ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཁེ་ཆང་གིས་ཀྲུང་དབྱང་གི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས་པ།

2020-02-14 10:13:00     责编:sangjzm

སྤྱི་ཚེས་13ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་གི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ལི་ཁེ་ཆང་གིས་ཚོགས་ཆུང་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀྲུང་དབྱང་གི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་ལྟར། གཙོ་གནད་མངོན་གསལ་དོད་པ་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག རིགས་དབྱེའི་མཛུབ་ཁྲིད། ཁུལ་དབྱེའི་སྲིད་ཇུས་ལག་བསྟར་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་། སྤྱིའི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་། ད་ལོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་མངོན་འགྱུར་ཡོང་རྒྱུར་འབད་བརྩོན་བྱེད་དགོས་ཞེས་བསྟན་ཡོད།

གྲོས་ཚོགས་ཐོག་ཧུའུ་པེ་ཞིང་ཆེན་དང་ལྷག་པར་དུ་ཝུའུ་ཧན་གྲོང་ཁྱེར་འདི་ཉིད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གལ་ཆེན་ནང་གི་འགངས་ཆེན་ལ་མུ་མཐུད་བརྩི་དགོས། ཝུའུ་ཧན་གྲོང་ཁྱེར་གྱིས་མི་སྣ་རིགས་བཞི་གང་མགྱོགས་རིགས་དབྱེ་གཅིག་སྡུད་དང་བསྡུར་ཉར་སྨན་བཅོས་བྱེད་པའམ་ཡང་ན་ལོགས་སུ་དབྱེ་དགོས་པ་དང་། ཞའོ་ཀན་དང་། ཧོང་ཀང་སོགས་ས་ཆར་ཝུའུ་ཧན་དང་གཅིག་མཚུངས་ཀྱི་ལོགས་དབྱེའི་སྐྱོབ་བཅོས་བྱ་ཐབས་བཟུང་དགོས། ཧུའུ་པེ་དང་ཝུའུ་ཧན་གྱིས་ཝུའུ་ཧན་དང་ཧུའུ་པེ་ནས་ཁ་བྲལ་སའི་བགྲོད་ལམ་དོ་དམ་ཚོད་འཛིན་སྔར་ལས་ལྷག་པ་བྱས་ཏེ། ནང་ཁུལ་དུ་འགོས་ཁྱབ་མི་འགྲོ་བ་དང་། ཕྱི་ནས་ནང་དུ་མི་འགོས་པ་བྱེད་དགོས་ཞེས་བསྟན་ཡོད།

གྲོས་ཚོགས་ཐོག་ཁག་དབྱེ་ནས་སྐྱོད་པ་སོགས་ཀྱི་བྱ་ཐབས་བཟུང་བས་ད་ལོ་ལོ་སྔོན་མ་ལྟར་གྱི་འགྲུལ་པ་ཕྱིར་ལོག་བྱེད་མང་བའི་སྣང་ཚུལ་ཐོན་མི་སྲིད། ས་གནས་ཁག་གིས་མཉམ་འགོག་མཉམ་འཛིན་མུ་མཐུད་ཡག་པོ་བྱེད་དགོས། ཞིང་ཆེན་ཁག་གིས་རང་ཞིང་ཆེན་གྱི་གྲོང་ཁྱེར་དང་རྫོང་གི་རིམས་ནད་གཞིར་བཟུང་ལུགས་མཐུན་སྒོ་ནས་རིགས་དབྱེ་བའི་འགན་འཁུར་བ་དང་། ཧེ་བག་ཡོད་པའི་གནད་འཕིགས་སྔོན་འགོག་ཚོད་འཛིན་ཐབས་ཇུས་གཏན་འབེབས་བྱེད་པ། རིམས་ནད་ལ་གཞིགས་ཏེ་ཐོན་སྐྱེད་འཚོ་བའི་གོ་རིམ་རིམ་བཞིན་སླར་གསོ་ཐུབ་པ་བྱེད་དགོས། གོ་ཆོད་སྨན་རྫས་དང་སྐྱོབ་བཅོས་ནི་རིམས་ནད་ལས་རྣམ་པར་རྒྱལ་བའི་འགག་རྩའི་ལྷུ་ཚིགས་ཤིག་ཡིན། དྲག་སྐྱེད་བྱུང་བའི་ནད་པ་དྲུག་སྟོང་ལྷག་ལ་ཕྱོགས་སྡོམ་བྱས་ཏེ་བརྟག་དཔྱད་སྨན་བཅོས་ཇུས་གཞི་འཐུས་སྒོ་ཚང་དུ་གཏོང་དགོས། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ནད་ཚབས་ཆུང་བ་རྣམས་ནད་ཚབས་ཆེ་བར་མི་འགྱུར་བ་དང་ནད་ཚབས་ལྕི་བའི་ནད་པ་སྐྱོབ་བཅོས་བྱེད་པ། ནད་ཐོག་གོ་ཆོད་སྨན་རྫས་གང་མགྱོགས་སྤྱད་དེ་དྲག་སྐྱེད་བྱུང་ཚད་མཐོ་རུ་གཏོང་བ་དང་ནད་པ་འཆི་ཚད་ཉུང་དུ་གཏོང་དགོས་ཞེས་བསྟན་ཡོད།

གྲོས་ཚོགས་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་སྒྲིག་གཞིས་མུ་མཐུད་མཐུན་སྦྱོར་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཤུགས་དང་མི་ཤུགས་འགན་སྲུང་ཡག་པོ་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག་སྔོན་འགོག་ཚོད་འཛིན་ལས་དོན་དོན་འཁྱོལ་ཡག་པོ་དང་ཚགས་ཚུད་པོ་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་ཡག་པོ་བསྒྲུབ་དགོས། འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཏིང་ཞུའེ་ཞང་དང་། ཧོང་ཁུན་མིང་། ཚའེ་ཆི། ཞའོ་ཅེ། ཀྲའོ་ཁེ་ཀྲེ་བཅས་གྲོས་ཚོགས་ལ་ཞུགས་གནང་བ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

ལི་ཁེ་ཆང་གིས་ཀྲུང་དབྱང་གི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས་པ།

སྤྱི་ཚེས་13ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་གི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ལི་ཁེ་ཆང་གིས་ཚོགས་ཆུང་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།