ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཧུའུ་པེ་ཞིང་ཆེན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

2020-02-14 10:28:00     责编:sangjzm

འདི་ག་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་13ཉིན་གྱི་དགོང་མོ། ཧུའུ་པེ་ཞིང་ཆེན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཡོད། ཝུའུ་ཧན་གྲོང་ཁྱེར་ཅིན་དབྱིན་ཐན་སྨན་ཁང་གི་འགོ་འཛིན་ཀྲང་ཏིང་ཡུས་ཀྱིས། ནད་པ་དྲག་སྐྱེད་བྱུང་རྗེས་གཟུགས་པོའི་ནང་ཕྱོགས་བསྡུས་འགོག་གཟུགས་མང་པོ་ཡོད་པ་དེས་ནད་དུག་འགོག་པའི་ནུས་པ་ཐོན་གྱི་ཡོད། ནད་གཞི་དྲག་སྐྱེད་བྱུང་རྗེས་ཀྱི་ནད་པས་ཅིན་དབྱིན་ཐན་སྨན་ཁང་དུ་ཁྲག་ཁུ་ཞལ་འདེབས་ཕུལ་ནས་མཉམ་དུ་ད་དུང་ནད་གདོན་དང་འཐབ་རྩོད་བྱེད་བཞིན་པའི་ནད་པ་སྐྱོབ་བཅོས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།

སྤྱི་ཚེས་13ཉིན། ས་གནས་མང་པོ་ཞིག་གིས་ཀྱང་མུ་མཐུད་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་བརྡ་ཁྱབ་བཏང་ཡོད་པ་རེད།

པེ་ཅིང་གྲོང་ཁྱེར་གྱིས་དུད་ཚང་རེར་ལས་བཟོ་པ་གཅིག་ཁྱིམ་དུ་ནར་མ་སོན་པའི་བུ་ཕྲུག་ལ་ལྟ་རྟོག་བྱེད་ཆོག་པ་དང་དེའི་རིང་གི་གླ་ཕོགས་ཐོབ་ཐང་ཚང་མ་ལས་བཟོ་པའི་ཁོངས་གཏོགས་ཁེ་ལས་ཀྱིས་ལས་ཀ་བྱེད་པ་བཞིན་སྤྲོད་དགོས་པ་ཁ་གསལ་བཏོན་ཡོད། དེ་དང་ཆབས་ཅིག་ཁྱིམ་དུ་ལྟ་སྐྱོང་བྱེད་མཁན་རྒན་རྒོན་ཡོད་ཚེ་ལོ་གཞོན་རྣམས་ལས་གནས་ཐོག་བསྐྱོད་དེ་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་གང་ཐུབ་བྱེད་དགོས་པའི་འབོད་སྐུལ་ཡང་བྱས་ཡོད་པ་རེད།

ཧོ་ནན་ཞིང་ཆེན་གྱིས། ཆ་རྐྱེན་དང་འཚམ་པའི་གཙོ་གནད་སྨན་བཅོས་འགོག་སྲུང་དངོས་རྫས་ཀྱི་རིགས་ཡིན་ཚེ། གྲབས་གསོག་དངོས་རྫས་ཀྱི་དཀར་ཆག་ནང་ཁ་སྣོན་བྱ་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་པ་རེད།

ཧེ་ལུང་ཅང་ཞིང་ཆེན་གྱིས་ལས་ཞུགས་ལས་གཏོད་ཞབས་ཞུ་ལེགས་སུ་བཏང་བ་དང་། དྲ་ཐོག་ནས་ལས་མི་བསྡུ་རྒྱུ་ཁྱབ་གདལ་དང་ལེགས་སྒྲིག་བྱས་ཏེ། གནས་སྐབས་ཕྱིར་སྐྱོད་དཀའ་བ་མ་ཟད་ལས་ཞུགས་བྱེད་འདོད་ཡོད་པའི་ཞིང་པ་ལས་མིར་ས་གནས་དེ་ག་དང་ཐག་ཉེ་སར་ལས་ཞུགས་ལས་གནས་གསར་སྤེལ་བྱས་ཡོད་པ་རེད།

ཀྲེ་ཅང་ཞིང་ཆེན་གྱིས་ཁ་རས་ལག་རྩལ་གྱི་ཚད་གཞི་དང་སྤུས་ཚད་དོ་དམ་ཚོད་འཛིན། ཐོན་རྫས་ཞིབ་བཤེར་བཅས་ལ་དམ་འཛིན་ནན་པོ་བྱས་པ་དང་། ཁ་རས་རྫུན་མ་དང་སྤུས་ཞན་ཐོན་སྐྱེད་དང་བྲིན་འཚོང་བྱས་པ་དང་ཁ་རས་རིན་གོང་ཧམ་སྤར་བྱས་པ་སོགས་ཀྱི་ཁྲིམས་འགལ་གྱོད་གཞིར་རྡུང་རྡེག་དང་ཞིབ་བཤེར་ཐག་གཅོད་བྱས་ཡོད་པ་རེད།

ཁྲུང་ཆིང་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། ཁེ་ལས་འབྲིང་ཆུང་གིས་བོགས་མར་བླངས་པའི་གཞུང་ཁོངས་རྒྱུ་ནོར་གཉེར་སྐྱོང་རང་བཞིན་གྱི་ཁང་པར་ཟླ་བ་གཅིག་ནས་གསུམ་བར་གྱི་བོགས་དངུལ་ཆག་ཡང་དང་རྩ་ཆག་གཏོང་རྒྱུའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་བཏོན་ཡོད་པ་རེད།

སྤྱི་ཚེས་13ཉིན་གྱི་ཕྱི་དྲོ། ཨན་ཧུའེ་ཞིང་ཆེན་གྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ སྔོན་འགོག་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གསུམ་བསྟུད་མར་འཚོགས་ཤིང་། གསར་འགྱུར་ཡོངས་བསྒྲགས་པས་བརྒྱུད་རིམ་ཧྲིལ་པོར་ལངས་ནས་ཆ་འཕྲིན་ཡོངས་བསྒྲགས་བྱས་པ་དང་དྲི་བར་ལན་བརྒྱབ་ནས་ཡོངས་བསྒྲགས་ཚོགས་འདུ་རེར་སྐར་མ་30ལས་མི་བརྒལ་བའི་འགན་ལེན་བྱས་ཡོད། ཨན་ཧུའེ་ཞིང་ཆེན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་སྒྲུབ་དངོས་ཟོག་དང་མི་སྣ་སྐྱེལ་འདྲེན་རླངས་འཁོར་ལ་རླངས་འཁོར་མི་འགོག་པ་དང་། ཞིབ་བཤེར་མི་བྱེད་པ། གྲོན་དངུལ་མི་བསྡུ་བ། ཤར་གཏོང་སྟབས་བདེ་ཡོང་བ་བཅས་ཀྱི་འགན་ལེན་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

ཧུའུ་པེ་ཞིང་ཆེན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

སྤྱི་ཚེས་13ཉིན་གྱི་དགོང་མོ། ཧུའུ་པེ་ཞིང་ཆེན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཡོད། ཝུའུ་ཧན་གྲོང་ཁྱེར་ཅིན་དབྱིན་ཐན་སྨན་ཁང་གི་འགོ་འཛིན་ཀྲང་ཏིང་ཡུས་ཀྱིས། ནད་པ་དྲག་སྐྱེད་བྱུང་རྗེས་གཟུགས་པོའི་ནང་ཕྱོགས་བསྡུས་འགོག་གཟུགས་མང་པོ་ཡོད་པ་དེས་ནད་དུག་འགོག་པའི་ནུས་པ་ཐོན་གྱི་ཡོད། ནད་གཞི་དྲག་སྐྱེད་བྱུང་རྗེས་ཀྱི་ནད་པས་ཅིན་དབྱིན་ཐན་སྨན་ཁང་དུ་ཁྲག་