གའི་སྲོག་ཆགས་རིགས་113ལ་འཚོ་གནས་ཀྱི་ཉེན་ཁ་འཕྲད།

མེ་སྐྱོན་གྱི་གནོད་འཚེ་ཕོག་པའི་རྐྱེན་གྱིས་ཨོ་སི་ཁྲུ་ལི་ཡའི་ས་གནས་དེ་གའི་སྲོག་ཆགས་རིགས་113ལ་འཚོ་གནས་ཀྱི་ཉེན་ཁ་འཕྲད།

中央广播电视总台 央广网 版权所有

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལས་ཁུངས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་མུ་མཐུད་སྐོང་འཚོགས་བྱས་ནས་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ།

རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ་སྨི་ཧྥུང་གིས། ཏོག་གསར་གློ་ཚད་ཕོག་པའི་ནད་པ་སྔ་ཙམ་ནད་དཔྱད་དང་སྔ་ཙམ་སྨན་བཅོས་ཡག་པོ་བྱེད་པ་དང་། ཧུའུ་པེའི་ནད་དཔེ་བསྡུ་དགོས་རིགས་ཚང་མ་བསྡུ་རྒྱུ་དོན་འཁྱོལ་ཡག་པོ་བྱེད་པ། བཅོས་དགོས་ངེས་ཀྱི་ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱ་ཆེད། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་སྨན་བཅོས་ཇུས་གཞིའི་ཚོད་ལྟའི་ལག་བསྟར་པར་གཞི་5པའི་དཔར་མར་གཞིགས་ནས་ཧུའུ་པེ་