ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་ནན་ཧྲན་གྱི་བཀའ་མོལ་གསར་ཤོས།

2020-02-13 15:10:40     责编:nake

  资料图。新华社记者 刘大伟 摄

  

  སྤྱི་ཚེས་11ཉིན་གྱི་ཕྱི་དྲོ། ཀོང་ཏུང་སྨན་བཅོས་རུ་ཁག་གི་ཝུའུ་ཧན་དུ་ཡོད་པའི་མདུན་ཕྱོགས་ICUཚོགས་པ་དང་རྒྱབ་ཕྱོགས་ཀྱི་ཀོང་ཀྲོའུ་གསོ་རིག་སློབ་གྲྭ་ཆེན་མོའི་ཞོར་གཏོགས་སྨན་ཁང་དང་པོས་བརྙན་མཐོང་གྲོས་བསྡུར་ཚོགས་འདུ་འཚོགས། ཡོན་ཧྲེན་ཀྲུང་ནན་ཧྲན་གྱིས་བརྙན་མཐོང་བརྒྱུད། མིག་སྔའི་གནས་ཚུལ་ལ་བལྟས་ཚེ། ནད་ཡམས་ཁྱབ་ཚུལ་གྱི་དཀྱོག་མཚམས་དེ་སྔོན་དཔག་ཐུབ་ཐབས་མེད། ཡིན་ནའང་ཚད་གཞི་མཐོ་ཤོས་དེ་སྤྱི་ཟླ་2པའི་ཟླ་དཀྱིལ་དུ་ཐོན་སྲིད། ནད་ཡམས་ཀྱི་དཀྱོག་མཚམས་དེ་ཕྱིར་ལོག་འགྲུལ་པ་མང་ཤོས་སྐབས་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་ལ་རགས་ལུས་ཡོད་ཅེས་གསུངས་འདུག

  

  ཀྲུང་ནན་ཧྲན་གྱིས། མི་སུ་འདྲ་ཞིག་གིས་ཀྱང་དཀྱོག་མཚམས་དེ་སྔོན་དཔག་གནད་འཕིགས་ཤིག་བྱེད་ཐབས་མེད། ཡིན་ནའང་རྩིས་རིག་གི་དཔེ་དབྱིབས་ཁ་ཤས་ལ་དབྱེ་ཞིབ་དང་། ད་དུང་དོན་དངོས་གནས་ཚུལ་ལ་གཞིགས་ནས་བལྟས་ན། ད་ཆ་རྒྱལ་ཡོངས་སུ་ནད་དུག་དེ་འགོས་པའི་ནད་པ་གསར་པ་འཕར་བའི་མྱུར་ཚད་དེའི་གོང་དང་བསྡུར་ན་ཅུང་ཟད་འགོར་དུ་ཕྱིན་ཡོད། ལྷོ་ཕྱོགས་ས་ཁུལ་དུ་ཟླ་བ་གཉིས་པའི་ཟླ་དཀྱིལ་དུ་ནད་དེ་ཕོག་མང་ཤོས་དུས་ལ་སླེབས་པའི་ཉེན་ཁ་ཡོད་ཅེས་གསུངས་འདུག

  

  རྒྱལ་ཡོངས་སུ་འགྲུལ་པ་ཕྱིར་ལོག་བྱེད་མཁན་མང་དུ་ཕྱིན་པ་དེས་རྐྱེན་པས་ནད་དེ་འགོས་པའི་མཐོ་རླབས་འཕྱུར་སྲིད་དམ་ཞེས་དྲིས་པར། ཀྲུང་ནན་ཧྲན་གྱིས། མཐོ་རླབས་གསར་པ་འཕྱུར་བཟོ་མེད། རྒྱུ་མཚན་ནི་གུང་གསེང་རིང་དུ་བཏང་བ་དེས་ནད་དུག་ལུས་ཐོག་ཏུ་བག་ལ་ཞ་བའི་ངང་གནས་པའི་དུས་ཚོད་ཡོལ་ཚར་ཡོད། དེའི་ཐོག་གྲོང་ཁྱེར་ཁག་གིས་བདེ་ཐང་ཐད་ཀྱི་བརྟག་དཔྱད་ཚད་ལེན་ནན་པོ་བྱེད་ཀྱི་ཡོད། གལ་སྲིད་གནད་དོན་མཐོང་ཚེ་ལམ་སེང་ལོགས་དགར་འཇོག་སྲིད་ཅེས་གསུངས་འདུག

  

  ཀྲུང་ནན་ཧྲན་གྱིས། ཝུའུ་ཧན་གྱི་ཐད་ནས་བཤད་ན། ད་དུང་དུས་ཚོད་ངེས་ཅན་ཞིག་འབད་བརྩོན་བྱེད་དགོས། རྒྱུ་མཚན་ནི་ད་ཆ་ཝུའུ་ཧན་དུ་ནད་པ་གསར་པ་འཕར་བའི་ཁ་གྲངས་ཉུང་དུ་མངོན་གསལ་དོད་པོ་ཕྱིན་མེད། ཝུའུ་ཧན་གྱིས་དང་ཐོག་ནད་འགོས་པ་དང་མ་འགོས་པ་ལོགས་དགར་དབྱེ་ཐུབ་པ་བྱེད་དགོས། མི་ནས་མི་ལ་འགོས་པའི་གནད་དོན་ཝུའུ་ཧན་དུ་ད་དུང་ཐག་གཅོད་ཐུབ་མེད་ཅེས་གསུངས་འདུག

  

  ཀྲུང་ནན་ཧྲན་གྱིས། ཉེན་ཚབས་ཆེ་བའི་ནད་པ་སྨན་བཅོས་བྱ་རྒྱུར་ད་དུང་དཀའ་ཚེགས་ངེས་ཅན་ཡོད། ཏོག་གསར་གློ་ཚད་ནི་དེ་སྔའི་དམིགས་བསལ་གློ་ཚད་དང་འདྲ་པོ་མེད། སྨན་བཅོས་ཐད་ད་དུང་འཚོལ་ཞིབ་དེ་བས་མང་བ་བྱ་དགོས། ད་ལྟའི་སྨན་བཅོས་ནི་དོན་དངོས་ཐོག་རྒྱུན་སྲོལ་ལས་འདས་པའི་སྨན་བཅོས་རེད། ཏོག་གསར་གློ་ཚད་ལ་དམིགས་བསལ་གྱི་ནད་ལུགས་ཁྱད་ཆོས་ཡོད། ནད་དུག་འགོག་རྒྱུ་དང་གཉན་ཚད་འགོག་རྒྱུ་ནི་གནད་དོན་གཙོ་བོ་གཉིས་ཡིན་ཞེས་གསུངས་འདུག

  

  ཀྲུང་ནན་ཧྲན་གྱིས། སྨན་བཅོས་བྱེད་གནས་འདང་ངེས་དང་། སྨན་པ་འདང་ངེས། འགོག་སྲུང་ཡོ་བྱད་ཡག་པོ། དེ་བཞིན་ང་ཚོའི་ཆ་ཕྱོགས་ཁག་གི་འདེགས་སྐྱོར་ཡག་པོ་བྱུང་ན། ཝུའུ་ཧན་གྱི་གནད་དོན་ལེགས་བཅོས་ཅུང་མགྱོགས་པོ་ཐུབ་རྒྱུར་ཡིད་ཆེས་ཡོད། ཡིན་ནའང་ད་ཆ་དཀའ་ཁག་ཧ་ཅང་ཆེ་བའི་དུས་རིམ་ནང་གནས་ཡོད་ཅེས་གསུངས་འདུག

  

  

  

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ལྟ་སྐུལ། ཚེ་དགའ།

  ཞུ་དག མིག་དམར་རྒྱ་མཚོ།

  ཡིག་སྒྱུར། མིག་དམར་རྒྱལ་པོ།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

ཀྲུང་ནན་ཧྲན་གྱི་བཀའ་མོལ་གསར་ཤོས།

 སྤྱི་ཚེས་11ཉིན་གྱི་ཕྱི་དྲོ། ཀོང་ཏུང་སྨན་བཅོས་རུ་ཁག་གི་ཝུའུ་ཧན་དུ་ཡོད་པའི་མདུན་ཕྱོགས་ICUཚོགས་པ་དང་རྒྱབ་ཕྱོགས་ཀྱི་ཀོང་ཀྲོའུ་གསོ་རིག་སློབ་གྲྭ་ཆེན་མོའི་ཞོར་གཏོགས་སྨན་ཁང་དང་པོས་བརྙན་མཐོང་གྲོས་བསྡུར་ཚོགས་འདུ་འཚོགས། ཡོན་ཧྲེན་ཀྲུང་ནན་ཧྲན་གྱིས་བརྙན་མཐོང་བརྒྱུད། མིག་སྔའི་